དགོན་པའི་རྒྱུ་རྫས་རྩ་ཆེན་རྐུ་མཁན་ལ་ཁྲིམས་ཆད་ག་འདྲ་གཅད་དགོས།

གྱོད་དཔེ།

2013ལོའི་ཟླ3པའི་ཚེས10ཉིན་གྱི་ཞོགས་པར་ང་རང་དུས་རྒྱུན་དང་འདྲ་བར་སྔ་མོ་ནས་ལངས་ཏེ་དགོན་པའི་འདུ་ཁང་དུ་སོང་། འདུ་ཁང་གི་སྒོ་ཁར་ཐོན་དུས་དེ་ཡི་ཟྭ་བཅགས་ཡོད་པ་མཐོང་ཞིང་དེ་མ་ཐག་དོན་ངན་བྱུང་བ་ཤེས་ནས་མགྱོགས་མྱུར་གྱིས་འདུ་ཁང་ནང་དུ་སོང་ནས་བལྟས་པ་ན་ལྷ་སྐུ་དང་ཐང་ག་རྩ་ཆེན། ད་དུང་སྐུ་གདུང་སྟེང་གི་བྱུ་རུ་ལ་སོགས་པའི་རིན་པོ་ཆེ་མང་བོ་ཞིག་བརྐུས་སོང་བ་ཤེས། ཕྱིས་སུ་ང་ཚོས་དོན་དེ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་ནས་བརྐུས་རྫས་ཀྱི་རིན་གོང་བསྡོམས་རྩིས་བྱས་པ་ན་ཕལ་ཆེར་སྒོར100000བསླེབས་འདུག ད་ལོའི་ཟླ11པར་ཉེན་རྟོག་པས་ས་ཆ་གཞན་ནས་རྐུན་མ5འཛིན་བཟུང་བྱས་པའི་ནང་ང་ཚོའི་དགོན་པར་བརྐུས་བྱེད་མཁན་གྱི་མི་སྣ2ཡོད་ཟེར། དེས་ན་མི་དམངས་ཁྲིམས་ཁང་གིས་རྐུན་མ་ཚོར་ཁྲིམས་ཆད་གང་འདྲ་གཅད་དགོས།

ཕྲན་དཔྱད།

རྐུན་མ་དེ་དག་གི་བྱ་སྤྱོད་དེས་ཐུན་མོང་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་བས་རྐུས་ཁྱེར་གྱི་ནག་ཉེས་སུ་གྲུབ་ཡོད་པས་ཉེས་འགན་འཁུར་དགོས། རང་རྒྱལ་གྱི་《ཉེས་ཁྲིམས》ཀྱི་དོན་ཚན246པའི་གཏན་ཁེལ་ལྟར་ན། གཞུང་སྒེར་གྱི་རྒྱུ་ནོར་ཅུང་འབོར་ཆེན་ནམ་ཐེངས་མང་རྐུས་ཁྱེར་བྱས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་དང་ཞོར་དུ་དངུལ་ཆད་གཅོད་རྒྱུ་དང་། རྒྱུ་ནོར་འབོར་ཆེན་རྐུས་ཁྱེར་བྱས་པར་དུས་བཀག་བཙོན་འཇུག་ལོ3ནས་ལོ10བར་གྱི་ཉེས་ཆད་གཅོད་པར་མ་ཟད། དངུལ་ཆད་ཀྱང་གཅད་དགོས། རྒྱུ་ནོར་འབོར་ཆེན་རྐུས་ཁྱེར་བྱས་པར་དུས་བཀག་བཙོན་འཇུག་ལོ10འམ་ཚེ་བཙོན་གྱི་ཉེས་ཆད་གཅོད་པར་མ་ཟད་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་གཅད་དགོས། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་པར་མ་ཟད་རྒྱུ་ནོར་གཞུང་བཞེས་བྱ་དགོས།

1.དངུལ་ཁང་ངམ་གཞན་པའི་དངུལ་ལོར་སྡེ་ཁག་ནས་རྒྱུ་ནོར་འབོར་ཆེན་རྐུས་ཁྱེར་བྱས་པ།

2.རིག་དངོས་རྩ་ཆེན་རྐུས་ཁྱེར་བྱས་པའི་ནག་ཉེས་ཚབས་ཆེན་རིགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན117པའི་ནང་དུ་གཏན་ཁེལ་བྱས་པ་ལྟར་ན། རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་རྫས་སམ་མི་གཞན་པའི་རྒྱུ་རྫས་བཙན་བཟུང་བྱས་པ་རྣམས་ཕྱིར་བསློག་དགོས། རྐུས་ཁྱེར་བྱས་པའི་རྐྱེན་གྱིས་གནོད་འཚེ་ཕོག་མཁན་ལ་གྱོང་གུད་གཞན་དག་ཐེབས་ཚེ་དེ་དག་གི་སྐྱིན་ཚབ་ཀྱང་སྤྲོད་དགོས། ‘

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།