ཀྲུང་གོ་བོད་ཀྱི་དྲ་བ།

མི་གཞན་གྱི་འཚོ་བར་བར་ཆད་བཟོས་པའི་བྱ་སྤྱོད་ལ་ཇི་ལྟར་ཆད་པ་གཅད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཚོགས་འཚོ་བར་འཛེར་སྒྲ་དང་འབག་བཙོག་བཟོ་མཁན་ལ་བཀག་འགོག་བྱེད་པར་རྒྱབ་འགལ་བྱེད་མཁན་གྱི་བྱ་སྤྱོད་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། མི་གཞན་པའི་རྒྱུན་འཛིན་གྱི་འཚོ་བར་འཛེར་སྒྲ་ཆེན་པོས་བར་ཆད་བཟོ་མཁན་ལ། ཐོག་མར་དྲན་སྐུལ་དང་ཐ་ཚིག་བསྒྲག་དགོས། དྲན་སྐུལ་བྱས་རྗེས་ད་དུང་བསྒྱུར་བཅོས་མི་བྱེད་མཁན་ལ། སྒོར200ཡི་ཡན་དང་སྒོར500མན་གྱི་ཆད་པ་གཅད་དགོས།

སྲོག་ཆགས་གསོ་སྐྱོང་བྱས་ནས་གཞན་གྱི་འཚོ་བར་བར་ཆད་བཟོ་མཁན་གྱི་བྱ་སྤྱོད་ལ། ཐོག་མར་དྲན་སྐུལ་དང་ཐ་ཚིག་བསྒྲགས་རྗེས་ད་དུང་བཅོས་བསྒྱུར་མི་བྱེད་མཁན་དང་ཡང་ན་སྲོག་ཆགས་ཀྱི་མི་གཞན་པར་འཇོགས་སྐྲག་བཏང་ཚེ། སྒོར200ཡི་ཡན་དང་སྒོར500མན་གྱི་ཆད་པ་གཅད་དགོས། སྲོག་ཆགས་ལ་བཙན་སྐུལ་བྱས་ཏེ་མི་གཞན་པར་གནོད་པ་ཕོག་ཏུ་བཅུག་ཚེ། ཉིན5ནས་ཉིན10ཡི་བཀག་ཉར་བྱ་དགོས་པར་མ་ཟད། སྒོར200ཡི་ཡན་དང་སྒོར500མན་གྱི་ཆད་པའང་གཅད་དགོས། ཉེས་པ་ཚབས་ཆེན་མིན་ཚེ། ཉིན5ལ་བཀག་ཉར་དང་ཡང་ན་སྒོར་500མན་གྱི་ཆད་པ་གཅད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།