ནགས་ཚལ་བཅའ་ཁྲིམས་སུ་ཞིང་པ་དང་འབྲོག་པའི་སྒེར་བཞག་སྒོ་ཞིང་དང་། རི་རྒོད་དུ་ནགས་འདེབས་པའི་ཁྲིམས་མཐུན་ཁེ་དབང་ཕྲ་ཞིབ་གང་འདྲ་གཏན་ལ་ཕབ་ཡོད།

ཞིང་པ་དང་འབྲོག་པས་ནགས་འདེབས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཆེད། ནགས་ཚལ་བཅའ་ཁྲིམས་སུ་གྲོང་གསེབ་སྡོད་དམངས་ཀྱིས་ཁང་བའི་ཁོར་ཡུག་དང་སྒེར་བཞག་ས་ཞིང་། སྒེར་བཞག་རི་ངོས་བཅས་ལ་ཤིང་ནགས་བཏབ་ཡོད་པ་དེ་དག་མི་སྒེར་ལ་དབང་བ་དང་། དམངས་ཡོངས་ལ་དབང་བ་དང་ཐུན་མོང་ལ་དབང་བའི་ནགས་ལས་འཕྲོད་སའི་རི་རྒོད་དང་ས་རྒོད་ལ་ཡང་ཐུན་མོང་དང་ཡང་ན་མི་སྒེར་གྱིས་འགན་གཙང་ལེན་གྱིས་ཤིང་འཛུགས་ནགས་སྐྲུན་གྱི་བྱ་ལས་སྤེལ་ཆོག་པ་མ་ཟད། འགན་བླངས་རྗེས་སུ་བཏབ་པའི་ཤིང་ནགས་ནི་འགན་ལེན་མཁན་གྱི་ཐུན་མོང་ངམ་མི་སྒེར་ལ་དབང་བ་ཡིན་ཕྱིན། སྡེ་ཁག་གམ་མི་སྒེར་སུ་ཞིག་གིས་ཀྱང་ནགས་ཚལ་གྱི་བདག་དབང་ཡོད་མཁན་དང་བེད་སྤྱོད་དབང་ཡོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་ཅེས་གཏན་ལ་ཕབ་ཡོད། གཏན་འབེབས་དེ་དག་ལས་ཞིང་པ་དང་འབྲོག་པས་རང་བཞག་གམ་འགན་ལེན་བྱས་པའི་སྒེར་ཞིང་དང་རི་ངོས་ལེགས་གཉེར་བྱེད་པར་རྒྱལ་ཁབ་ཀྱིས་སྐུལ་མ་གཏོང་གིན་ཡོད་པ་ལེགས་པར་མཚོན་ཡོད། རྒྱལ་ཁབ་ཀྱིས་ད་དུང་འགན་བླངས་དབང་གི་ཤུལ་རྒྱུན་བཟུང་ཆོག་པ་དང་བཤུག་སྤྲོད་བྱ་ཆོག་ཅེས་གཏན་ལ་ཕབ་ཡོད། འགན་ལེན་ཡུན་ཐུང་ན་ཇེ་རིང་དུ་གཏོང་ཆོག་པ་དང་། འགན་གཙང་ལེན་བྱེད་རིང་དུ་འགན་ལེན་མཁན་ལ་ཐོབ་འོས་པའི་ཁེ་བཟང་ཐོབ་གྱུར་ན། རྒྱལ་ཁབ་དང་ཐུན་མོང་། མི་སྒེར་གསུམ་ཀའི་ཁེ་ཕན་ལ་ཡང་ཀུན་སྙོམ་ལྟ་རྟོག་བྱས་ནས། རྒྱ་ཆེའི་ཞིང་པ་དང་འབྲོག་པ་རྣམས་ཀྱིས་ནགས་སྲུང་དང་ནགས་གཅེས། ནགས་སྐྲུན་བྱེད་པའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱ་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།