ཀྲུང་གོ་བོད་ཀྱི་དྲ་བ།

འདི་འདྲའི་གནས་ཚུལ་འོག་ཏུ་རླངས་འཁོར་ཁ་ལོ་པས་སྐྱིན་ཚབ་གཞལ་འགན་འཁུར་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཚེ་རིང་སྒྲོལ་མས་ལོ2ལ་སོན་མ་ཐག་པའི་རང་གི་བུ་མོ་ཁྲིད་དེ་འགྲུལ་སྐྱེལ་རླངས་འཁོར་ས་ཚིགས་སུ་རླངས་འཁོར་ལ་བསྡད་དེ་ཕ་ཡུལ་དུ་ཆས། ལམ་བར་དུ་ཁ་ལོ་པས་རླངས་འཁོར་བསྐོར་ཞོར་དང་ཁ་པར་གཏོང་ཞོར་བྱས་པས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཚེ་རིང་སྒྲོལ་མའི་བ་མོར་རྨས་སྐྱོན་ཚབས་ཆེན་ཐེབས། ཚེ་རིང་སྒྲོལ་མས་མྱུར་དུ་ཁ་ལོ་པ་བཙལ་ཏེ་འབྲེལ་ཡོད་གྲོན་དངུལ་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཁ་ལོ་པས་ཚེ་རིང་སྒྲོལ་མའི་རེ་བ་དེ་དང་ལེན་གཏན་ནས་མ་བྱས། རྒྱུ་མཚན་ནི་ཚེ་རིང་སྒྲོལ་མའི་བུ་མོའི་གཟུགས་ཀྱི་རིང་ཚད་སྨི1ལོངས་མེད་པ་དང་། ད་དུང་རིན་མེད་སྒོས་རླངས་འཁོར་དུ་བསྡད་པ་ཡིན་པས་སྐྱིན་ཚབ་གཞལ་མི་ཐུབ་ཅེས་བཤད། དེ་བས་ཚེ་རིང་སྒྲོལ་མ་ཞེ་སྤོ་གཏིང་ནས་ལངས་ཏེ་ཁ་ལོ་པ་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས།

ཕྲན་དཔྱད།

རིན་མེད་སྒོས་རླངས་འཁོར་དུ་བསྡད་པའི་འགྲུལ་བར་སྐྱེལ་འདྲེན་བྱེད་པའི་ལམ་བར་དུ་ཤི་རྨས་བྱུང་ཚེ། སྐྱེལ་འདྲེན་མཁན་གྱིས་འགན་འཁུར་དགོས་པའི་དབང་དུ་བཏང་ན། སྐྱེལ་འདྲེན་མཁན་གྱིས་སྐྱིན་ཚབ་གཞལ་བའི་འགན་འཁྲི་མེད་པར་གཏང་ཆོག་གམ་ཞེ་ན། འགན་འཁྲི་མེད་པར་གཏང་མི་ཆོག་སྟེ། རང་རྒྱལ«གན་རྒྱའི་བཅའ་ཁྲིམས»ཀྱི་གཏན་ཁེལ་ལྟར་ན། སྐྱེལ་འདྲེན་མཁན་གྱིས་སྐྱེལ་འདྲེན་བྱེད་པའི་གོ་རིམ་ཁྲོད་དུ་འགྲུལ་པའི་མི་ཤི་རྨས་ཀྱི་གྱོང་གུད་ལ་སྐྱིན་ཚབ་གཞལ་འགན་འཁུར་དགོས། ཡིན་ན་ཡང་ཤི་རྨས་ནི་འགྲུལ་པ་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་རྒྱུ་རྐྱེན་བྱས་ཏེ་བཟོས་པའམ་ཡང་ན་སྐྱེལ་འདྲེན་མཁན་གྱིས་ཤི་རྨས་ནི་འགྲུལ་པ་རང་ཉིད་ཀྱིས་བསམ་གཟས་པའམ་ལས་འཛོལ་ཚབས་ཆེན་བྱུང་དུ་བཅུག་ནས་བཟོས་པ་བདེན་དཔང་བྱ་ཐུབ་པ་ཕུད། དོན་ཚན་སྔོན་མའི་གཏན་ཁེལ་ནི་རིན་མི་ལེན་པའི་སྤ་སེ། དམིགས་བསལ་པ་སེ་འཛིན་མཁན་ནམ་ཡང་ན་སྐྱེལ་འདྲེན་མཁན་བརྒྱུད་དེ་པ་སེ་མེད་པའི་འགྲུལ་པ་རླངས་འཁོར་ལ་སྡོད་དུ་བཅུག་པའི་གཏན་ཁེལ་ལྟར་གཞིར་བཟུང་ནས་སྤྱད་པ་ཡིན། དེ་བས་གོང་གསལ་གྱི་ཚེ་རིང་སྒྲོལ་མའི་བུ་མོར་བཟོས་པའི་གྱོང་གུད་ཀྱི་སྐྱིན་ཚབ་གཞལ་འགན་འཁུར་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།