ཀྲུང་གོ་བོད་ཀྱི་དྲ་བ།

གྲོས་མཐུན་ལག་ཏུ་མ་བསྟར་ན་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

རྡོ་རྗེ་ཡིས་ཀླུ་བྱམས་ལ་སྒོར་ཁྲི12ཆད་ཅིང་། རྗེས་སུ་ཁྲིམས་ཁང་གིས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ་རྡོ་རྗེ་དང་ཀླུ་བྱམས་གཉིས་ཀྱིས་རང་ས་ནས་འདུམ་སྒྲིག་བྱས་ཏེ་རྡོ་རྗེ་བྱས་ཏེ་རྡོ་རྗེ་ཡིས་སྟེར་དགོས་པའི་སྐྱེད་ཀ་དེ་དག་མེད་པར་བཟོས། ཡིན་ན་ཡང་ལག་བསྟར་བྱེད་པའི་དུས་ཡུན་ཡོལ་རྗེས་རྡོ་རྗེ་ཡིས་ཀླུ་བྱམས་ལ་སྒོར་སྐྱིན་སྐར་གང་ཡང་མ་བྱིན།  དེས་ན་ཀླུ་བྱམས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ལ་ཇི་ལྟར་སྲུང་སྐྱོང་བྱས་ན་འགྲིག་གམ།

ཕྲན་དཔྱད།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཞུ་གཏུག་བཅའ་ཁྲིམས》ཀྱི་དོན་ཚན230པའི་ཚན་པ2པའི་གཏན་ཁེལ་ལྟར་ན། “ལག་བསྟར་སྙན་ཞུ་འབུལ་མཁན་ལ་ཁ་བསླུས་དང་བཙན་སྐུལ་ཕོག་ནས་ལག་བསྟར་བྱ་ཡུལ་དང་འདུམ་བྱས་ནས་གྲོས་མཐུན་བཞག་པའམ་ཡང་ན་དོ་བདག་པས་བར་འདུམ་བྱུང་བའི་གྲོས་མཐུན་ལྟར་ལག་ཏུ་མ་བསྟར་ཚེ། མི་དམངས་ཁྲིམས་ཁང་གིས་དོ་བདག་པའི་སྙན་ཞུ་གཞིར་བཟུང་ནས་ཐོག་མའི་ཁྲིམས་ནུས་ཐོན་བཅའ་ཁྲིམས་ཡི་གེ་སླར་ཡང་ལག་ཏུ་བསྟར་ཆོག”ཆེས་བཀོད་ཡོད། དེ་བས་དོ་བདག་པ་ཕན་ཚུན་ཕྱོགས་གཉིས་ཀས་ལག་བསྟར་རམ་བར་འདུམ་གྲོས་མཐུན་བཞག་རྗེས། ལག་བསྟར་བྱ་ཡུལ་གྱིས་འོས་མཐུན་གྱི་འོས་འགན་ལག་ཏུ་མ་བསྟར་བའི་གནས་ཚུལ་འོག་ཏུ། ཁེ་དབང་མིས་མི་དམངས་ཁྲིམས་ཁང་ལ་ཐོན་མའི་ཁྲིམས་ནུས་ཐོན་པའི་བཅའ་ཁྲིམས་ཡི་གེ་ལག་ཏུ་བསྟར་དགོས་པའི་སྙན་ཞུ་དབུལ་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།