ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡར་གྱི་རྒྱུ་ནོར་བུ་སྐལ་གྱིས་ཤུལ་འཛིན་བྱ་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

བདག་ནི་འདས་པོ་དངོས་གྲུབ་ཚང་གི་བུ་སྐལ་ཞིག་སྟེ། མིང་ལ་བསྟན་འཛིན་ཞེས་འབོད། ངོ་མ་བཤད་ན་ཨ་ཕ་དངོས་གྲུབ་ལ་མཚོན་ན་གསོན་བཞུགས་གནང་བའི་དུས་ལ་ཁོའི་ཤ་ཉེ་ཡི་ཁྲོད་ན་ཇ་ཕོར་བ་གང་ཡང་ལྡུད་མཁན་མེད་ལ་ད་ལྟ་ཕྱི་མའི་ཡུལ་དུ་གཤེགས་པ་ནས་བཟུང་བུ་རབས་ཚ་རྒྱུད་ཀྱི་འདབ་ལག་རྒྱས་ཤིང་ཁོ་ལ་ཤ་ཉེ་ཉེ་དང་རུས་དུངས་དུངས་བྱེད་མཁན་མང་བོ་བྱུང་། གཙོ་བོ་བདག་གི་མ་ཡར་ལགས་ལན་པ་ཡིན་ཏེ། ཁོ་མོས་རང་གི་ཁྱོ་ག་འདས་རྗེས་རྒྱུ་ནོར་རྣམས་བདག་ལ་ཤུལ་འཚིན་བྱེད་དུ་འཇུག་མི་འདོད་པར་ཁོ་མོའི་ཕྱོགས་ཀྱི་བུ་རབས་ཚ་རྒྱུད་ལ་ཤུལ་འཛིན་བྱ་རུ་འཇུག་འདོད་ན་རེད།

ཕྲན་དཔྱད།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུལ་འཛིན་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན་ཤུལ་འཛིན་དབང་ཆ་ཡོད་པའི་ཁྲིམས་བཀོད་ཤུལ་འཛིན་པ་ལ་གོ་རིམ་གཉིས་སུ་དབྱེ་ཡོད་དེ། གོ་རིམ་དང་པོ་ནི་བཟའ་ཟླ། བུ་ཕྲུག ཕ་མ་གསུམ་ཡིན་ལ། གོ་རིམ་གཉིས་པ་ནི་གཅེན་གཅུང་དང་མིང་སྲིང་། ཨ་མྱེས་དང་ཨ་ཕྱི། སྤོ་བོ་དང་རྨོ་མོ་བཅས་ཡིན་ནོ། ། ཁྱོད་ཚང་ལ་མཚོན་ན། ཁྱོད་ཀྱི་ཕ་ཡར་དང་ཁྱོད་གཉིས་གོ་རིམ་དང་པོའི་གྲས་སུ་གཏོགས་ཤིང་། རང་རྒྱལ་གྱི《ཤུལ་འཛིན་བཅའ་ཁྲིམས》ལས་བཟའ་ཟླ་ནི་ཤུལ་འཛིན་དང་པོ་ཡིན་ལ། ཁྱིམ་ཚང་གི་ཤུལ་འཛིན་མི་སྣ་འདས་པོའི་བཟའ་ཟླ་དང་བུ་ཕྲུག་རྣམས་ལ་འདྲ་མཉམ་དུ་བགོ་དགོས་པས། ཁྱོད་ལ་མཚོན་ན་འདས་པོ་དངོས་གྲུབ་ཀྱི་བུ་སྐལ་ཡིན་ཡང་ཁྲིམས་བཀོད་ཤུལ་འཛིན་ལས་རང་གི་བུ་ཕྲུག་ལྟར་ཤུལ་འཛིན་དབང་ཆ་སྤྱད་ཆོག གལ་ཏེ་ཁྱོད་ཚང་ལ་བུ་ཕྲུག་ཁྱོད་ཁོ་ན་མེད་ཚེ། ཁྱོད་ཀྱིས་ཕ་ཡར་གྱིས་བསགས་པའི་རྒྱུ་ནོར་ལས་བརྒྱ་ཆའི་ལྔ་བཅུ་མ་ཡར་དང་ཁྱོད་གཉིས་ཀྱིས་འདྲ་མཉམ་གྱིས་བགོ་ཆོག་ལ། ཁྱོད་ལ་བརྒྱ་ཆའི་ཉེར་ལྔ་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད། ཡང་ཅིག་བཤད་ན་ཁྱོད་ཀྱི་ཤུལ་འཛིན་དབང་ཆ་དང་ལེན་མ་བྱས་པའམ་ཡང་ན་ཕ་མ་གཉིས་ཀ་ཚེ་ལས་འདས་ཏེ་ཁྱོད་གཅིག་པུ་ལས་ཤུལ་འཛིན་བྱེད་མཁན་མེད་ཚེ་ཨ་ཕའི་ཤུལ་བཞག་གི་རྒྱུ་ནོར་ཐམས་ཅད་ཁྱོད་ཁོ་ནས་ཤུལ་འཛིན་བྱ་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།