ཀྲུང་གོ་བོད་ཀྱི་དྲ་བ།

རླངས་འཁོར་འཇོག་ས་ནས་རླངས་འཁོར་བོར་ན་དོ་དམ་མི་སྣས་སྐྱིན་ཚབ་གཞལ་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

2007ལོའི་ཟླ8པའི་ཚེས14ཉིན། ཟླ་ཁོ་དང་གཞིས་ཁུལ་དོ་དམ་དང་ཀུང་སི་ཆེ་གེ་མོ་གཉིས་ཀྱི་བར་དུ། ཟླ་ཁོའི་སིང་ཐ་ན་རྟགས་ཅན་གྱི་རླངས་འཁོར་ཀུང་སི་དེའི་རླངས་འཁོར་འཇོག་སར་ཟླ་བ་གསུམ་གྱི་རིང་ལ་བཞག་པ་དང་། བཞག་གླ་སྒོར600སྟེར་དགོས་པའི་སྐོར་གྱི་གན་རྒྱ་ཞིག་བཞག2009ལོའི་ཟླ9བའི་ཚེས11ཉིན། ཟླ་ཁོའི་རླངས་འཁོར་བརྐུས་སོང་བས། ཟླ་ཁོས་མི་དམངས་ཁྲིམས་ཁང་དུ་རང་གི་རླངས་འཁོར་ཐད་ཀྱི་གྱོང་གུད་དེ་རླངས་འཁོར་གྱི་རིན་གོང་དང་། རླངས་འཁོར་ཉོ་དུས་བྱིན་པའི་ཁྲལ་དངུལ། ཉེན་འགོག་འགན་ལེན་ཐད་ཀྱི་དངུལ་སོགས་གྱོང་གུད་ཡོངས་ཁ་གསབ་བྱ་དགོས་པའི་རེ་བ་བཏོན། གཞིས་ཁུལ་དོ་དམ་ཀུང་སིས་ཁོ་གཉིས་བར་བཞག་པའི་གན་རྒྱ་ནི་ཞབས་ཞུ་སྐོར་གྱི་གན་རྒྱ་ལས་ཉར་ཚགས་བྱ་རྒྱུའི་གན་རྒྱ་མིན་པས་རླངས་འཁོར་གྱི་ཞབས་ཞུ་ལས་བརྐུས་སོང་བའི་ཐད་འགན་ཅི་ཡང་མི་འཁུར་ཞེས་བཤད།

ཕྲན་དཔྱད།

གྱོད་གཞི་འདིའི་རྩོད་གཞི་གཙོ་བོ་ནི་ཕན་ཚུན་བར་བཞག་པའི་གན་རྒྱ་དེ་ཞབས་ཞུ་སྐོར་གྱི་གན་རྒྱ་ཡིན་ནམ་ཡང་ན་ཉར་ཚགས་བྱ་རྒྱུའི་སྐོར་གྱི་གན་རྒྱ་ཡིན་པར་རག་ལས་ཡོད་དེ། གལ་ཏེ། ཉར་ཚགས་བྱ་རྒྱུའི་སྐོར་གྱི་གན་རྒྱ་ཡིན་ཚེ། གན་རྒྱའི་བཅའ་ཁྲིམས་ལྟར་ན། ཉར་ཚགས་བྱ་རྒྱུའི་སྐོར་གྱི་གན་རྒྱ་ཞེས་པ་ནི་ཉར་ཚགས་བྱེད་མཁན་གྱིས་མངག་བཅོལ་མཁན་གྱི་དངོས་པོར་དོ་དམ་བཟང་བོ་བྱ་དགོས་པར་མ་ཟད། དངོས་ཟོག་དེའི་རིགས་ཕྱིར་སྤྲོད་པའི་གན་རྒྱར་གོ་བས། རླངས་འཁོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད། གྱོད་གཞི་འདིའི་ཁྲོད་ཟླ་ཁོས་རླངས་འཁོར་དོ་དམ་ཐད་ཀྱི་དངུལ་སྤྲད་ཡོད་ཅིང་། གཞིས་ཁུལ་དོ་དམ་ཀུང་སི་བར་བཞག་པའི་གན་རྒྱ་དེ་རིན་དོད་ཡོད་པའི་ཉར་ཚགས་བྱེད་པའི་སྐོར་གྱི་གན་རྒྱ་ཡིན་ཏེ། གཞིས་ཁུལ་དོ་དམ་ཀུང་སིས་དོ་དམ་ཡག་པོ་བྱས་པར་བརྐུས་སོང་བས། གན་རྒྱའི་བཅའ་ཁྲིམས་ཀྱི་དོན་ཚན374པར། “ཉར་ཚགས་བྱེད་པའི་དུས་ཡུན་ནང་ཉར་ཚགས་མཁན་གྱིས་ཉར་ཚགས་ཡག་པོ་མ་བྱས་པའི་རྐྱེན་གྱིས་ཉར་དངོས་ལ་ཆག་སྐྱོན་བྱུང་བ་དང་བོར་བརླག་བྱུང་ན། ཉར་ཚགས་བྱེད་མཁན་གྱིས་གྱོད་གུད་གསབ་འགན་འཁུར་དགོས”ཞེས་པའི་གཏན་འབེབས་ལྟར་ན། གཞིས་ཁུལ་དོ་དམ་ཀུང་སིས་རླངས་འཁོར་གྱི་གྱོད་གུད་གསབ་སྤྲོད་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།