ཀྲུང་གོ་བོད་ཀྱི་དྲ་བ།

རང་ཉིད་ཀྱི་ཁང་བ་ཐོབ་ཐང་ལག་འཁྱེར་མེད་པའི་མི་ལ་གླ་གཏོང་བྱས་ན་ཁྲིམས་འགལ་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།            

སྡེ་བ་ག་གེ་མོའི་བསོད་ནམས་སྟོབས་ལྡན་གྱིས་ཁྱིམ་ཚང་གི་ཡོངས་འབབ་འཐོར་འདེགས་སུ་གཏང་ཆེད།  ལས་བཟོ་པ་འཆི་མེད་ཚེ་རིང་ལ་ཐོབ་ཐང་ལག་འཁྱེར་སོགས་དཔང་ཡིག་གང་ཡང་མེད་མོད།  གནས་ཚུལ་གང་ཡང་ཐོ་འགོད་མ་བྱས་པར།  ར་སྐོར་ནང་གི་ཁང་མིག་གཉིས་ལ་ཟླ་རེར་སྒོར200ལྟར་གླས།  ཉེན་རྟོགས་པས་ཞིབ་བཤེར་བྱས་ཏེ་འཆི་མེད་ཚེ་རིང་ལ་ཐོབ་ཐང་ལག་འཁྱེར་སོགས་དཔང་ཡིག་གང་ཡང་མེད་པར་སྡོད་དུ་བཅུག་ཡོད་པའི་གནས་ཚུལ་གསལ་བོར་རྟོགས་རྗེས།  ཁང་བདག་བསོད་ནམས་སྟོབས་ལྡན་ལ་སྤྱི་བདེ་ལས་ཁུངས་ཀྱིས«བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས»ཀྱི་དོན་ཚན་57ལྟར་སྒོར200ཡི་ཆད་པ་བཅད།

ཕྲན་དཔྱད།

«བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས»ཀྱི་དོན་ཚན57པའི་ཚན་པ1པའི་ནང་སྡོད་ཁང་གླ་གཏོང་མཁན་གྱིས་ཐོབ་ཐང་ལག་འཁྱེར་མེད་པའི་སྐྱེ་བོར་སྡོད་ཁང་གླ་གཏོང་བྱེད་པའམ་ཡང་ན་གཏན་འབེབས་ལྟར་ཁང་གླ་ལེན་མཁན་གྱི་མིང་དང་། ཐོབ་ཐང་ལག་འཁྱེར་གྱི་རིགས།  ཨང་རྟགས་བཅས་ཐོ་འགོད་མི་བྱེད་པའི་རིགས་ལ་སྒོར200ཡན་ནས་སྒོར500མན་གྱི་དངུལ་ཆད་གཅད་རྒྱུ་ཞེས་གཏན་ཁེལ་བྱས་ཡོད་པ་ལྟར།  གྱོད་དོན་འདིའི་ནང་དུ་ཁང་བདག་བསོད་ནམས་སྟོབས་ལྡན་གྱིས་འཆི་མེད་ཚེ་རིང་གི་མིང་དང་ཐོབ་ཐང་ལག་འཁྱེར་གང་ཡང་ཐོ་འགོད་བྱས་མེད་པར་ཁང་བ་གླས་ནས་སྡོད་དུ་བཅུག་ཡོད་ལ།  སྤྱིར་ཁང་བདག་ལ་དེ་དག་ཐོ་འགོད་བྱེད་པའི་འོས་འགན་ཡོད། ཁང་བདག་གིས་འཆི་མེད་ཚེ་རིང་གི་མིང་དང་ཐོབ་ཐང་ལག་འཁྱེར་སོགས་གང་ཡང་ཐོ་འགོད་བྱས་མེད་པར་སྡོད་དུ་བཅུག་ཡོད་པས།  «བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས»ཀྱི་དོན་ཚན58པའི་ཚན་པ1པའི་གཏན་ཁེལ་ལྟར་ཁྲིམས་ཆད་ཕོག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།