ནགས་ཚལ་བཅའ་ཁྲིམས་སུ་མི་རིགས་རང་སྐྱོང་ས་ཁུལ་གྱི་ནགས་ལས་ཐོན་སྐྱེད་འཛུགས་སྐྲུན་ཐད་ལ་དམིགས་བསལ་གྱི་གཏན་འབེབས་གང་དག་ཡོད།

རང་རྒྱལ་ལ་ད་ཡོད་པའི་ནགས་ཚལ་རྒྱ་ཁྱོན་ས་མུའུ་དུང་ཕྱུར་བཅོ་བརྒྱད་དང་ཤིང་ནགས་གསོག་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་གོ་ལྔ་ཡོད། རྒྱལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་བཀྲམ་ཚུལ་ལ་བལྟས་ན་ནགས་ཚལ་ཐོན་ཁུངས་སུམ་ཆའི་གཅིག་ཙམ་དང་། ཤིང་ནགས་གསོག་ཚད་ཀྱི་ཕྱེད་ཀ་ཙམ་ནི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་སའི་རི་ཁུལ་དུ་ཡོད། གྲངས་ཉུང་མི་རིགས་ས་ཁུལ་གྱི་གནས་ཚུལ་དངོས་དང་ཁྱད་ཆོས་ལྟར་མི་རིགས་རང་སྐྱོང་ས་ཆས་ནགས་ཚལ་སྲུང་སྐྱོང་དང་ནགས་ལས་འཛུགས་སྤེལ་བྱེད་པ་ལ་རོགས་རམ་བྱ་རྒྱུ་ནི་དོན་དག་ཧ་ཅང་གལ་ཆེ་བ་ཞིག་རེད། ནགས་ཚལ་བཅའ་ཁྲིམས་སུ་ནགས་ཚལ་སྔོག་འདོན་དང་ཤིང་ཆ་བགོ་བ། ནགས་ལས་ཐེབས་རྩའི་མ་དངུལ་བེད་སྤྱོད་པ་སོགས་ཀྱི་ཐད་དུ་རང་སྐྱོང་ས་ཁུལ་ལ་ས་ཁུལ་གཞན་ལས་ཀྱང་མང་བའི་རང་བདག་དབང་ཆ་དང་དཔལ་འབྱོར་ཁེ་ཕན་སྟེར་དགོས་པ་མ་ཟད་ནགས་ཚལ་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་མི་འགལ་བ་ལྟར་རང་སའི་དངོས་དོན་དང་མཐུན་པའི་བབ་བསྟུན་བྱེད་ཐབས་གཏན་འབེབས་བྱ་ཆོག་ཅེས་གཏན་ལ་ཕབ་ཡོད། གཏན་འབེབས་དེ་དག་གིས་གོམ་པ་མདུན་སྤོས་སྒོས་ནགས་ལས་སྲིད་ཇུས་ཇེ་ལྷོད་དུ་བཏང་སྟེ་ནགས་ཁུལ་སྔོག་འདོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཤིང་ནགས་ཐོན་རྫས་འཚོང་གཉེར་བདག་དབང་ཇེ་ཆེར་བཏང་ཡོད་པས། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཞིང་པ་དང་འབྲོག་པ་རྣམས་ལ་དངོས་ཕན་སྔར་ལས་མང་བ་ཞིག་འབྱུང་བར་བརྟེན་ནགས་ལས་དར་ཞིང་རྒྱས་པ་དང་དམངས་རྣམས་ཕྱུག་པོར་འགྱུར་བའི་དམིགས་ཡུལ་ངོ་མ་འགྲུབ་ངེས་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།