ཀྲུང་གོ་བོད་ཀྱི་དྲ་བ།

རྐུས་རྫས་བཙོང་ཚེ་ཁྲིམས་འགལ་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

2011ལོའི་ཟླ10པའི་ཚེས9ཉིན། ཉི་མ་དང་དོན་ཁོ་གཉིས་ཀྱིས་སྐྱེལ་འདྲེན་ཀུང་སི་ཞིག་ཏུ་མི་མེད་པའི་གོ་སྐབས་དང་བསྟན་ནས་ཀུང་སི་དེའི་རིན་གོང་སྒོར520ཡི900-20རྟགས་ཅན་གྱི་རླངས་འཁོར་གྱི་ཕྱི་རྐྱལ་བཅུ་བརྐུས། དགོང་མོ་དེར་ཉི་མ་དང་དོན་ཁོ་གཉིས་ཀྱིས་ཚེ་དབང་བཙལ་ནས་ཁྲིད་དེ་ཕྱི་རྐྱལ་སྦས་སྐུང་བྱས་པའི་ས་དེར་ཕྱིན། ཚེ་དབང་གིས་བལྟར་ཏེ་འཐད་པ་བྱུང་རྗེས་ཕྱི་རྐྱལ་གཅིག་ལ་སྒོར300བྱིན་རེ་ཉོས། མཚན་གུང་དུ་རྐུན་མ་ཉི་མ་དང་དོན་ཁོ་གཉིས་ཀྱིས་ཕྱི་རྐྱང་ཐམས་ཅད་ཚེ་དབང་གི་རླངས་འཁོར་ཞིག་གསོ་ས་ཚིགས་སུ་བསྐྱལ། ཚེ་དབང་གིས་མི་ཐུར་གྱིས་ཕྱི་རྐྱལ་སྟེང་གི་ཨང་རྟགས་ཞུ་རུ་བཅུག་སྟེ་མེད་པར་བཟོས་ཤིང་བཙོང་བར་གྲ་སྒྲིག་བྱས། ཕྱིས་སུ་ཁོ་གཉིས་འཛིན་བཟུང་བྱས།

ཕྲན་དཔྱད།

གྱོད་ཡ་ཚེ་དབང་གིས་ཕྱི་རྐྱལ་རྐུས་རྫས་ཡིན་པ་ཤེས་བཞིན་དུ་ཉོས་ཤིང་བཙོང་བར་གྲ་སྒྲིག་བྱས་ཏེ། དེ་ལས་ཁེ་སྤོགས་ལེན་པའི་བྱ་སྤྱོད་དེས་ཉེས་བསགས་ལས་ཐོབ་པའི་རྒྱུ་རྫས་དེ་དང་དེའི་ཁེ་སྤོགས་ལ་ཟོལ་བཅོས་དང་སྦས་སྐུང་བྱེད་པའི་ནག་ཉེས་བསགས་ཡོད།

1.གྱོད་དོན་འདིའི་གྱོད་ཡ་ཚེ་དབང་གི་ཉེས་པ་འདི་བྱེད་པ་པོ་དང་མཐུན་ཏེ་འདིའི་བྱེད་པ་པོ་ནི་སྤྱིར་བཏང་གི་བྱེད་པ་པོ་རེད། གྱོད་ཡ་ཚེ་དབང་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་ལྟར་ལོ༨༨ལོན་ཞིང་། ཉེས་དོན་འགན་ཁུར་གྱི་ནུས་པའང་ལྡན་ནོ།

2.གྱོད་དཔེ་འདིའི་གནོད་འཚེ་ཐེབས་ཡུལ་ནི་སྤྱི་ཚོགས་ཀྱི་སྒྟིག་རིམ་དོ་དམ་དང་རྒྱལ་ཁབ་ཁྲིམས་འཛིན་ལས་ཁུངས་ཀྱི་རྒྱུན་ལྡན་བྱ་འགུལ་རེད། གྱོད་ཡ་ཚེ་དབང་གི་བྱ་སྤྱོད་ཀྱིས་སྤྱི་ཚོགས་ཀྱི་དོ་དམ་སྒྲིག་རིམ་ལ་གཏོར་བརླག་བྱས་པ་མ་ཟད། རྐུན་མ་ཉི་མ་དང་དོན་ཁོ་གཉིས་ཐེར་འདོན་བྱ་རྒྱུ་ཕར་ཞོག རང་ཉིད་ཀྱིས་ཀྱང་ནག་ཉེས་བསགས་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་རྒྱུན་ལྡན་བྱ་བ་བསྒྲུབ་པར་གནོད་འཚེ་ཐེབས།

3.གྱོད་དཔེ་འདིའི་རང་ངོས་ནས་ཤེས་བཞིན་དུ་བསྒྲུབས་པའི་བྱ་སྤྱོད་ཡིན་པས། གྱོད་ཡ་ཚེ་དབང་གིས་རྐུན་རྫས་ཡིན་པ་ཤེས་བཞིན་དུ་བསམ་གཟས་ནས་ཕྱི་རྐྱལ་ཉོས་པ་རེད།

4.ཕྱི་ངོས་ནས་གྱོད་ཡ་ཚེ་དབང་གིས་རྐུས་རྫས་ཡིན་པ་ཤེས་བཞིན་དུ་ཉོས་ནས་ལྐོག་འཚོང་བྱེད་པའི་བྱ་སྤྱོད་ཡིན་པས་སོ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།