ཀྲུང་གོ་བོད་ཀྱི་དྲ་བ།

དོ་བདག་པར་གན་རྒྱ་བཞག་རྗེས་སྡོད་གནས་སྒྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ན་ཇི་ལྟར་བྱ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

2004ལོའི་ཟླ1པར་འཛུགས་སྐྲུན་ཀུང་སི་ཀ་བ་དང་དངུལ་ཁང་ཁ་བ་གཉིས་ཀྱིས་དུས་ཡུན་ལོ3ཡིན་པའི་དངུལ་བུན་བྱེ་བ་གཅིག་ཙམ་གཏོང་ལེན་བྱ་རྒྱུའི་ཐད་ཀྱི་གན་རྒྱ་ཞིག་བཞག 2006ལོའི་ཟླ4པར། ཀུང་སི་ཀ་བ་དེ་ཀུང་སི་ག་བ་དང་ང་བ་གཉིས་སུ་གྱེས་ལ། རྣམ་པ་ཡང་ཚད་ཡོད་ཀུང་སི་ཞིག་ཏུ་བསྒྱུར་ནས་སྔོན་གྱི་འཛུགས་སྐྲུན་ཀུང་སི་ཀ་བ་མེད་པར་བཟོས། 2007ལོའི་ཟླ1པར་དངུལ་བུན་གྱི་སྐྱིན་ཚབ་གསབ་པའི་དུས་ཆད་དུ་ཐོན་དུས། ཀུང་སི་ག་བ་དང་ང་བ་གཉིས་ཀྱིས་དངུལ་བུན་གཏོང་ལེན་གྱི་གན་རྒྱ་དེ་འཛུགས་སྐྲུན་ཀུ་སི་ཀ་བ་དང་དངུལ་ཁང་ཁ་བ་གཉིས་ཀྱིས་བཞག་པ་ཡིན་པས། ཀུང་སི་ག་བ་དང་ང་བ་གཉིས་ཀ་དོ་བདག་པ་མིན་ཞེས་དངུལ་བུན་སྤྲོད་པའི་འགན་འཁྲི་དང་ལེན་མ་བྱས། དེ་ན་འཛུགས་སྐྲུན་ཀུང་སི་ཀ་བ་དང་དངུལ་ཁང་ཁ་བར་གྱི་དངུལ་བུན་དེ་ལ་སྐྱིན་ཚབ་གཞལ་འགན་སུ་ཞིག་གིས་འཁུར་དགོས།

ཕྲན་དཔྱད།

རང་རྒྱལ་གྱི《གན་རྒྱའི་ཐད་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན90པར། “དོ་བདག་པར་གན་རྒྱ་བཞག་རྗེས་ཟླ་སྒྲིལ་བཏང་རིགས། ཟླ་སྒྲིལ་བཏང་རྗེས་ཀྱི་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་གན་རྒྱའི་ནང་འཁོད་ཁེ་དབང་སྤྱོད་ཅིང་གན་རྒྱའི་ནང་འཁོད་འོས་འགན་བསྒྲུབ་རྒྱུ། དོ་བདག་རྣམས་ཀྱིས་གན་རྒྱ་བཞག་རྗེས་སོ་སོར་གྱེས་ན། བུན་བདག་དང་བུ་ལོན་ལེན་མཁན་གྱིས་ཁ་ཆད་གཞན་དག་རིགས་ཕུད། སོ་སོར་གྱེས་པའི་ཁྲིམས་མིའམ་རྩ་འཛུགས་གཞན་དག་གིས་གན་རྒྱའི་ནང་འཁོད་ཁེ་དབང་དང་འོས་འགན་ཐད་རྗེས་འབྲེལ་གྱི་བུན་དབང་ཡོད་ཅིང་། རྗེས་འབྲས་གྱི་བུ་ལོན་གཞལ་འགན་འཁུར་རྒྱུ”ཞེས་པའི་གཏན་འབེབས་བྱས་ཡོད་པ་དང་། ཁྲིམས་འདིའི་དོན་ཚན70པར། “བུན་བདག་སོ་སོར་གྱེས་པའམ་ཟླ་སྒྲིལ་བཏང་བའམ་ཡང་ན་སྡོད་གནས་བསྒྱུར་ནའང་བུ་ལོན་ལེན་མཁན་ལ་བརྡ་མ་བཏང་བས་བུ་ལོན་འཇལ་ཐབས་དཀའ་བ་བྱུང་རིགས། བུན་ལོན་ལེན་མཁན་གྱིས་བུ་ལོན་འཇལ་མཚམས་འཇོག་པའམ་དམིགས་བྱའི་དངོས་རྫས་འཐེན་བཅོལ་བྱ་ཆོག”ཅེས་གཏན་ཁེལ་བྱས་ཡོད།

གྱོད་གཞིའི་འདིའི་ཁྲོད། བུ་ལོན་སྟེར་མཁན་ཏེ་འཛུགས་སྐྲུན་ཀུང་སི་ཀ་བས་གན་རྒྱ་བཞག་རྗེས། ཀུང་སི་ག་བ་དང་ཀུང་སི་ང་བ་གཉིས་བར་དམིགས་བསལ་ཅན་གྱི་ཁ་ཆད་བཞག་མེད་ཚེ། དངུལ་བུན་གཏོང་ལེན་གྱི་གན་རྒྱ་དེའི་ཁེ་དབང་དང་འགན་འཁྲི་ཚང་མ་གན་རྒྱའི་བཅའ་ཁྲིམས་ཀྱི་དོན་ཚན19པའི་གཏན་ཁེལ་ལྟར། ཀུང་སི་ག་བ་དང་ཀུང་སི་ང་བ་གཉིས་ཀྱིས་དངུལ་བུན་སྤྲོད་འགན་འཁུར་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།