གྱོད་དཔེ།
རྣམ་རྒྱལ་གྱིས་ཚོང་ར་ཞིག་ཏུ་དྲོད་བཟོ་འཕྲུལ་ཆས་ཤིག་ཉོས་ཏེ་ཁྱིམ་དུ་ཁྱེར་ཡོང་ནས་བཀོལ་སྤྱོད་བྱེད་པའི་སྐབས་སུ། རྒྱུ་སྤུས་ལ་གནད་དོན་བྱུང་སྟེ་དྲོད་བཟོ་འཕྲུལ་ཆས་ཀྱི་གློག་སྒོ་འབྱེད་སའི་བར་ནས་གློ་བུར་དུ་མེ་ལངས་ཏེ་ཁྱིམ་གྱི་ཅ་ལག་དག་མེ་སྐྱོན་ཆེན་པོར་ཤོར། སྟབས་ལེགས་པ་ཞིག་ལ་རྣམ་རྒྱལ་དུས་ལྟར་ཁྱིམ་ནས་སྒོར་འགྲོ་ཐུབ་བ་བྱུང་། ཡིན་ཡང་རྣམ་རྒྱལ་ལ་དཔལ་འབྱོར་གྱི་ཕྱོགས་ནས་གྱོང་གུད་ཚབས་ཆེན་བཟོས། ཚོང་ར་དེ་གའི་སྒོ་སྔ་མོ་ནས་བརྒྱབ་ཟིན་པས་རྣམ་རྒྱལ་གྱིས་ཐད་ཀར་དྲོད་བཟོ་འཕྲུལ་ཆས་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་བཙལ་ནས་སོང་སྟེ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་དྲོད་བཟོ་འཕྲུལ་ཆས་ཀྱི་བཟོ་གྲྭ་དེ་གས་རྣམ་རྒྱལ་ལ་ཁྱོད་ཀྱིས་ངེད་བཟོ་གྲྭ་ལས་ཐད་ཀར་དྲོད་བཟོ་འཕྲུལ་ཆས་ཉོས་པ་མིན་པས་ཕྱིར་འཚོང་བྱེད་མཁན་དེ་བཙལ་ནས་འགན་འཁུར་དུ་འཇུག་པ་ལས་ངེད་བཟོ་གྲྭས་སྐྱིན་ཚབ་མི་གཞལ་ཟེར།
ཕྲན་དཔྱད།
རང་རྒྱལ་གྱི《ཁེ་དབང་གནོད་འཚེ་བཏང་བའི་འགན་འཁྲིའི་བཅའ་ཁྲིམས》ཀྱི་གཏན་འཁེལ་ལྟར་ན། “ཐོན་རྫས་ལ་ཆག་གྲུབ་ཤོར་ཏེ་གཞན་ལ་གྱོང་གུད་བཟོས་ཚེ། ཐོན་སྐྱེད་བྱེད་མཁན་གྱིས་ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲི་འཁུར་དགོས”ཞེས་བཀོད་ཡོད། འདི་ནི་བཅའ་ཁྲིམས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱིས་ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁུར་པའི་འགན་དཀྲིའི་རྩ་དོན་གཏན་ཁེལ་བྱས་པ་དང་། ཐོན་རྫས་འགན་འཁྲི་ཡི་རྩ་དོན་ནི་ཐོན་རྫས་འགན་འཁྲིའི་ཁོངས་གཏོགས་གཏན་ཁེལ་བྱེད་པའི་ཚད་གཞི་ཞིག་སྟེ། དེ་ནི་བྱ་སྤྱོད་མིས་ཐོན་རྫས་ལ་འགན་འཁུར་དགོས་པའི་གཞི་འཛིན་ས། ཚད་ལྡན་དང་རྒྱུ་མཚན་ཡིན།
གོང་གི་གྱོད་དཔེ་འདིའི་ནང་དུ། གལ་ཏེ་མེ་སྐྱོན་དེ་ནི་དྲོད་བཟོ་འཕྲུལ་ཆས་ཀྱི་རྒྱུ་སྤུས་གནད་དོན་རྐྱེན་བྱས་ནས་བྱུང་བ་ཡིན་ཚེ། དྲོད་བཟོ་འཕྲུལ་ཆས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་དེ་གས་སྐྱིན་ཚབ་གཞལ་འགན་འཁུར་དགོས་པ་ལས་ཕྱིར་འཚོང་བྱེད་མཁན་ལ་འགན་དཀྲི་མི་ཆོག
རྩོམ་སྒྲིག་པ། ཀླུ་མོ་མཚོ།
འདི་འདྲའི་གནས་ཚུལ་འོག་ཏུ་ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲི་སུས་འཁུར་དགོས།