རྡོ་སོལ་གཏེར་ཁུངས་རྐོ་དུས་དོན་རྐྱེན་བྱུང་ཚེ་ཆད་པ་ཇི་ལྟར་གཅད་དགོས།

གྱོད་དཔེ།

1990ལོའི་ཟླ1པའི་ཚེས25ཉིན་གྱི་དུས་ཚོད6པའི་སྟེང་དུ། རྡོ་སོལ་གཏེར་ཁུངས་ག་གེ་མོས་སྔོག་འདོན་བྱེད་སའི་དོང་ངོས་ལ་ཆུས་བརླན་ནས་འགད་རྫས་བཀད་པར་དཀའ་ཁག་བཟོས་ཤིང་། ཝ་སི(འབར་སླ་བའི་རླངས་པ)ཇེ་ཉུང་དུ་སོང་ནས། ཆུས་བསྣུབས་པའི་དོན་རྐྱེན་བྱུང་བ་དང་། མི15ཚེ་ལས་འདས་པར་མ་ཟད་ཐད་ཀར་སྒོར་ཁྲི45ཡི་དཔལ་འབྱོར་གྱོང་གུད་ཐེབས།

ཕྲན་དཔྱད།

དོན་རྐྱེན་ཞིབ་བཤེར་ཚན་ཆུང་གིས་རྩད་ཞིབ་དང་དབྱེ་ཞིབ་བྱས་པ་ལྟར་ན། རྡོ་སོལ་གཏེར་ཁུངས་འདིས་ས་གཤིས་སྙན་ཞུ་ཡི་གེ་ཡི་བསམ་འཆར་ལ་གདེང་འཇོག་མ་བྱས་པར། ཉམས་མྱོང་ལ་བརྟེན་ནས་སྔོག་འདོན་བྱས་པ་དང་། རྡོ་སོལ་ཡོད་པ་མཐོང་རྗེས་རི་མགོ་བརྐོ་རྒྱུར་རྔམ་པ་ལས། དོང་ལམ་གྱི་སྤྱི་ཁོག་ཚོད་འཛིན་བྱ་མ་ཐུབ་པར། ཆུ་བསགས་ཡོད་པའི་ས་ཁུལ་སྔོག་འདོན་བྱས་ནས་དོན་རྐྱེན་བསླངས་པ་རེད། རྡོ་སོལ་གཏེར་ཁུངས་འདིས་དོང་བརྐོ་བར་ཇུས་འགོད་དང་ཐབས་ལམ་ཅི་ཡང་མེད་པར་དོང་བརྐོས་ནས་སྔོག་འདོན་བྱེད་པའི་འཆར་གཞི་དང་ལས་གཞི། སྒྲིག་ཆས་གནས་ཚུལ་རགས་བསྡུས་ཀྱི་རེའུ་མིག་རྐྱང་རྐྱང་ལ་བརྟེན་ནས་ལས་མགོ་བཟུང་སྟེ་དོང་བརྐོས་པ་རེད། དོང་བརྐོས་ནས་འཛུགས་སྐྲུན་བྱ་བར་གྲ་སྒྲིག་བྱས་ནས་ལས་མགོ་བཟུང་བའི་བར། རྒྱ་བསྐྱེད་པའི་བྱེད་སྟངས་དང་དོང་ཁའི་གནས་ས་སོགས་ཀྱང་། ལག་རྩལ་མི་སྣ་ཁ་ཤས་ཀྱིས་གྲོ་མོལ་དང་ཞིབ་འཇུག་བྱས་ནས་མཚོན་བྱེད་དཔེ་རིས་བྲིས་ཏེ་གཏན་འབེབས་བྱས་པ་ཞིག་རེད། དེའི་མི་ཚད་རྡོ་སོལ་གཏེར་ཁུངས་འདིས་དོང་གསར་བ་བརྐོས་ནས་ཟླ4ལྷག་འགོར་རྗེས་ད་གཟོད་ས་གནས་བཟོ་ཚོང་ཅུས་ལ«འབྲེལ་ཡོད་དོང་གསར་བརྐོ་བའི་ཐབས་ལམ་གྱི་ཡར་ཞུ་ཡིག་ཆ»ཞིག་འདོན་སྤྲོད་བྱས་ལ། ས་གནས་བཟོ་ཚོང་ཅུས་ཀྱིས་ཀྱང་རྡོ་སོལ་གཏེར་ཁུངས་འདིར་ཇུས་འགོད་ཡིག་ཆ་དང་དཔེ་རིས་མེད་པའི་གནས་ཚུལ་འོག 1989ལོའི་ཟླ9པའི་ཚེས7ཉིན་འཐད་པ་ཡིན་པའི་ཆོག་མཆན་གནང་བ་རེད། འདི་ནི་ཐེངས་འདིའི་དོན་རྐྱེན་བསླངས་པའི་རྒྱུ་རྐྱེན་གཙོ་བོ་རེད།

དེར་བརྟེན། རྡོ་སོལ་གཏེར་ཁུངས་ལ་དོང་བརྐོ་བའི་ཇུས་འགོད་མེད་པར་ཉམས་མྱོང་ལ་བརྟེན་ནས་གཏེར་ཁ་སྔོག་འདོན་བྱས་ན་རྒྱལ་ཁབ་དང་སྤྱི་ཚོགས། མི་སྒེར་བཅས་ལ་ཚོད་དཔག་བྱེད་དཀའ་བའི་གྱོང་གུད་བཟོ་ངེས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།