ཀྲུང་གོ་བོད་ཀྱི་དྲ་བ།

ཆང་གིས་བཟི་བའི་སྐྱེ་བོ་བདེ་འཇགས་དོ་དམ་དང་འགལ་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

དཔལ་འབྱོར་དང་སྐལ་བཀྲ། ཉི་མ་གསུམ་ནི་བྲག་དམར་སྡེ་བའི་འབྲོག་པ་ཡིན། ཉིན་ཞིག་ཁོ་ཚོ་གསུམ་པོ་གཉེན་སྟོན་ཞིག་ལ་ཞུགས་རྗེས་ཆང་གིས་བཟི་དྲགས་པས། ཁོ་ཚོས་རླངས་འཁོར་ཁ་ལོ་པ་ཞིག་རླངས་འཁོར་ལས་ཕྱིར་དྲུད་དེ་གང་འདོད་ཀྱིས་གཅར་རྡུང་བྱས། རླངས་འཁོར་ཁ་ལོ་པ་བྱ་ཐབས་བྲལ་ནས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས། ཉེན་རྟོག་པ་གནས་ཚུལ་བྱུང་སར་ཡོང་མ་ཐག་ཆང་འཐུང་ཚོས་ཉེན་རྟོག་པ་དང་རྡུང་རེས་བྱས་ཤིང་། ཉེན་རྟོག་པ་ཞིག་ལ་རྨས་སྐྱོན་བཟོས་པས། ཆང་འཐུང་དེ་གསུམ་པོ་སྤྱི་བདེ་མངག་གཏོང་ཁང་ལ་ཁྲིད་དེ་སྲུང་སྐྱོབ་རང་བཞིན་གྱི་ཚོད་འཛིན་བྱས། ཆང་བཟི་དྭངས་རྗེས། ཆང་འཐུང་གསུམ་པོས་ད་གཟོད་ཁོ་ཚོ་མངག་གཏོང་ཁང་ན་ཡོད་པ་ཤེས་ཤིང་། རང་ཉིད་ཀྱི་བྱ་སྤྱོད་ལ་ནོངས་འགྱོད་དྲག་པོ་སྐྱེས། སྤྱི་བདེ་ལས་ཁུངས་ནས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་ཆད་གཅོད་བྱས།

ཕྲན་དཔྱད།

«བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས»ཀྱི་དོན་ཚན15པའི་གཏན་ཁེལ་ལྟར་ན། ཆང་གིས་བཟི་བའི་མི་བདེ་འཇགས་དོ་དམ་དང་འགལ་ན་ཆད་པ་འཁུར་དགོས། ཆང་གིས་བཟི་བའི་ཁོ་ཚོར་འགན་འཁྲིའི་ནུས་པ་ཡོད་པ་དང་། བྱ་སྤྱོད་ངོས་འཛིན་དང་ཚོད་འཛིན་བྱེད་པའི་ནུས་པ་ཡོངས་སུ་ཤོར་མེད་པར་མ་ཟད། ད་དུང་བྱ་སྤྱོད་སྤེལ་མཁན་ནས་རང་ཉིད་ཆང་གིས་མ་བཟི་བའི་སྔོན་ནས་ཆང་གིས་བཟི་རྗེས་ཀྱི་བྱ་སྤྱོད་དེ་སྔོན་དཔག་བྱ་དགོས་པས། ཆང་གིས་བཟི་བ་རྒྱུ་མཚན་བྱས་ཏེ། བཅའ་ཁྲིམས་ཀྱི་ཆད་པ་མེད་པར་བཏང་ཆོག་པ་མིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།