ཁྲིམས་མཐུན་གྱིས་རྨོ་ཞིང་གཞུང་བསྡུ་བྱེད་སྟངས་ནི་ག་འདྲ་ཞིག་ཡིན།

གྱོད་དཔེ།

ཉིན་འགའི་སྔོན་དུ་ཚེ་རིང་ཡོད་སའི་རྫོང་མཁར་འདི་གཞི་རྒྱ་ཆེན་པོའི་ངང་འཛུགས་སྐྲུན་བྱེད་རྩིས་ཡོད་ཅེས་གློ་བུར་དུ་གོང་རིམ་གྱིས་ཡིག་ཆ་བསྒྲགས་བྱུང་། ཡིག་ཆའི་ནང་དོན་ལྟར་ན་འཛུགས་སྐྲུན་གྱི་ནང་རོལ་དུ་ཚུད་པའི་རྨོ་ཞིང་དག་གཞུང་བསྡུ་བྱེད་པ་དང་ཁང་བ་དག་གང་མགྱོགས་ཀྱིས་གནས་གཞན་དུ་སྤོ་དགོས་པར་བཤད་འདུག ཁ་སང་སྡེ་དཔོན་འབུམ་རྒྱལ་གྱིས་ཚེ་རིང་ལ་རྨོ་ཞིང་སྨི་གྲུ་བཞི་མ་རེ་ལ་སྒོར25རེད་ཟེར། ཚེ་རིང་གི་བསམ་པར་འབུམ་རྒྱལ་ནི་མི་རྫུན་རྐྱལ་གང་འདོད་དུ་བཤད་མཁན་ཞིག་ཡིན་པས་ཡིད་ཆེས་མ་བྱས། ཚེ་རིང་གི་ཁྱིམ་ཚང་གང་བོའི་འཚོ་རྟེན་དུ་གྱུར་པའི་རྨོ་ཞིང་མང་ཆེ་ཤོས་ཤིག་གཞུང་བསྡུ་བྱེད་པའི་གྲས་སུ་ཚུད་འདུག་པས་རང་རྒྱལ་གྱི་བཅའ་ཁྲིམས་ནང་རྨོ་ཞིང་གཞུང་བསྡུའི་སྐོར་ལ་ཇི་ལྟར་གཏན་ཁེལ་བྱས་ཡོད་དམ།

ཕྲན་དཔྱད།

«རྨོ་ཞིང་གཞུང་བསྡུ་འགྲོ་གྲོན་གྱི་སྲོལ་ཡིག»གི་དོན་ཚན5པའི་གཏན་ཁེལ་ལྟར་ན། རྨོ་ཞིང་གཞུང་བསྡུ་བྱས་པའི་འགྲོ་གྲོན་གཤམ་གསལ་ལྟར་གཏན་ཁེལ་བྱས་ཡོད།

1.མི་རེར་ཆ་སྙོམས་ཀྱིས་རྨོ་ཞིང་མུའུ1ལས་བརྒལ་བའི་ས་ཁུལ་དུ་སྨི་གྲུ་བཞི་མ་རེ་ལ་སྒོར10ནས50བར་ཡིན།

2.མི་རེར་ཆ་སྙོམས་ཀྱིས་མུའུ1བརྒལ་ལ་མུའུ2ལ་ཐོན་མེད་པའི་ས་ཁུལ་དུ་སྨི་གྲུ་བཞི་མ་རེ་ལ་སྒོར8ནས40བར་ཡིན།

3.མི་རེར་ཆ་སྙོམས་ཀྱིས་མུའུ3ལ་ཐོན་མེད་པའི་ས་ཁུལ་དུ་སྨི་གྲུ་བཞི་མ་རེ་ལ་སྒོར6ནས30བར་ཡིན།

4.མི་རེར་ཆ་སྙོམས་ཀྱིས་མུའུ3བརྒལ་བའི་ས་ཁུལ་དུ་སྨི་གྲུ་བཞི་མ་རེ་ལ་སྒོར5ནས25བར་ཡིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་ནོར་སྲིད་དང་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་མི་རེའི་ཆ་སྙོམས་ཀྱི་རྒྱ་ཁྱོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལྟར། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་ཆ་སྙོམས་འགྲོ་གྲོན་གཏན་ཁེལ་བྱ་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།