ཀྲུང་གོ་བོད་ཀྱི་དྲ་བ།

ཕ་མ་ཚེ་ལས་འདས་རྗེས་དབང་བོ་སྐྱོན་ཅན་གྱི་བྱིས་པ་སུས་གསོ་སྐྱོང་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

དབང་ཆེན་ནི་སྡེ་བ་ག་གེ་མོ་ཞིག་གི་སྡེ་མི་ཡིན་ལ། ད་ལོར་ལོ་ན17ལ་སོན་ཡོད།  ཁོར་སྤུན་བཞི་ཡོད་པ་ལས་གསུམ་གྱིས་སྔོན་ནས་གཉེན་སྒྲིག་བྱས་ཏེ་རང་རང་སར་བསྡད་ཡོད། ངོ་རང་དབང་བོ་སྐྱོན་ཅན་ཡིན་ལ་ངལ་རྩོལ་གྱི་ནུས་ཡང་མེད་པས་ད་ལྟའི་བར་དུ་རང་གི་ཨ་མ་གློ་བུར་དུ་ཚེ་ལས་འདས་སོང་བས་ཁོ་གཅིག་པུས་ཁེར་རྐྱང་ངང་འཚོ་བ་མི་རོལ་ཐབས་མེད་བྱུང་། དབང་ཆེན་གྱི་ད་ལྟའི་འཚོ་བར་མཚོན་ན་ཁོར་ངལ་རྩོལ་གྱི་ནུས་པ་མེད་པར་མ་ཟད། ཟ་འཐུང་སྐོར་གྱི་ཁྱིམ་ལས་ཙམ་ཡང་ལས་མི་ཐུབ་ལ། ཐ་ན་རྩ་ཆུ་གཏོང་བར་ཡང་དཀའ་ལས་ཆེན་པོ་ཡོད། ཁོར་ཕུ་བོ་དང་ཨ་ཅེ་ཡོད་ནའང་རྒྱུན་དུ་ཁོ་ལ་ལྟ་རུ་མི་ཡོང་ལ་བདག་བདག་སྐྱོང་ཡང་མི་བྱེད་པས་འཚོ་བའི་དཀའ་ཁག་གཅིག་ཡང་སེལ་མི་ཐུབ། ད་ལྟ་སྡེ་བའི་ནང་གི་ཨ་མ་རྒན་མོ་འགས་རྒྱུན་དུ་ཁོར་བདག་སྐྱོང་བྱེད་བཞིན་ཡོད་མོད། འོན་ཀྱང་འདི་མི་རྒྱུན་རིང་བའི་བྱ་བ་ཞིག་མིན་པས་དབང་བོ་སྐྱོན་ཅན་གྱི་མི་འདི་ཁྲིམས་ལུགས་ལྟར་ན་སུས་སྙོར་སྐྱོང་བྱ་དགོས།

ཕྲན་དཔྱད།

རང་རྒྱལ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་28པའི་གཏན་ཁེལ་ལྟར་ན། “སྙོར་སྐྱོང་ནུས་པ་ཡོད་པའི་ཕུ་བོ་དང་ཨ་ཙེ་སོགས་ལ་ཕ་མ་ཚེ་ལས་འདས་པའམ་ཕ་མར་སྙོར་སྐྱོང་གི་ནུས་པ་མེད་པའི་ནར་མ་སོན་པའི་ནུ་བོ་དང་ནུ་མོ་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད”ཅེས་བཀོད་ཡོད། ཐོག་མར་ཤེས་རྒྱུ་ཞིག་ནི་བདག་སྐྱོང་བྱ་དགོས་པའི་མི་དེ་ནར་སོན་ཡོད་མེད་དེ་ཡིན་པ་དང་། གལ་ཏེ་ནར་སོན་མེད་ན་ཁོའི་ཕུ་བོ་དང་ཨ་ཅེ་སོགས་ལ་ཁོར་རང་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད། གལ་ཏེ་ཁོ་རང་ནར་སོན་ཡོད་ན། རང་རྒྱལ་གྱི《དབང་བོ་སྐྱོན་ཅན་གྱི་ཁེ་ཕན་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན41པའི་གཏན་ཁེལ་ལྟར་ན། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་ངལ་རྩོལ་གྱི་ནུས་པ་མེད་པ་དང་ཁྲིམས་བཀོད་བདག་སྐྱོང་བྱེད་པའི་མི་མེད་པ། འཚོ་བའི་ཡོངས་ཁུངས་མེད་པའི་དབང་བོ་སྐྱོན་ཅན་གྱི་མི་ལ་གཏན་ཁེལ་ཡོད་པ་ལྟར་གསོ་སྐྱོང་བྱ་དགོས། དེ་བས་དབང་ཆེན་ལ་མཚོན་ན་ནར་མ་སོན་པའི་དབང་བོ་སྐྱོན་ཅན་གྱི་མི་ཡིན་པས་ཁོའི་ཕུ་བོ་དང་ཨ་ཅེ་སོགས་ལ་ཁོ་རང་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།