ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་ཤུག་གཉེན་འཐོར་བྱས་རྗེས་བྱིས་པ་གསོ་སྐྱོང་བྱེད་མཁན་མེད་ཚེ་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ། 

ངའི་ནུ་བོ་སྔོན་ཆད་གཉེན་འཐོར་བྱས་མྱོང་བ་ཞིག་ཡིན་ཞིང་། མནའ་མ་རྗེས་མ་དང་ཁོ་གཉིས་གཉེན་སྒྲིག་བྱས་ཏེ་ལོ་དྲུག་ཙམ་འགོར་ལ་ཉེ། གཉེན་སྒྲིག་གི་བར་སྐབས་དེར་ཁོ་གཉིས་ཀྱིས་བྱིས་པ་ཞིག་བཙས་ཡོད་ལ། ད་ལྟ་ལོ་ལྔ་ལ་སོན་ཡོད། ཅི་ཞིག་གི་རྐྱེན་ཡིན་པ་མ་ཤེས་མོད་ལོ་གཉིས་ཀྱི་ཡར་སྔོན་དུ་ངའི་ནུ་བོ་དང་མནའ་མ་རྗེས་མ་གཉིས་མ་འགྲིག་པར་རང་རང་ས་ནས་འཚོ་བ་རོལ་འགོ་བརྩམས། རང་རང་ས་ནས་ཕལ་ཆེར་ལོ་གཉིས་ཙམ་འགོར་རྗེས་དོན་དངོས་ཀྱིས་གཉེན་འཐོར་བྱེད་རྒྱུ་བྱས། ཡིན་ན་ཡང་ངའི་ནུ་བོར་གཏན་འཇགས་ཀྱི་བྱ་བ་ཞིག་མེད་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཡང་དེ་འདྲའི་བཟང་རྒྱུ་མེད། ད་དུང་ཆུང་མ་སྔོན་མའི་བུ་མོ་སློབ་གྲྭ་ཆེན་མོར་འགྲིམས་པའི་འགྲོ་གྲོན་ཐམས་ཅད་ཀྱང་ཁོས་འགན་འཁུར་དགོས། ཆུང་མ་རྗེས་མ་དང་ཁོ་གཉིས་ཀྱིས་རང་རང་ས་ནས་འཚོ་བ་རོལ་དུས་བྱིས་པས་ཨ་མའི་ཁྱིམ་དུ་མོ་དང་མཉམ་དུ་འཚོ་བ་རོལ་བ་ཡིན། འོན་ཀྱང་གཉེན་འཐོར་བྱེད་དུས་ཆུང་མ་བྱིས་པ་གསོ་སྐྱོང་བྱེད་རྒྱུར་མི་འཐད་པ་དང་། ངའི་ནུ་བོར་ཡང་གསོ་སྐྱོང་བྱེད་པའི་དཔལ་འབྱོར་ནུས་པ་མེད། འདི་ལྟ་བུའི་གནས་ཚུལ་འོག་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཚེ་སྤྱིར་བཏང་དུ་བྱིས་པ་སུ་ཡིས་གསོ་སྐྱོང་བྱེད་པར་ཐག་གཅོད་བྱེད་ངེས་ཡིན།

ཁྲིམས་བཤད།

འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། གལ་ཏེ་བྱིས་པ་ལོ་གཉིས་མན་ཡིན་ཚེ་སྤྱིར་བཏང་དུ་ཨ་མར་འགྲོགས་ནས་འཚོ་བ་རོལ་དུ་འཇུག་དགོས། ལོ་གཉིས་ཡན་ཆད་ཕྱོགས་གཉིས་ཀའི་སུ་ཞིག་ལ་བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བར་འཇུག་པའི་ནུས་པ་ཡོད་ན་དེ་ཡིས་གསོ་སྐྱོང་བྱེད་དགོས་ལ། ཕྱོགས་གཞན་པ་དེས་ཟླ་རེར་བྱིས་པ་ཡི་གསོ་སྐྱོང་དངུལ་འགན་འཁུར་དགོས། ཁྱོད་ཀྱིས་བཤད་པའི་གྱོད་གཞི་འདིའི་ཁྲོད་ཀྱི་བྱིས་པ་དེ་ལོ་ལྔ་རུ་སོན་ཡོད་ཅིང་། དུས་ཡུན་རིང་བོར་ཨ་མ་དང་འགྲོགས་ནས་འཚོ་བ་རོལ་ལ་ཁོ་མོར་འདུག་སའང་ཡོད། ཡིན་ཡང་ཕོ་ཕྱོགས་ལ་གཏན་འཇགས་ཀྱི་བྱ་བ་མེད་པར་མ་ཟད། ད་དུང་ཆུང་མ་སྔོན་མའི་བུ་མོ་སློབ་གྲྭ་ཆེན་མོར་འགྲིམས་པའི་འགྲོ་གྲོན་གྱི་འགན་ཡང་འཁུར་དགོས། དེ་བས། བྱིས་པ་བདེ་ཐང་ངང་འཚར་ལོངས་བྱུང་བའི་ཁོར་ཡུག་ལ་བསམ་བློ་བཏང་ཚེ། མོ་ཕྱོགས་བྱིས་པ་གསོ་སྐྱོང་བྱེད་པར་མི་འཐད་ནའང་གཏུག་བཤེར་གྱི་ཐབས་ལམ་བརྒྱུད་དེ་མོ་ཕྱོགས་ཀྱིས་བྱིས་པ་གསོ་སྐྱོང་བྱེད་པའི་ཐག་གཅོད་མཇུག་འབྲས་བརྩོན་ལེན་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།