ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་གས་ཆུང་མར་མནར་གཅོད་བྱས་ན་ཆུང་མས་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

རྡོ་བཟོ་བཀྲ་ཤིས་དང་རོང་མོ་གཡང་འཛོམས་གཉིས་བཟའ་ཟླ་ཡིན། བཀྲ་ཤིས་ཀྱིས་རྟག་པར་བུད་མེད་ཀྱི་ཁ་ལ་ཉན་མི་རུང་། ཁྱི་དང་བུད་མེད་ལ་བློ་གཏད་མེད་སོགས་ངག་འཆལ་ལུང་པ་གང་བཤད་ནས། རང་གི་ཆུང་མ་ལ་དམའ་འབེབས་བྱེད་པར་མ་ཟད། ཆུང་མའི་ཟླ་ཕོགས་དང་གཏང་རག་གི་དངུལ་མ་ལུས་ཁོ་ལ་སྤྲོད་དགོས། གཞན་དུ་ན། ཉིན་ལྟར་ཟས་གཡོ་སྐོལ་དང་ཁྱིམ་ཕྱི་ནང་བྱི་དོར་གྲལ་དག་བྱ་དགོས། དཀར་ཡོལ་དང་ཇ་ཕོར་བཅག་ཚེ་ཁ་ནས་དམྱལ་བར་སྐྱེ་རྒྱུ་མ་ཟེར་ཞོར་མགོ་ལ་ཁུ་ཚུར་གཞུ་བ་དང་རྡོག་པས་བརྫིས་ཏེ་མནར་གཅོད་ཚད་མེད་གཏོང་བ་རེད། ཆུང་མ་གཡང་འཛོམས་ཀྱིས་རྒྱུ་འབྲས་ཀྱི་བློ་མིག་ཀུན་ནས་ལྡོངས་པའི་མནར་གཅོད་བསམ་ཡུལ་ལས་འདས་པ་མྱོང་དུས་ཇི་ལྟར་བྱ་དགོས།

བཅའ་ཁྲིམས་དབྱེ་ཞིབ།

ཆུང་མ་གཡང་འཛོམས་ཀྱི་ཁྱིམ་གྱི་འདྲ་མཉམ་ཐོབ་ཐང་དང་མི་གཞིའི་རྩིས་ཐང་རྡོག་རོལ་ཏུ་བཏང་བས། ཁྱོ་ག་བཀྲ་ཤིས་ཀྱི་བྱ་སྤྱོད་ཁྲིམས་དང་འགལ། གཡང་འཛོམས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་སྲུང་བར་བཀྲ་ཤིས་ཀྱི་ཕ་མ་ལ་གནས་ཚུལ་བཤད་དེ། ཕ་མ་གཉིས་ཀྱིས་བཀྲ་ཤིས་ལ་ཁ་ཏ་བསླབ་བྱ་གནང་བའི་རེ་བ་བཏོན་ཆོག གལ་ཏེ། ཁྱོ་གས་ཆུང་མ་གཅར་རྡུང་བྱས་ནས་རྐང་ལག་སོགས་བཅག་པའི་གནས་ཚུལ་བྱུང་དུས། ཆུང་མ་གཡང་འཛོམས་ཀྱིས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཁྱོ་ག་བཀྲ་ཤིས་ཀྱི་སྤྱོད་ངན་ལ་ཚོད་འཛིན་བྱ་དགོས་པའི་རེ་བ་བཏོན་ཆོག་པ་དང་། ཁྲིམས་ཁང་ལ་གཉེན་འཐོར་གྱི་རེ་བའང་བཏོན་ཆོག

བཅའ་ཁྲིམས་ཀྱི་ཤེས་བྱ།

རྩ་ཁྲིམས་ཀྱི་དོན་ཚན་ཞེ་བརྒྱད་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ལ་སྲིད་འབྱོར་རིག་གསུམ་སོགས་འཚོ་བའི་ཆ་གང་ཐད་ནས། ས་སྟེང་གི་སྐྱེས་པ་ནང་བཞིན་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་བཀས་བཅད་ཟིན་ཏོ། །

མཆན། ལུས་ཆད། ལུས་ཀྱི་ཡན་ལག་གི་ཆད་པ་སྟེ། ལངས་པ་དང་ཙོག་པུར་འདུག་པ། ལག་ཟུང་གྱེན་དུ་ཕྱོགས་པ། པུས་མོ་སར་འཛུགས་པ་དང་། ལག་མཐིལ་ལ་དབྱུག་པས་གཞུ་བ་སོགས་ཏེ། དེ་ལ་མིང་ཞིག་བཏགས་པར་ལུས་ཆད(体罚/corporal punishment)ཟེར།

རྩོམ་ཁུངས། རྔ་བའི་གསར་འགྱུར་དྲ་བ།

རྩོམ་སྒྲིག་པ། : གསང་བདག་རྒྱལ།