ཀྲུང་གོ་བོད་ཀྱི་དྲ་བ།

རང་འདོད་ཀྱིས་གཞིས་ཁུལ་དོ་དམ་གྲོན་དངུལ་ཇེ་མཐོར་བཏང་ན་ཁྲིམས་འགལ་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ང་བསྡད་ཡོད་སའི་གཞིས་ཁུལ་ཁང་བདག་ཨུ་ཡོན་ལྷན་ཚོགས་ཀྱིས་ཁང་བདག་རྣམས་ཀྱི་བསམ་འཆར་བསྡུ་ལེན་མ་བྱས་པར་མ་ཟད། ཁང་བདག་ཚོགས་འདུའི་དབང་སྤྲོད་ཀྱང་མ་བརྒྱུད་པར་རང་འདོད་ཀྱིས་གཞིས་ཁུལ་ཀུང་སིར་གཞིས་ཁུལ་དོ་དམ་གྲོན་དངུལ་ཇེ་མཐོར་གཏོང་བའི་གྲོས་མཐུན་གན་རྒྱ་བཞག ཁང་བདག་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྱང་མྱུར་དུ་ཁང་བདག་རྣམས་བཙལ་ཏེ་གཞིས་ཁུལ་དོ་དམ་གྲོན་དངུལ་ཇེ་མཐོར་གཏོང་བའི་རེའུ་མིག་གི་ཁ་སྐོང་དུ་བཅུག འདིར་འདྲི་རྒྱུ་ཞིག་ནི་ཁང་བདག་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་སྤྱོད་དེ་ཁྲིམས་དང་མཐུན་ནམ།

ཕྲན་དཔྱད།

གཞིས་ཁུལ་གྲོན་དངུལ་གྱི་མང་ཉུང་ནི་ཁང་བདག་རྣམས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་པའི་དོན་དག་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་པོའི་བདག་དབང་བཅའ་ཁྲིམས》ཀྱི་དོན་ཚན76པའི་གཏན་ཁེལ་ལྟར་ན། “རང་ཁ་ནར་དབང་བའི་ཆ་ཤས་ཀྱིསབཟོ་སྐྲུན་དངོས་པོའི་སྤྱིའི་རྒྱ་ཁྱོན་གྱི་ཕྱེད་ཀ་ལས་བརྒལ་བའི་ཁང་བདག་དང་སྤྱིའི་མི་གྲངས་ཀྱི་ཕྱེད་ཀའི་ཡན་གྱི་ཁང་བདག་གི་ཡིད་འཐད་བརྒྱུད་དགོས”ཞེས་བཀོད་ཡོད། ཁང་བདག་ཨུ་ཡོན་ལྷན་ཚོགས་ཀྱིས་རང་འདོད་ཀྱིས་གཞིས་ཁུལ་དོ་དམ་གྲོན་དངུལ་ཇེ་མཐོར་བཏང་བའི་གན་རྒྱ་བཞག་པའི་བྱ་སྤྱོད་དེ་ཁྲིམས་དང་མི་མཐུན། བཅའ་ཁྲིམས་འདིའི་དོན་ཚན78པའི་དོན་ཚན2པའི་གཏན་ཁེལ་ལྟར་ན། “ཁང་བདག་གི་ཚོགས་འདུའམ་ཡང་ན་ཁང་བདག་ཨུ་ཡོན་ལྷན་ཚོགས་ཀྱིས་གཏན་ཁེལ་བྱས་པའི་དོན་ཚན་གྱིས་ཁང་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཚེ། ཁང་བདག་གིས་མི་དམངས་ཁྲིམས་ཁང་ལ་གཏན་ཁེལ་དེ་དག་ཕྱིར་འཐེན་བྱ་དགོས་པའི་རེ་ཞུ་བཏོན་ཆོག”ཅེས་བཀོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།