ཀྲུང་གོ་བོད་ཀྱི་དྲ་བ།

འགྲིམ་འགྲུལ་གྲོན་དངུལ་གྱི་ཚད་གཞི་ཇི་ལྟར་གཏན་ཁེལ་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ལྕགས་བྱམས་དང་བན་དེ་གཉིས་ཀྱིས་བྱ་བ་ཙག་ཙིག་ཅིག་བརྩན་དེ་རྩོད་གླིང་བྱུང་བས་ལྕགས་བྱམས་ཀྱིས་བན་དེ་ལག་གཅར་རྡུང་དྲག་པོ་བྱས་ནས་སྨན་ཁང་དུ་བསྐྱལ། བན་དེ་ཡིས་སྨན་ཁང་དུ་སྨན་བཅོས་བྱེད་པའི་སྐབས་སུ། གྲོགས་པོ་གཉེན་ཉེ་གང་མང་ཞིག་ལ་བརྡ་བཏང་ནས་རང་ཉིད་ལ་འཚམས་འདྲི་བྱ་རུ་ཡོང་དུ་བཅུག་པར་མ་ཟད་དེ་ཚོའི་འགྲིམ་འགྲུལ་གྲོན་དངུལ་གྱི་འགྲོ་སོང་ཡང་བན་དེ་ཡིས་བྱིན། བན་དེ་སྨན་ཁང་ལས་བུད་རྗེས། ལྕགས་བྱམས་ལ་འགྲིམ་འགྲུལ་གྲོན་དངུལ་དེ་དག་སྟེར་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ལྕགས་བྱམས་ཀྱིས་འགྲིམ་འགྲུལ་གྲོན་དངུལ་དེ་དག་སྨན་བཅོས་བྱས་པའི་ཐད་ལ་འབྲེལ་བ་སྤུ་ཙམ་མེད་པར་བསམ་སྟེ་འགྲིམ་འགྲུལ་གྲོན་དངུལ་སྟེར་རྒྱུར་ཡིད་འཐད་མ་བྱུང་། དེ་བས་ལྕགས་བྱམས་དང་བན་དེ་གཉིས་ཀྱི་བར་དུ་འགྲིམ་འགྲུལ་གྲོན་དངུལ་དེ་དག་རྐྱེན་བྱས་ནས་ཡང་བསྐྱར་རྩོད་གླིང་བྱུང་།

ཕྲན་དཔྱད།

འགྲིམ་འགྲུལ་གྲོན་དངུལ་ཞེས་པ་ནི་དོན་རྐྱེན་ཁྲོད་ཀྱི་གནོད་འཚེ་ཐེབས་མཁན་དང་དགོས་ངེས་ཀྱི་ནད་གཡོག་མི་སྣའི་སྨན་བཅོས། དབང་བོ་སྐྱོན་ཅན་གྱི་མཁོ་ཆས་བཀོད་སྒྲིག་གམ་ཡང་ན་དོན་རྐྱེན་སོགས་ཐག་གཅོད་བྱེད་པའི་ཡུལ་དངོས་སུ་ཞུགས་ནས་དངོས་ཡོད་བྱ་འགུལ་ཁྲོད་ངེས་པར་མཁོ་བའི་རླངས་འཁོར་དང་གྲུ་གཟིངས་ཀྱི་གྲོན་དངུལ་དེ་ལ་ཟེར། རང་རྒྱལ་གྱི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་ལུས་ལ་གནོད་འཚེ་བཟོས་ནས་སྐྱིན་ཚབ་འདྲི་བཅོད་བྱེད་པའི་གྱོད་དོན་གྱིབཅའ་ཁྲིམས་གནད་དོན་འགའི་འགྲེལ་བཤད་སྤྱད་འཐུས》ཀྱི་གན་ཁེལ་ལྟར་ན། འགྲིམ་འགྲུལ་གྲོན་དངུལ་ནི་གནོད་འཚེ་ཐེབས་མཁན་ནམ་གཞན་དགོས་ངེས་ཀྱིནད་གཡོག་མི་སྣའི་སྨན་བཅོས་དང་སྨན་ཁང་བརྗེ་སྤོར་བྱས་ཏེ་སྨན་བཅོས་བྱས་པའི་དངོས་ཡོས་ཀྱི་འགྲོ་སོང་བཏང་བའི་གྲོན་དངུལ་དེ་བརྩི་དགོས་པ་ཡིན། འགྲིམ་འགྲུལ་གྲོན་དངུལ་གྱི་འཛིན་བྱང་ནི་འཛིན་ཡིག་དངོས་དེ་ཚད་གཞི་རུ་འཛིན་དགོས་ཤིང་། དེ་དང་འབྲེལ་ཡོད་ཀྱི་དཔང་ཡིག་སྨན་བཅོས་བྱས་པའི་ས་གནས། དུས་ཚོད། མི་གྲངས་དང་ཁ་གྲངས་བཅས་འོས་འཚམ་ཡིན་དགོས། འདི་རུ་མཇམ་འཇོག་བྱ་དགོས་ས་ཞིག་ཡོད་པ་ནི། གནོད་འཚེ་ཐེབས་མཁན་གྱིས་རང་འགུལ་གྱིས་འགྲིམ་འགྲུལ་ལ་གྲོན་དངུལ་བསླངས་པ་ཡིན། གམ་བར་དུ་འགྲོ་སོང་བཏང་བའི་འགྲིམ་འགྲུལ་གྲོན་དངུལ་གྱི་འཛིན་ཡིག་དངོས་མ་མཁོ་སྤྲོད་བྱ་དགོས། འཛིན་ཡིག་དངོས་མ་ནི་ཁྲལ་དོན་འཛིན་ཡིག་དངོས་མ་དེ་རྐྱང་རྐྱང་མ་ཡིན་པར། རླངས་འཁོར་པ་སེ། མེ་འཁོར་པ་སེ། གྲུ་གཟིངས་པ་སེ། གླ་གཏོང་རླངས་འཁོར་པ་སེ་སོགས་འཛིན་ཡིག་དངོས་མ་རུ་བརྩི་ཆོག་པ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།