ཀྲུང་གོ་བོད་ཀྱི་དྲ་བ།

ཅི་ཞིག་ལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཟེར། དེའི་ཁོངས་སུ་གང་དག་འདུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲིམས་མཐུན་ཁྱོ་ཤུག་གི་རྒྱུ་ནོར་ལམ་ལུགས་ལས་གཏན་འབེབས་བྱས་པར། ཁྱོ་ཤུག་ཕྱོགས་གཉིས་ཀའམ་ཕྱོགས་གཅིག་ལ་གཉེན་སྒྲིག་གི་འབྲེལ་བའི་སྐབས་ཐོབ་པའི་ཁྲིམས་མཐུན་གྱི་ཡོང་འབབ་དེ་ནི་ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་ཡིན།  རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན17པར་ཁྱོ་གཤུག་གཉིས་གཉེན་སྒྲིག་གི་འབྲེལ་བར་གནས་སྐབས་ཐོབ་པའི་གཤམ་གསལ་གྱི་རྒྱུ་ནོར་དག་ཁྱོ་ཤུག་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ཏེ།

1.གླ་ཕོགས། བྱ་དགའི་མ་དངུལ།

2.ཐོན་སྐྱེད་དང་ལས་གཉེར་གྱི་ཁེ་ཕོགས།

3.ཤེས་བྱའི་བདག་དབང་གི་ཁེ་ཕན།

4.རྒྱུན་འཛིན་དང་སྤྲད་པ་ལས་ཐོབ་པའི་རྒྱུ་ནོར། ཡིན་ཡང་ཁ་ཆེམས་དང་སྤྲོད་པའི་གན་རྒྱའི་ཁྲོད་ཁྱོ་ཤུག་གཉིས་ལས་ཕྱོགས་གཅིག་ལ་སྤྲོད་རྒྱུ་གཏན་འབེབས་ཁ་གསལ་བྱས་ཡོད་ན་དེ་ལྟར་ཡིན།

5.གཞན་པའི་ཐུན་མོང་དུ་བཞག་ཆོག་པའི་རྒྱུ་ནོར་བཅས་གཏན་ཁེལ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།