ཀྲུང་གོ་བོད་ཀྱི་དྲ་བ།

ཉེས་འགན་འཁུར་བའི་ལོ་ཚད་ག་ཚོད་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

བཙུན་ཐར་ཚེ་རིང་ནི1999ལོའི་ཟླ12པའི་ཚེས3ཉིན། ཤར་ལུང་ཤང་གཡུ་ལུང་སྡེ་བ་རུ་སྐྱེས་ཤིང་། ད་ལྟ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་ཡིན། 2020ལོའི་ཟླ10པའི་ཚེས༡ཉིན། ཁོ་དང་སློབ་གྲོགས་གསུམ་རྒྱ་སྲང་དུ་སོང་སྟེ་དྲ་ཁང་ཞིག་ཏུ་གློག་ཀླད་རོལ་རྩེད་གཡེང་བའི་སྐབས་སུ་དྲ་ཁང་གི་སྦྱིན་བདག་དང་ཁོ་ཚོའི་བར་དུ་རྩོད་པ་བྱུང་སྟེ་ཁ་འཛིང་བྱས། སྦྱིན་བདག་དེ་ཞེ་སྤོ་གཏིང་ནས་ལངས་ཏེ་བཙུན་ཐར་ཚེ་རིང་ལ་འགྲམ་ལྕག་ཅིག་གཞུས་པ་དང་། ཁོ་ངུ་འབོད་དང་བཅས་དྲ་ཁང་གི་ཕྱི་རོལ་ལ་རྒྱུག་སོང་། ཁྱིམ་མཚེས་ཚོང་ཁང་གི་ཚོང་པ་རྒད་པོ་དེ་དྲ་ཁང་དུ་ཐོན་པ་ན། སྦྱིན་བདག་དེའི་མགོ་རུ་ཁྲག་དམར་ལྷོག་ལྷོག་ཏུ་བཞུར་གྱིན་ཡོད་པས་ཁོ་ཚོས་མྱུར་དུ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ཡང་མྱུར་སྐྱོབ་མ་ཐུབ་པར་ཚེ་སྲོག་ཤོར། དེས་ནས་བུ་ཆུང་ལོ་14ལ་མ་སོན་པའི་བྱིས་པ་ཞིག་གིས་མི་བསད་ཚེ་བཅའ་ཁྲིམས་ཀྱིས་གཏན་ཁེལ་གང་དག་བྱས་ཡོད།

ཕྲན་དཔྱད།

ལོ་ཆུང་འདི་ལྟ་བའི་མི་བསད་ཚེ་ཁྲིམས་ཁང་གིས་ཅི་ལྟར་ཐག་གཅོད་བྱ་དགོས་ཤེ་ན། མི་ཞིག་ལ་ལོ་ཚད་ག་ཚོད་ཅི་ཙམ་དུ་ཐོན་རྗེས་སུ་གཞི་ནས་རང་གི་ཉེས་སྤྱོད་བསགས་པར་འགན་འཁྲི་འཁུར་དགོས་པ་དེར་ཉེས་ཁྲིམས་ནང་དུ་གཏན་འབེབས་བྱས་ཚུལ་ནི།

1.རང་ལོ16ལ་སོན་པའི་མིས་ནག་ཉེས་བཟོས་ན་ཉེས་འགན་འཁུར་དགོས།

2.རང་ལོ16ལ་སོན་ཡང18ལ་སོན་མེད་པའི་མིས་མི་བསད་པ་དང་གཞན་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ། འཕྲོག་བཅོམ་བྱས་པ། མེ་བཏང་བ། བརྐུ་བྱས་པ་དང་ཡང་ན་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་ཆེན་པོ་བཏང་བའི་ཉེས་པ་གཞན་དག་བསགས་ཡོད་ཚེ་ཉེས་འགན་འཁུར་དགོས།

3.རང་ལོ14ལ་སོན་པ་ལས18ལ་མ་སོན་པའི་མིས་ཉེས་པ་བསགས་ཚེ། དེར་ཉེས་ཆད་ཡང་མོ་གཅོད་པའམ་ཡང་ན་ནག་ཉེས་ཇེ་ཡང་དུ་བཏང་ཆོག

4.རང་ལོ16ལས་སོན་མེད་པའི་རྐྱེན་གྱིས་ཉེས་ཆད་མ་བཅད་ཚེ། དེའི་ཕ་མ་སྤྲད་ནས་སློབ་གསོ་ནན་མོ་བྱེད་དུ་འཇུག་པའམ་ཡང་ན་དགོས་མཁོ་ཡོད་ཕྱིན་སྲིད་གཞུང་གིས་ལྟ་རྟོག་བྱས་ཏེ་སློབ་སྦྱོང་བྱས་ན་ཡང་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།