ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་རྟགས་རྫུས་མར་རྡུང་རྡེག་བཏང་། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས།

ཡོང་ཁུངས། : བོད་ལྗོངས་གསར་འགྱུར་དྲ་བ།     སྤེལ་དུས། : 2016-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020121120541054666055.jpg

A ཕན་འབྲས།

གནད་དོན་ཐོན་རིང་དང་གནད་དོན་ཐོན་རྗེས་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་བཏོད་པ།

གྲངས་གཞི་ལས་མངོན་པར། 2015ལོར་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་དང་འཛད་སྤྱོད་པའི་དབང་ཆ་སྲུང་སྐྱོང་གི་དཔུང་ཁག་བཙུགས་པ་བརྒྱུད། དུས་བཀག་ལྟར་ཞུ་གཏུག་དང་ཐེར་འདོན་གོང་ཞུ། རེ་ཞུ་སོགས་ཀྱི་གྲངས་གཞིར་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་ཏེ་དུས་ཐོག་ཏུ་འཛད་སྤྱོད་པའི་འདྲི་རྩད་དང་ཞུ་གཏུག་བྱེད་མང་བའི་གནད་དོན་ཤེས་རྟོཌ་དང་ཁོང་དུ་ཆུད་པ་བྱས་ཡོད་པ་རེད།

“2015ལོར་ང་ཚོས་ཁེ་དབང་སྲུང་སྐྱོང་བྱེད་ཁྱོན་སྔར་བས་ཆེ་རུ་བཏང་སྟེ་ཁེ་དབང་སྲུང་སྐྱོང་གི་འབྲེལ་གཏུག་ས་ཚིགས132བཙུགས་པ་དང་། འཛད་སྤྱོད་པའི་འདྲི་རྩད་དང་། ཞུ་གཏུག ཐེར་འདོན་གོང་ཞུ་བཅས་ཀྱི་ཁ་པར1987བདག་སྤྲོད་བྱས་ཤིང་། གྱོད་འབྲེལ་རིན་ཐང་སྒོར་ཁྲི266ཟིན་པ་དང་། དཔལ་འབྱོར་གྱོང་གུན་སྒོར་ཁྲི203གསབ་ཐུབ་ཡོད”ཅེས་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

འགན་འཁུར་མི་སྣ་དེས་འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཁོངས་གཏོགས་ཀྱིས་ལོ་འགོའི་ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོང་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལྟར་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་བྱས་ནས་བདག་སྤྲོད་དང་ཐག་གཅོད་ཀྱི་ལམ་ལུགས་དང་ལས་ཀའི་བརྒྱུད་རིམ་འཐུས་ཚང་དུ་བཏང་ནས་འཛད་སྤྱོད་པའི་ཞུ་གཏུག་རེ་རེར་ཐོ་བཀོད་དང་གནད་དོན་ཚང་མར་འབྲས་བུ་ཡོད་པའི་འགན་ལེན་བྱས་པ་མ་ཟད། 《ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི12315“ཞུ་གཏུག་དེ་གྱོད་གཞིར་སྒྱུར་བའི”ལས་ཀའི་ལམ་སྲོལ》བཟོས་ཏེ་གནད་དོན་ཐོན་རིང་དང་གནད་དོན་ཐོན་རྗེས་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་ཀྱི་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་ཕོག་པའི་གྱོད་གཞི132ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་རིན་ཐང་སྒོར་ཁྲི40.80ཟིན་ཡོད་ཅེས་བཤད་པ་རེད།

མི་གཞན་གྱི་ཚོང་རྟགས་ལ་བཙན་གནོད་བྱེད་མཁན་གྱི་བརྒྱུད་འཚོང་བ3ལ་ཆད་པ་བཅད་པ།

B གྱོད་དཔེ་།

ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་སྟོད་ལུང་བདེ་ཆེན་ཆུས་ཅུས་སུ་ཀྲུང་ཚེ་འགྱིག་རྫས་ཚོགས་པ་ཚད་ཡོད་ཀུང་སིའི་ཞུ་གཏུག་འབྱོར་ཞིང་། སྟོད་ལུང་བདེ་ཆེན་ཆུས་སུ་ཚོང་ཁང་ཞིག་གིས“ཀྲའོ་དབྱང་གོ་ཡིའུ”རྟགས་ཅན་འགྱིག་འཁོར་འཚོང་གི་ཡོད་པ་དེའི་སྟེང“ཀྲའོ་དབྱང”ཞེས་པའི་ཡི་གེ་གཉིས་མངོན་གསལ་དོད་པོས་བྲིས་འདུག་པས། ཀྲུང་ཚེ་འགྱིག་རྫས་ཚོགས་པ་ཚད་ཡོད་ཀུང་སིའི་ཚོང་རྟགས་དང་མིང་ལ་གནོད་འཚེ་བཟོས་པའི་དོགས་པ་འདུག་ཅེས་བཤད། ཞུ་གཏུག་འབྱོར་རྗེས་སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱ་རྒྱུ་དེ་རང་འགན་དུ་བརྩིས་ནས་ཁྲིམས་སྐྱོང་མི་སྣ་དེ་མུར་མངགས་ཏེ་བརྟག་དཔྱད་བྱས་པ་མ་ཟད། ཀྲུང་ཚེ་འགྱིག་རྫས་ཚོགས་པ་ཚད་ཡོད་ཀུང་སིར་གསལ་འབྱེད་སྙན་ཞུ་འདོན་དགོས་པའི་མངག་བཅོལ་ཡང་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད་སྟོད་ལུང་བདེ་ཆེན་ཆུས་སུ་བརྒྱུད་འཚོང་བ་གསུམ་གྱིས“ཀྲའོ་དབྱང་གོ་ཡིའུ”རྟགས་ཅན་གྱི་འགྱིག་འཁོར་འཚོང་གི་ཡོད་པ་དང་དེའི་བྱེད་སྤྱོད་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་བཅའ་ཁྲིམས》ལས་འགལ་ཡོད་པས། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ཅུས་ཀྱིས་ཁྲིམས་ལྟར་བརྒྱུད་འཚོང་བ་གསུམ་ལ་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། དེས་ན། ཉེ་ཆར་ཀྲུང་ཚེ་འགྱིག་རྫས་ཚོགས་པ་ཚད་ཡོད་ཀུང་སིས་མི་སྣ་མངགས་ནས་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་སྟོད་ལུང་བདེ་ཆེན་ཆུས་ཅུས་ལ“སེམས་རྩ་འཁོལ་པོས་ཁེ་ལས་ཆེད། ནུས་ཆའི་བྱ་བ་དངོས་བསྒྲུབས་པ”ཞེས་པའི་གོས་དར་ཕུལ་ནས་སྟོད་ལུང་བདེ་ཆེན་ཅུས་བཟོ་ཚོང་ཅུས་ཀྱིས་ཁོང་ཚོའི་ཁེ་དབང་སྲུང་སྐྱོང་ཐད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཁྲོམ་རའི་བྱེད་པོའི་འདུ་ཤེས་ཟབ་ཏུ་བཏང་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་མཐོང་ཆེན་བྱས་པ།

 C ཐག་གཅོད་།    

“ང་ཚོས་ད་དུང་ཁོངས་གཏོགས་ཁུལ་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཀ་རྟེན་ཐོན་ལས་དང་། སྣེ་འདྲེན་ཁེ་ལས། ཐོན་ཟོག་གཙོ་བོ་བཅས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱས་ཏེ་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱས་པའི་བྱ་སྤྱོད་ནང་དོན་གཙོ་བོར་བྱེད་པ་དང་། ཚོང་ཟོག་བསྡུ་འགྲེམས་ཁུལ་དང་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆར་བཙན་གནོད་བྱེད་མང་བའི་ཁུལ་གཙོ་གནད་ས་ཁུལ་དུ་བྱས་ཏེ་སྐད་གྲགས་ཆེ་བའི་ཚོང་རྟགས་དང་། གྲགས་ཅན་ཚོང་རྟགས། ཡུལ་ལུང་མཚོན་པའི་ཚོང་རྟགས། ཕྱི་འབྲེལ་ཐོ་འགོད་ཚོང་རྟགས་བཅས་ཀྱི་དབང་ཆར་བཙན་གནོད་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན”ཞེས་འགན་འཁུར་བ་དེས་བཤད་པ་དང་། བཟོ་ཚོང་སྡེ་ཚན་གྱིས་ད་དུང་ཚོང་རྟགས་བཟོ་མཁན་ཁེ་ལས་ལ་ལྟ་སྐུལ་དོ་དམ་ལས་དོན་སྤེལ་ནས་གྲགས་ཅན་ཚོང་རྟགས་ཁོ་ནར་དབང་བའི་མིང་དང་། ཐུམ་སྒྲིལ། མཛེས་བཟོ་བཅས་འདྲ་བཟོ་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་བཤད།

གཞན་ཡང་། ལྷ་ས་བཟོ་ཚོང་ཁོངས་གཏོགས་ཀྱིས་ད་དུང་ཚོང་ར་ཆེ་འབྲིང་དང་། ཆེད་ལས(སྡེབ་ཚོང)ཁྲོམ་ར། སྤུས་རྟགས་ཆེད་གཉེར་ཚོང་ཁང་། ཟོག་འགྲེམས་བསྡུ་འགྲེམས་རྟེན་གཞི། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་བཅས་ཀྱི་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལྷག་པར་དུ་ཟས་རིགས་དང་། བཏུང་བྱ། སྨན་རྫས། རྡོ་ཐ། རྒྱུན་སྤྱོད་རྫས་འགྱུར་ཐོན་ཟོག་སོགས་གཙོ་གནད་ཚོང་ཟོག་ལ་ཞིབ་བཤེར་བྱས་ཏེ་ཚོང་ཟོག་རྫུས་མ་དང་སྤུས་ཞན་བཟོ་བ་དང་ཕྱིར་ཚོང་བྱེད་པའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ12315སོགས་ཞུ་གཏུག་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ཚོང་རྟགས་ཀྱི་དབང་ཆར་བཙན་གནོད་བྱས་པའི་ཞུ་གཏུག་དང་ཐེར་འདོན་གོང་ཞུར་བདག་སྤྲོད་ནན་ཏན་བྱེད་པ་དང་ཚོང་རྟགས་ཀྱི་དབང་ཆར་བཙན་གནོད་བྱས་པའི་གྱོད་གཞིའི་ཁུངས་སྣེ་གསེད་བཀྲོལ་བྱེད་པ་དང་འབྲེལ་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་རེད།

འགན་འཁུར་བ་དེས་རྒྱ་ཆེའི་གཉེར་སྐྱོང་པར་ཁ་དན་ཚིག་གནས་དང་ཁྲིམས་སྲུང་གི་འདུ་ཤེས་དང་ཚོང་རྟགས་ཐོ་འགོད་ཀྱི་ཆེད་སྤྱོད་དབང་ཆར་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་དང་ཚོང་ཟོག་རྫུས་མ་དང་སྤུས་ཞན་ལ་རང་རྟོགས་ངང་བཀག་འགོག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།