གླ་ཡུན་མ་ཐོན་པར། ཕྱོགས་གཅིག་གིས་གན་རྒྱ་ཕྱིར་འཐེན་བྱེད་སྐབས་ཁང་གླ་ཇི་ལྟར་བརྩི་དགོས།

དྲི་བ། སྐུ་ཁམས་བཟང་། ང་ནི་སློབ་མ་ཞིག་ཡིན། རྒྱུ་རྐྱེན་ཁ་ཤས་ཀྱི་དབང་གིས་ང་དང་ངེད་འཛིན་གྲྭའི་སློབ་གྲོགས་སྐྱེས་པ་གཉིས་དང་མཉམ་དུ་ཕྱི་རོལ་དུ་ཁང་པ་ཆ་གཅིག་གླས་ཡོད། ང་ཚོས་ཁྱོན་བསྡོམས་ཟླ4ཡི་གླ་དངུལ་སྒོར1200སྤྲད་པ་ཡིན། དེའི་ཁར་གཏའ་དངུལ་སྒོར200བསྣན་པར་མ་ཟད་གན་རྒྱ་ཡང་བྲིས། འོན་ཀྱང་ད་ལྟ་སློབ་གྲྭས་ཕྱི་ནས་ཁང་པ་གླ་རུ་མི་འཇུག་པས། ང་ཚོས་ཁང་བདག་བཙལ་ནས་སྒོར་མོ་འགའ་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན། འོན་ཀྱང་ཁོང་གིས་སྒོར1400ཡི་ནང་ནས་སྒོར700ཕྱིར་སློག་རྒྱུར་མོས་མཐུན་བྱས་ཡོད། ཁྱོད་ཀྱིས་བསམ་ན་ལུགས་མཐུན་ཡིན་ནམ། ང་ཚོར་རོགས་རམ་གནང་རོགས།

དྲིས་ལན། གཙོ་བོ་ཁང་པའི་གླ་ཡུན་གྱི་གླ་ཡོན་ཕྱིར་བསློགས་རྒྱུའི་སྐོར་གྱི་གན་རྒྱ་ལ་བལྟ་དགོས། སྤྱིར་བཏང་དུ་ཁང་གླ་སྤྲད་རྗེས་གླ་ཡུན་མ་ཐོན་པར་ཕྱིར་བུད་ན་ཁང་གླ་ཕྱིར་མི་སློག་པ་ཡིན།  །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།