ཀྲུང་གོ་བོད་ཀྱི་དྲ་བ།

འདི་ལྟར་ཁེ་དབང་ལ་གནོད་འཚེ་བཏང་ཆོག་གམ

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཉིན་འགའི་སྔོན་དུ། བཀྲ་ཤིས་ཀྱིས་རང་ཁྱིམ་དུ་རྐུན་མ་འཛུལ་བ་ཤེས་རྗེས་མགྱོགས་མྱུར་ངང་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུས། བཀྲ་ཤིས་ཀྱི་སེམས་སུ་རྐུན་མ་དེ་ནི་རང་སྡེ་གཅིག་པའི་ཚེ་རིང་ཡིན་པར་དོགས་པ་སྐྱེས། རྗེས་སུ་ས་གནས་མངག་གཏོང་ཁང་གིས་ཚེ་རིང་ལ་འབོད་བརྡ་བཏང་ནས་བརྟག་དཔྱད་བྱས་མཐར་རྐུན་མ་ཚེ་རིང་མིན་པ་གསལ་ཐག་བཅད།

ཕྲན་དཔྱད།

བྱ་སྤྱོད་མིས་མི་གཞན་པའི་མཚན་འཛིན་དབང་ཆར་གནོད་འཚེ་བཏང་བ་ཡིན་ན། གཤམ་གྱི་ནང་དོན་ལྟར་གཏན་ཁེལ་བྱ་དགོས།

བྱ་སྤྱོད་མིས་དམིགས་བཙུགས་མི་ཡི་མཚན་འཛིན་དབང་ཆ་གནོད་འཚེ་བཏང་བའི་དོན་དངོས་ནི། རང་ངོས་ནས་ནོར་འཆུག་བྱུང་ཡོད་ལ་དོན་དངོས་སུ་ཚུལ་དང་མི་མཐུན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་མངོན་ཡོད་ཅིང་། བྱ་སྤྱོད་མིའི་བྱ་སྤྱོད་དེ་བཅའ་ཁྲིམས་ཀྱིས་དམིགས་བཙུགས་མིའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་གཏན་ཁེལ་དང་འགལ་ཡོད་དུས། བྱ་སྤྱོད་མིས་དེ་མཐུན་གྱི་འགན་འཁུར་དགོས། བྱ་སྤྱོད་མིས་དམིགས་བཙུགས་མིར་བརྙས་བཅོས་དང་སྐུར་འདེབས་བྱས་པའི་ཁར་སྤྱི་ཚོགས་སྟེང་དུ་ཤེས་སུ་བཅུག་པ་དང་། མང་ཚོགས་རྣམས་ཀྱི་དམིགས་བཙུགས་མིའི་གདེང་འཇོག་ལ་ཤུགས་རྐྱེན་ཐེབས་སུ་བཅུག་པ། བྱ་སྤྱོད་མིའི་ཁྲིམས་འགལ་གྱི་བྱ་སྤྱོད་ཀྱིས་དམིགས་བཙུགས་མིའི་མཚན་འཛིན་དབང་ཆའི་ཐད་ལ་གྱོང་གུད་ངཟོས་པའི་མཇུག་འབྲས་ཡོད་པ་བཅས་ཡིན།

གྱོད་དོན་འདིའི་ནང་དུ། བཀྲ་ཤིས་ཀྱིས་ཁྲོམ་བསྒྲགས་བྱེད་ཐབས་སྤྱད་དེ་མི་མང་ཚོགས་ས་ནས་ཡིག་ཐོག་གམ་ཡང་ན་ངག་ཐོག་གི་རྣམ་པས་ཚེ་རིང་ལ་བརྙས་བཅོས་དང་སྐུར་འདེབས་ཀྱི་བྱ་སྤྱོད་སྤེལ་མེད། བཀྲ་ཤིས་ཀྱིས་སྤྱི་བདེ་ལས་ཁུངས་ལ་སྐྱོན་འདོན་ཞུ་གཏུག་བྱས་པ་ནི་བཅའ་ཁྲིམས་ཀྱིས་གནང་བའི་དབང་ཆ་ཞིག་དང་། ཉེས་འདོན་དང་གྱོད་གཏུག་གི་མིང་ཁྱེར་ནས་དོན་དངོས་རྫུན་བཟོ་དང་འཁྱོག་བཤད། ད་དུང་ཚེ་རིང་ལ་བརྙས་བཅོས་དང་སྐུར་འདེབས་ཀྱི་བྱ་སྤྱོད་སྤེལ་མེད་ཅེས་ཟེར། གནོད་འཚེ་ཕོག་མཁན་གྱི་མི་ལུས་དང་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བའི་ནག་ཉེས་དངོས་སམ་ཡང་ན་དོགས་ཡོད་ཉེས་ཅན་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ཚེ། སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་དུ་གྱོད་དོན་སྙན་སེང་ཞུ་བའམ་ཡང་ན་གྱོད་གཏུག་བྱེད་པའི་དབང་ཆ་ཡོད། དེ་ནི་སྤྱི་དམངས་ཀྱིས་ཁེ་དབང་སྤྱོད་སྟངས་ཤིག་ཡིན་པ་ལས་མཚན་འཛིན་དབང་ཆར་གནོད་འཚེ་བཏང་བའི་བྱ་སྤྱོད་ཅིག་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།