ཀྲུང་གོ་བོད་ཀྱི་དྲ་བ།

སྒྲིག་ཆས་བཙོངས་པའི་རིན་དངུལ་དུས་ལྟར་མ་སྤྲད་ཚེ་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཛམ་ལྷ་ཀུང་སིས་བཟོ་སྐྲུན་ཀུང་སི་ཞིག་ལ་རིན་གོང་སྒོར་ཁྲི25ཡིན་པའི་སྒྲིག་ཆས་ཤིག་བཙོངས་པ་དང་། ཀུང་སི་གཉིས་ཀས་བཞག་པའི་གན་རྒྱའི་ཁ་ཆད་དུ་དུས་བགོས་ལྟར་དངུལ་སྤྲོད་རྒྱུའི་ཐག་གཅོད་བྱས་ཤིང་། 2015ལོའི་ཟླ12པའི་ཟླ་མཇུག་ཏུ་བཟོ་སྐྲུན་ཀུང་སི་དེ་གས་ཛམ་ལྷག་ཀུང་སིར་ཐེངས་གཉིས་པའི་དུས་བགོས་རིན་དངུལ་སྒོར་ཁྲི6སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་ད་རག་བར་དུ་སྒོར་མོ་དེད་ཀྱང་འབྲས་བུ་ཅི་ཡང་མ་བྱུང་། དེས་ན་འདི་འདྲའི་གནས་ཚུལ་འོག་ཏུ་ཛམ་ལྷག་ཀུང་སིས་ཇི་ལྟར་བྱས་ན་འགྲིག

ཕྲན་དཔྱད།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན167པའི་གཏན་ཁེལ་ལྟར་ན། “ཉོ་མཁན་གྱིས་དུས་བགོས་དངུལ་སྤྲོད་ཀྱི་རིན་སྒོར་དུས་ལྟར་མ་སྤྲད་པའི་དངུལ་གྲངས་ནི་རིན་པ་དེའི་ཡོངས་ཀྱི་ལྔ་ཆའི་གཅིག་ལ་བསླེབ་ཚེ། འཚོང་མཁན་གྱི་ཉོ་མཁན་ལ་རིན་དངུལ་ཆ་ཚང་སྤྲོད་དགོས་པའམ་ཡང་ན་གན་རྒྱ་གྲོལ་རྒྱུའི་རེ་བ་གདོན་ཆོག འཚོང་མཁན་གྱིས་གན་རྒྱ་གྲོལ་ཚེ། ཉོ་མཁན་ལ་དམིགས་རྫས་ཀྱི་བཀོལ་སྤྱོད་གྲོན་དངུལ་སྟེར་དགོས་པའི་རེ་བ་གདོན་ཆོག”ཅེས་བཀོད་ཡོད། ཛམ་ལྷ་ཀུང་སིས་བཤད་པ་གཞིར་བཟུང་ན། བཟོ་སྐྲུན་ཀུང་སིའི་རིན་དངུལ་སྒོར་ཁྲི6ཆད་པ་ནི་སྤྱིའི་རིན་གོང་ནི་ལྔ་ཆའི་གཅིག་ལས་བརྒལ་འདུག་ཟེར། དེ་བས་ཛམ་ལྷ་ཀུང་སི་དེ་གར་རིན་དངུལ་ཡོད་ཚད་སྤྲོད་དགོས་པའི་རེ་བ་གདོན་ཆོག་པར་མ་ཟད། མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་གན་རྒྱ་གྲོལ་དགོས་པའི་རེ་བའང་གདོན་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།