ཀྲུང་གོ་བོད་ཀྱི་དྲ་བ།

ངལ་རྩོལ་པར་ལས་ཀའི་གོ་རིམ་ཁྲོད་དུ་དོན་རྐྱེན་བྱུང་ནས་གནོད་འཚེ་ཐེབས་ན་སུས་འགན་འཁུར་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཚེ་རིང་ནི་ཁང་བརྩེགས་བསྐྲུན་སའི་ལས་ཀ་བ་དཀྱུས་མ་ཞིག་ཡིན། ཉིན་ཞིག་ད་སོ་མར་འཛུགས་སྐྲུན་བྱེད་ཀྱིན་པའི་ཁང་པའི་ཀླད་ནས་ལྕགས་དབྱུག་ཐུང་ངུ་ཞིག་ལྷུང་སྟེ་སྟབས་མ་ལེགས་པར་ཚེ་རིང་གི་མགོ་ལ་ཕོག ཚེ་རིང་གིས་མགོར་གྱོན་ཡོད་པའི་ཉེན་འགོག་ཞྭ་མོའང་ཚལ་བར་བཏང་འདུག་ལ་མགོ་ནས་ཁྲག་དམར་ཆིལ་ཆིལ་དུ་ཐོན། དེ་ནས་ལས་གྲོགས་འགས་ཁོ་སྨན་ཁང་དུ་བསྐྱལ་རྩིས་བྱས་མོད། འོན་ཀྱང་ཁོ་ཚོས་ལག་ཏུ་སྨན་ཡོན་སྤྲོད་རྒྱུའི་དངུལ་འདང་ངེས་ཤིག་མེད་པས་བྱ་ཐབས་ཟད། དེ་ནས་ཁོ་ཚེས་ལས་ཀའི་མགོ་བར་གནས་ཚུལ་དེ་བཤད་པ་ན་མགོ་བས་སྨན་ཡོན་སྤྲོད་རྒྱུའི་ཚུགས་ཀ་ཙམ་ཡང་མ་བསྟན་པས། ཁོ་ཚོས་ས་གནས་ཁྲིམས་ཁང་ལ་གཏུག་བཤེར་བྱ་རྒྱུའི་གྲ་སྒྲིག་བྱས།

ཕྲན་དཔྱད།

ངལ་རྩོལ་པར་ལས་ཀའི་གོ་རིམ་ཁྲོད་དུ་དོན་རྐྱེན་བྱུང་ནས་གནོད་འཚེ་ཐེབས་ན། སྐབས་ཐོག་ཏུ་གྲོས་མཐུན་ཡི་གེ་བཞག་ཡོད་པའི་སྨན་བཅོས་སྡེ་ཁག་ཏུ་སོང་ནས་སྨན་བཅོས་བྱ་དགོས་ལ། གནས་ཚུལ་ཚབས་ཆེན་ཡིན་ན་ཐོན་མར་ཉེ་འགྲམ་གྱི་སྨན་བཅོས་སྡེ་ཁག་ཏུ་སོང་ནས་མྱུར་སྐྱོབ་སྨན་བཅོས་བྱ་ཆོག དེ་དང་མཉམ་དུ་ས་གནས་ཀྱི་ངལ་རྩོལ་འགན་ལེན་སྲིད་འཛིན་སྡེ་ཁག་ལ་ལས་རྨས་ངོས་འཛིན་བྱེད་པའི་སྙན་ཞུ་དབུལ་དགོས། གལ་ཏེ་ངལ་རྩོལ་པས་དུས་ཡུན་རིང་བོར་སོལ་གཏེར་དང་རྡོ་གཏེར་སོགས་དུག་ལྡན་ལས་ཀ་གཉེར་བ་ལས་ལུས་ཕུང་མི་བདེ་བའི་ཚོར་བ་ཡོད་ཚེ། ངེས་པར་ས་གནས་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་ཁོངས་སུ་གཏོགས་པའི་ལས་རིགས་ནད་ཡམས་སྔོན་འགོག་གསོ་བཅོས་ཁང་དུ་སོང་ནས་སྨན་བཅོས་བྱ་དགོས། ལས་རིགས་ནད་ཡམས་ཡིན་པ་གཏན་འཁེལ་བྱས་རྗེས་ངལ་རྩོལ་འགན་ལེན་སྲིད་འཛིན་སྡེ་ཁག་གིས་ལས་རྨས་ངོས་འཛིན་བྱས་པའི་མཇུག་འབྲས་ཁས་ལེན་མི་བྱེད་ཚེ། ལས་རྨས་ཀྱི་ངོས་འཛིན་ཡི་གེ་འབྱོར་བའི་ཉིན15ནང་ས་གནས་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱ་དགོས།

ལས་རྨས་ཡིན་པ་ངོས་འཛིན་བྱས་རྗེས། ལས་རྨས་ཡིན་པའི་ངོས་འཛིན་ཡི་གེ་ཁྱེར་ནས་ས་གནས་ཀྱི་ངལ་རྩོལ་ནུས་པ་གསལ་འབྱེད་ཨུ་ཡོན་ལྷན་ཚོགས་ལ་ལས་རྨས་ཀྱི་ཚད་རིམ་གསལ་འབྱེད་བྱེད་པར་སྙན་ཞུ་དབུལ་དགོས། ལས་རྨས་ངོས་འཛིན་ཡི་གེ་དང་ལས་རྨས་ཚད་རིམ་གསལ་འབྱེད་བྱས་པའི་ཡི་གེ་བླངས་རྗེས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་དང་ངལ་རྩོལ་འགན་ལེན་སྡེ་ཁག་གི་ལས་རྨས་ཉེན་འགོག་ལས་སྒྲུབ་སྡེ་ཁག་ནས་ལས་རྨས་ཉེན་འགོག་གི་ཐོབ་ཐང་ལེན་དགོས། གལ་ཏེ་རང་ཉིན་སྡོད་པའི་ལས་ཁུངས་དེ་ལས་རྨས་ཉེན་འགོག་ལ་ཞུགས་མེད་ན། ལས་རྨས་ཉེན་འགོག་གི་སྒོར་མོ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ལས་རྨས་ཉེན་འགོག་ལ་ཞུགས་ཡོད་ཚེ་ལས་རྨས་ཉེན་འགོག་གི་དངུལ་རྩའི་ཁྲོད་ནས་ཚད་གཞི་ལྟར་ལས་རྨས་ཀྱི་སྐྱིན་ཚབ་གཞལ་དགོས། དེ་བས་ཚེ་རིང་གི་གྲོགས་པོ་ཚོར་ས་གནས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པའི་དབང་ཆ་ཡོད་པས་རྒྱལ་ཁའང་འཐོབ་སྲིད་པ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།