ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་སའི་སྟེང་རང་དགར་ཁང་པ་ལས་ན་ཁྲིམས་འགལ་རེད་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་འབུལ་བྱས་པའི་བོད་ཀྱི་ས་ཆའི་ཐོན་ཁུངས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ཉེས་དོན་གཏུག་བཤེར་དང་ཞོར་དུ་དམངས་དོན་སྤྱི་ཕན་ཞུ་གཏུག་གི་གྱོད་གཞི་ཐོག་མ་དེ་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ཁྲིམས་རར་འཚོགས་ནས་ཞིབ་གཅོད་བྱས་འདུག

ཞིབ་དཔྱད་བྱས་པ་བརྒྱུད། 2018ལོར་ཞུ་སྦྱོར་ཕྱི་མ་ལྷ་ཆེ་གེ་མོས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་མེད་པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྦྱར་གཞི་གྲོང་ཚོའི་ཚོགས་ཆུང5པའི་ས་ཞིང་ཁྲིམས་འགལ་ངང་བཟུང་ནས་རང་དགར་སྒོ་ར་རང་འགྲིག་གི་ཁང་པ9ལས་པ་རེད། ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུའུ་ཡིས་ཐིག་ཚད་བླངས་རྗེས། སྐྲུན་དངོས་དེ་དག་གིས་རྨོ་ཞིང་གི་རྒྱ་ཁྱོན་སྨི་ངོས་གྲུ12872.83དང་རང་བྱུང་རྩྭ་རའི་རྒྱ་ཁྱོན་སྨི་ངོས་གྲུ16061.28བཟུང་བ་གཏན་འཁེལ་བྱས་འདུག

2019ལོའི་ཟླ11ཚེས22ཉིན། གྱོད་གཞི་འདི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་གཏུག་བཤེར་དང་ཞོར་དུ་དམངས་དོན་སྤྱི་ཕན་ཞུ་གཏུག་བརྒྱབ་འདུག

ཁྲིམས་རར་འདྲི་གཅོད་བྱེད་སྐབས། གཞུང་ཕྱོགས་དང་སྤྱི་ཕན་ཞུ་གཏུག་གི་ཁྲིམས་སྦྱོར་བས་ཁྲིམས་ལྟར་ལྷ་ཆེ་གེ་མོས་ས་ཞིང་བར་ཚོང་བརྒྱབ་པ་དང་། ཁྲིམས་འགལ་ངང་ཞིང་ས་བཟུང་བ། སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོས་པ་བཅས་ཀྱི་ཉེས་པ་བསགས་པའི་ཞུ་གཏུག་བྱས་པ་དང་སྦྲགས། འབྲེལ་ཡོད་དཔང་རྟགས་བཏོན་ནས་ར་སྤྲོད་བྱས་པ་རེད། ཞུ་སྦྱོར་ཕྱི་མ་ལྷ་ཆེ་གེ་མོས་ཞིབ་དཔྱོད་ལས་ཁུངས་ཀྱིས་བཏོན་པའི་ཉེས་གསོག་དོན་དངོས་དང་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བར་ངོས་ལེན་ཞུས་པར་མ་ཟད། ཁྲིམས་རར་ཡོད་པའི་སྤྱི་དམངས་ལ་དགོངས་དག་ཞུས་པ་རེད།

གྱོད་གཞི་དེ་དུས་བཀག་བཟོས་ནས་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ།

གྱོད་གཞི་འདིའི་སྤྱི་ཕན་ཞུ་གཏུག་ཁྲིམས་སྦྱོར་བ་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ་བྱམས་པ་སྒྲོན་མས། རྨོ་ཞིང་ནི་རང་རྒྱལ་གྱི་ཆེས་རྩ་ཆེ་ཤོས་ཀྱི་ཐོན་ཁུངས་ཤིག་རེད་ལ། འབྲུ་རིགས་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་དང་ཡང་འབྲེལ་བ་ཡོད་པས། ཉེས་དོན་གཏུག་བཤེར་དང་ཞོར་དུ་དམངས་དོན་སྤྱི་ཕན་ཞུ་གཏུག་བྱས་པ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་སྒྲུབ་པའི་སྤྱི་ཕན་གྱི་འོས་འགན་ཞིག་རེད། གོམ་སྟབས་རྗེས་མར། ངེད་ཞིབ་དཔྱོད་ཁང་གིས་སྣོད་བཅུད་སྲུང་སྐྱོང་ལ་ཞབས་འདེགས་མུ་མཐུད་ཞུ་རྒྱུ་དང་གཞུང་ཁོངས་ས་ཆའི་ཐོན་ཁུངས་ལ་སྲུང་སྐྱོང་། སྤྱི་ཕན་ཞུ་གཏུག་དེ་ཞིབ་དཔྱོད་ལས་དོན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ། སྔོ་ལྗང་གི་རི་ཆུ་དང་གནམ་སྔོ་ས་གཙང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད། །


ཡོང་ཁུངས། ཁྲིམས་གསལ་མེ་ལོང་། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།