ཀྲུང་གོ་བོད་ཀྱི་དྲ་བ།

གཉེན་སྒྲིག་ཐོ་འགོད་བྱས་མེད་པའི་བཟའ་ཟླར་ཤུལ་འཛིན་དབང་ཆ་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་གྱི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་དམངས་ཁྲིམས་ཁང་གིས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་དུ་འཚོ་བ་རོལ་བའི་གྱོད་དོན་སོགས་ཞིབ་བཤེར་སྐོར་གྱི་བསམ་འཆར་འགའ》ཞེས་པ་དང《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཉེན་སྒྲིག་ཐོ་འགོད་དོ་དམ་ཁྲིམས་སྲོལ་གསར་བ་བཀོལ་སྤྱོད་སྐོར》གྱི་བརྡ་སྤྱོར་ཞེས་པའི་གཏན་ཁེལ་གཞིར་བཟུང་ན། 1994ལོའི་ཟླ2པའི་ཚེས1ཉིན་དམངས་སྲིད་པུའུ་ཡིས་གཉེན་སྒྲིག་ཐོ་འགོད་དོ་དམ་ཁྲིམས་སྲོལ་གསར་བ་ཁྱབ་བསྒྲགས་དང་ལག་བསྟར་བྱས་རྗེས། བཟའ་ཟླ་མེད་པའི་ཕོ་མོ་རྣམས་ཀྱིས་གཉེན་སྒྲིག་ཐོ་འགོད་མ་བྱས་པར་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་དུ་འཚོ་བ་རོལ་བའི་རིགས་ཀྱི་གཉེན་སྒྲིག་གི་འབྲེལ་བ་དེ་ཁྲིམས་འགལ་མཉམ་སྡོད་འབྲེལ་བར་ཐག་གཅོད་བྱས་ཡོད་པ་རེད། 

《ཆེས་མཐོའི་མི་དམངས་ཁྲིམས་ཁང་བསམ་འཆར》གྱི་དོན་ཚན13པར་བཟའ་ཟླ་གཉིས་མཉམ་དུ་འཚོ་བ་རོལ་བའི་དུས་ཡུན་ནང་དུ་བཟའ་ཟླ་གཅིག་འདས་རྗེས་བཟའ་ཟླ་གཞན་དེས་ཤི་བོའི་ཤུལ་འཛིན་པའི་རེ་བ་བཏོན་པར། གཉེན་སྒྲིག་གི་འབྲེལ་བ་ངོས་བཟུང་ཆོག་ཚེ་ཤུལ་འཛིན་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་ཆོག  གལ་ཏེ་ཁྲིམས་དང་མི་མཐུན་པར་མཉམ་དུ་སྡོད་པ་དང་། རང་རྒྱལ་གྱི《ཤུལ་འཛིན་བཅའ་ཁྲིམས》དོན་ཚན14པའི་གཏན་དང་མཐུན་ཚེ། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གནས་ཚུལ་ལ་གཞིགས་ནས་ཐག་གཅད་ཆོག  རང་རྒྱལ་གྱི《ཤུལ་འཛིན་བཅའ་ཁྲིམས 》ཀྱི་དོན་ཚན14པའི་ནང་དུ་གཏན་ཁེལ་བྱས་པ་ལྟར་ན། རྒྱུན་སྐྱོང་བ་ཕུད་པའི་རྒྱུད་འཛིན་པ་ལ་གསོ་སྐྱོང་བྱེད་མཁན་མེད་པ་དང་འཚོ་བའི་ཡོང་སྒོ་མེད་ཚེ། རང་གི་ནུས་ཚོད་ཀྱིས་ཁོ་ཚོར་རྒྱུ་ནོར་བགོ་བཤའ་བརྒྱག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།