ཀྲུང་གོ་བོད་ཀྱི་དྲ་བ།

གཉེན་མ་བསྒྲིགས་པའི་སྔོན་ལ་བཙས་པའི་བྱིས་པ་ཡི་སྙོར་སྐྱོང་དབང་ཆ་སུ་ལ་དབང་བ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་དང་ངའི་ཆུང་མ་གཉིས་ན་ནིང་གཉེན་སྒྲིག་བྱས་པ་དང་།སྐབས་དེར་ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚོད་མ་ལོངས་པའི་དབང་གིས་གཉེན་སྒྲིག་ཡི་གེ་བླངས་མེད།ཡིན་ནའང་སྡེ་བའི་ནང་དུ་མགྲོན་པོ་བོས་ནས་གཉེན་སྟོན་བྱས་ཟིན།ད་ལྟ་ཆུང་མས་གཉེན་འཐོར་རྒྱུའི་རེ་བ་བཏོན་པ་དང་།བྱིས་པ་ཡང་ང་ལ་མི་སྟེར་ཟེར། འདིར་འདྲི་རྒྱུ་ནི། ང་ཚོ་ལྟ་བུའི་གཉེན་སྒྲིག་ཡི་གེ་མ་བླངས་པར་བྱིས་པ་བཙས་པའི་གནས་ཚུལ་འདི་རིགས་ལ། བྱིས་པའི་སྙོར་སྐྱོང་དབང་ཆ་སུ་ལ་དབང་བ་རེད་དམ།

ཀློག་པ་པོ་འབྲུག་ཆུང་རྒྱལ་ནས།

བློ་མཐུན་འབྲུག་ཆུང་རྒྱལ་ལགས།

གཉེན་མ་བསྒྲིགས་པར་བཙས་པའི་བྱིས་པ་ཡི་སྙོར་སྐྱོང་དབང་ཆའི་གནད་དོན་ནི་སྤྱིར་བཏང་དུ་གཉེན་སྒྲིག་བྱས་རྗེས་བཙས་པའི་བྱིས་པ་དང་གཅིག་མཚུངས་ཡིན།ཐོག་མར་ཕྱོགས་གཉིས་ཀས་གྲོས་མོལ་བྱས་ཏེ་ཐག་གཅོད་དགོས་པ་དང་།གྲོས་མོལ་ལས་མཇུག་འབྲས་མེད་ན་ད་གཟོད་མི་དམངས་ཁྲིམས་ཁང་ལ་གཏུག་ནས་ཐག་གཅོད་བྱེད་དུ་བཅུག་ཆོག ཁྲིམས་ཁང་གིས་བདག་སྤྲོད་དང་ཐག་གཅོད་བྱེད་སྐབས།རྒྱུ་རྐྱེན་མང་པོར་བསམ་བློ་གཏོང་བ་དང་ཕལ་ཆེར་གཉེན་སྒྲིག་བྱས་རྗེས་བཙས་པའི་བྱིས་པ་ཡི་སྙོར་སྐྱོང་དབང་ཆ་རྩོད་པའི་གྱོད་དོན་དང་གཅིག་མཚུངས་ཡིན། ལོ2མ་ལོངས་པའི་བྱིས་པ་ཡིན་ན། སྤྱིར་བཏང་དུ་ཨ་མ་དང་མཉམ་དུ་འཚོ་བ་རོལ་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།