ཀྲུང་གོ་བོད་ཀྱི་དྲ་བ།

མི་གང་དག་ལ་སྲིད་འཛིན་བཀག་སྐྱིལ་ཆད་པ་བཅད་མི་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

མཚོ་མོས་མི་མང་ཚོགས་ས་ཞིག་ཏུ་སྨད་འཚོང་མ་ཉོ་བའི་མགྲོན་པོ་བཙལ་བས། སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ཏེ་ཉིན5ལ་བཀག་ཉར་བྱས། ཡིན་ན་ཡང་མཚོ་མོའི་བྱིས་བཙས་ནས་ཟླ6ལ་ལོང་མ་ཐག་ཡིན་ལ་མིག་སྔར་ད་དུང་ཁོ་མོས་ནུ་མ་སྣུན་གྱིན་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་མཚོ་མོར་སྲིད་འཛིན་བཀག་ཉར་ཆད་པ་མི་གཅོད་པར་ཐག་བཅད། དེས་ན། སྤྱི་བདེ་ལས་ཁུངས་ཀྱི་ཐག་བཅད་དེ་ཁྲིམས་མཐུན་ཡིན་ནམ།

ཕྲན་དཔྱད།

རང་རྒྱལ་གྱི«སྤྱི་པའི་བདེ་འཇགས་ཆད་གཅོད་བཅའ་ཁྲིམས»ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་མིར་གཤམ་གྱི་གནས་ཚུལ་དག་ལས་གཅིག་ཡོད་ཚེ། ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཆད་པ་གཅོད་དགོས། ཡིན་ན་ཡང་སྲིད་འཛིན་བཀག་ཉར་ཆད་པ་མི་གཅོད་པར་ནང་གསེས་སུ་གཤམ་གྱི་ནང་དོན་དག་ཡོད་དེ།

1ལོ14ཡན་དང་ལོ16མན།

2.ལོ16ཡན་དང་ལོ17མན་གྱི་མི་ཐེངས་དང་པོར་བདེ་འཇགས་དོ་དམ་དང་འགལ་བ།

3.ལོ70ཡན།

4.མངལ་ཆགས་ཡོད་པའམ་ཡང་ན་རང་ཉིད་ཀྱི་ནུ་མ་སྣུན་གྱིན་པའི་བྱིས་པ་ལོ1ལ་སོན་མེད་པ་བཅས་འདུ།

གོང་གི་གྱོད་དོན་འདིར་གཞིགས་ན། མཚོ་མོས་རང་ཉིད་ཀྱི་ལོ1ལ་སོན་མེད་པའི་བྱིས་པར་ནུ་མ་སྣུན་བཞིན་ཡོད་པས། ཁྲིམས་ལྟར་ན་སྲིད་འཛིན་བཀག་ཉར་ཆད་པ་གཅོད་དགོས་མོད། འོན་ཀྱང་བཀག་ཉར་བྱ་མི་ཆོག དེ་བས་སྤྱི་བདེ་ལས་ཁུངས་ཀྱི་ཐག་བཅད་ཁྲིམས་མཐུན་ཡིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།