ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་མཐུན་མིན་པའི་སྒོ་ནས་སྒོར་མོ་བདག་བཟུང་བྱས་ཚེ་ཇི་ལྟར་ཁྲིམས་ཐག་གཅད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

 རྡོ་རྗེས་སྒྲོལ་མས་ཕར་ལས་གྲོགས་ཚེ་རིང་མཚོ་མོར་སྒོར་ཁྲི1བསྐྱིས་ཤིང་། ཚེ་རིང་མཚོ་མོས་རྡོ་རྗེ་སྒྲོལ་མར་ལོ་མགོར་སྒོར་ཁྲི1དེ་ཕྱིར་སྤྲོད་རྒྱུའི་ཁས་བླངས་ཡོད་མོད། འོན་ཀྱང་ཚེ་རིང་མཚོ་མོ་ལས་གནས་སྤར་རྗེས་རྡོ་རྗེ་སྒྲོལ་མས་འབྲེལ་བ་ཐེངས་གཅིག་ཀྱང་བྱ་མ་ཐུབ། རྗེས་སུ་རྡོ་རྗེས་སྒྲོལ་མས་ཤེས་གསལ་ལྟར་ན། ཚེ་རིང་མཚོ་མོས་ལས་གྲོགས་གཞན་འགའ་ལའང་སྒོར་ཁྲི1ཡན་བསྐྱིས་ཡོད་པ་ཤེས་བྱུང་། རྡོ་རྗེ་སྒྲོལ་མའི་ལག་ཏུ་སྒོར་བསྐྱི་མཁན་དག་གི་ཐོབ་ཐང་འཛིན་བྱང་བསྐྱར་དཔར་བརྒྱབ་པའི་མ་ཡིག་ཡོད་སྟབས་མོའི་སེམས་སུ་རང་ཉིད་ཀྱིས་སྒོར་དེ་དག་ཕྱིར་ལེན་ཐུབ་པར་ཐུབ་པར་སྙམ། འདིར་འདྲི་རྒྱུ་ཞིག་ནི་རྡོ་རྗེ་སྒྲོལ་མས་ད་ལྟ་ཇི་ལྟར་བྱ་དགོས།

ཕྲན་དཔྱད།

འདི་འདྲའི་གནས་ཚུལ་དང་འཕྲད་ཚེ་རྡོ་རྗེ་སྒྲོལ་མས་མྱུར་དུ་གྱོད་དོན་སྙན་སེང་ཞུ་དགོས། གར་སོང་ཆ་མེད་དུ་གྱུར་པའི་ལས་གྲོགས་དེས་ཕལ་ཆེར་མགོ་སྐོར་གཡོ་ལེན་བྱས་པའི་ནག་ཉེས་གསག་ཡོད། རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན266པའི་གཏན་ཁེལ་ལྟར་ན། “གཞུང་སྒེར་གྱི་རྒྱུ་རྫས་འབོར་ཆེན་གཡོ་ལེན་བྱས་ཚེ། ལོ3མན་གྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ་དང་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་དགོས་ཤིང་། གྲངས་ཀ་འབོར་ཆེན་ནམ་གཞན་པའི་དམིགས་བསལ་གྱི་གསན་ཚུལ་ཚབས་ཆེན་ཡོད་ཚེ། ལོ3ཡན་ནས་ལོ10མན་བར་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅད་དགོས་པར་མ་ཟད་དངུལ་ཆད་ཀྱང་གཅད་ཀྱང་གཅད་དགོས། གྲངས་ཀ་འབོར་ཆེན་ནམ་ཡང་གཞན་པའི་དམིགས་བསལ་གྱི་གནས་ཚུལ་ཚབས་ཆེན་ཡོད་ཚེ། ལོ10ཡན་གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅད་དགོས་པར་མ་ཟད་དངུལ་ཆད་གཅོད་པ་དང་རྒྱུ་ནོར་གཞུང་བཞེས་བྱེད་པའི་ཉེས་ཆད་གཅད་དགོས”ཞེས་བཀོད་ཡོད། བཅའ་ཁྲིམས་འདི་ལས་གཏན་ཁེལ་གཞན་ཡོད་ན་དེ་ལྟར་དུ་ཐག་གཅོད་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།