96.གཞིས་ཁུལ་གྱི་གཞིས་ཀའི་ཞབས་ཞུ་ལ་གང་དག་ཡོད་དམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་དགུ་བརྒྱ་དང་ཞེ་གཉིས་པའི་ཁྲོད། གཞིས་ཀའི་ཞབས་ཞུ་པས་ཁ་ཆད་དང་གཞིས་ཀའི་བེད་སྤྱོད་ངོ་བོ་གཞིར་བཟུང་སྟེ། གཞིས་ཀའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁང་བདག་ཐུན་མོང་ལ་དབང་བའི་ཆ་ཤས་ཉམས་གསོ་དང་བདག་སྐྱོང་། གཙང་སྦྲ། ལྗང་སྒྱུར། གཉེར་སྐྱོང་དོ་དམ་འོས་འཚམ་བྱེད་དགོས་པ་དང་། གཞིས་ཀའི་ཞབས་ཞུའི་ས་ཁོངས་ཀྱི་གཞི་རྩའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས། བྱ་ཐབས་ལུགས་མཐུན་སྤྱད་དེ་ཁང་བདག་གི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། གཞིས་ཀའི་ཞབས་ཞུའི་ས་ཁོངས་ནང་འབྲེལ་ཡོད་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་། མེ་ཟོན་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་བྱུང་ཚེ། གཞིས་ཀའི་ཞབས་ཞུ་པས་དུས་ཐོག་ཏུ་ལུགས་མཐུན་གྱི་བྱ་ཐབས་སྤྱད་དེ་བཀག་འགོག་བྱེད་པ་དང་འབྲེལ་ཡོད་སྲིད་འཛིན་གཙོ་འགན་འཁུར་བའི་སྡེ་ཚན་ལ་ཡར་ཞུ་བྱེད་དགོས་པ་མ་ཟད་ཐག་གཅོད་པར་གཞོགས་འདེགས་བྱེད་དགོས།
97.འགྲིམ་འགྲུལ་ཡོ་བྱད་སྟེང་འགྲུལ་བས་རང་ཉིད་ཀྱི་སྡོད་སའི་ཨང་རྟགས་ལྟར་སྡོད་ས་འཕྲོག་ལེན་བྱེད་ཆོག་གམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱད་བརྒྱ་དང་བཅོ་ལྔ་པའི་ཁྲོད་གཏན་འབེབས་བྱས་དོན། ནུས་པ་ལྡན་པའི་འགྲུལ་བའི་འཛིན་ཤོག་སྟེང་བཀོད་པའི་དུས་ཚོད་དང་ཐེངས་གྲངས། སྡོད་སའི་ཨང་གྲངས་ལྟར་འདུག་དགོས། འགྲུལ་བ་པ་སེ་མེད་པར་འདུག་པ་དང་། ལམ་ཐག་ལས་བརྒལ་ཏེ་འདུག་པ། རིམ་པ་ལས་བརྒལ་ཏེ་འདུག་པའམ་ཡང་ན་རིན་གོང་གཅོག་པའི་ཆ་རྐྱེན་དང་མི་མཐུན་པའི་གཟིགས་སྐྱོང་པ་སེ་ལྟར་བསྡད་ན། པ་སེའི་རིན་དངུལ་གསབ་སྤྲོད་བྱེད་དགོས་པ་དང་། སྐྱེལ་འདྲེན་བྱེད་འགན་འཁུར་མཁན་གྱིས་གཏན་འབེབས་ལྟར་པ་སེའི་རིན་དངུལ་སྣོན་བསྡུ་བྱས་ཆོག འགྲུལ་བས་པ་སེའི་རིན་དངུལ་མ་སྤྲད་ན་སྐྱེལ་འདྲེན་བྱེད་འགན་འཁུར་མཁན་གྱིས་སྐྱེལ་འདྲེན་མ་བྱས་ནའང་ཆོག དོན་ཚན་གྱ་དགུ་པས་གཏན་འབེབས་བྱས་དོན། སྐྱེལ་འདྲེན་བྱེད་འགན་འཁུར་མཁན་གྱིས་བདེ་འཇགས་ངང་སྐྱེལ་འདྲེན་བྱེད་པའི་འོས་འགན་ནན་ཏན་བསྒྲུབས་ནས། འགྲུལ་བར་བདེ་འཇགས་ངང་སྐྱེལ་འདྲེན་བྱེད་པའི་ཐད་དོ་སྣང་བྱེད་དགོས་པའི་དོན་དག་དུས་ཐོག་ཏུ་གསལ་བཤད་བྱེད་དགོས། འགྲུལ་བས་སྐྱེལ་འདྲེན་བྱེད་འགན་འཁུར་མཁན་གྱིས་བདེ་འཇགས་ངང་སྐྱེལ་འདྲེན་བྱ་བར་བཀོད་སྒྲིག་ལུགས་མཐུན་བྱེད་པར་ཧུར་ཐག་སྒོས་གཞོགས་འདེགས་བྱེད་དགོས།
98.“སྨན་འཛིང་དོན་རྐྱེན”བཀག་སྡོམ་ཡང་ཡང་བྱས་ཀྱང་མི་ཁོག་པས། སྨན་བཅོས་ལས་བྱེད་མི་སྣའི་ཁེ་དབང་ཇི་ལྟར་འགན་སྲུང་བྱེད་དགོས།
སྨན་བཅོས་ལས་ཁུངས་དང་དེའི་སྨན་བཅོས་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པ་ཡིན། སྨན་བཅོས་སྒྲིག་ལམ་ལ་འགལ་རྐྱེན་བཟོ་བ་དང་། སྨན་བཅོས་མི་སྣའི་བྱ་བ་དང་འཚོ་བར་བར་ཆད་བཟོས་ཏེ། སྨན་བཅོས་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བར། ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།
99.བུ་རྫི་ཡིས་རྒན་རྒོན་ཚེ་ལས་མ་འདས་གོང་ནུས་ཤུགས་ཡོད་རྒུས་རྒན་རྒོན་ལ་བདག་སྐྱོང་ཡག་པོ་བྱས་པ་དང་། རྒན་རྒོན་གྱིས་རང་ཉིད་ཚེ་ལས་འདས་རྗེས་བུ་རྫིར་འདུག་ས་ངེས་གཏན་མེད་པར་སེམས་ཁྲལ་བྱས་ཚེ་ཁོང་གིས་གང་འདྲ་བྱེད་དགོས་སམ།
ཐོ་འགོད་ལས་ཁུངས་ལ་སྡོད་གནས་དབང་ཆ་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཆོག 《དམངས་དོན་ཁྲིམས་གཞུང》ཁྲོད་སྡོད་གནས་དབང་ཆ་ཡོད་མཁན་ལ་གན་རྒྱའི་ཁ་ཆད་ལྟར། མི་གཞན་གྱི་སྡོད་ཁང་ལ་བདག་བཟུང་དང་བེད་སྤྱོད་བྱེད་པའི་སྤྱོད་ཁེ་དངོས་དབང་ཡོད་པ་དང་། འཚོ་བའི་སྡོད་གནས་ཀྱི་དགོས་མཁོ་སྐོང་བའི་དབང་ཆ་ཡོད་ཅེས་གཏན་འབེབས་བྱས་ཡོད། གནས་སྡོད་དབང་ཆ་རིན་མེད་ངང་བཙུགས་པ་ཡིན། འོན་ཀྱང་དོ་བདག་བར་ཁ་ཆད་གཞན་དག་བཞག་ཡོད་པ་ཕུད། གནས་སྡོད་དབང་ཆ་འཛུགས་པར། ཐོ་འགོད་ལས་ཁུངས་ལ་གནས་སྡོད་དབང་ཆ་ཐོ་འགོད་བྱེད་པའི་རེ་འདུན་ཞུ་དགོས། གནས་སྡོད་དབང་ཆ་དེ་ཐོ་འགོད་བྱེད་པའི་དུས་ནས་བཟུང་བྱེད་ནུས་ཐོན་ཡོད།
100.སྤུན་ཟླ་བཞི་ལ་བསྡོམས་པས་ཁང་མིག་གཅིག་ཡོད་ཅིང་། སྤུན་རྒན་དང་སྤུན་འབྲིང་། སྤུན་ཆུང་བཅས་ཀྱིས་སྤུན་བཞི་བས་མོས་མཐུན་མ་བྱུང་བར་ཁང་བ་བཙོང་ཆོག་གམ།
མི་ཆོག ཐུན་མོང་ལ་དབང་བའི་གཏན་འཇགས་མིན་པའི་རྒྱུ་ནོར་དང་གཏན་འཇགས་རྒྱུ་ནོར། དེ་བཞིན་ཐུན་མོན་ལ་དབང་བའི་གཏན་འཇགས་མིན་པའི་རྒྱུ་ནོར་དང་གཏན་འཇགས་རྒྱུ་ནོར་ལ་ཞིག་གསོ་ཆེན་པོ་བྱེད་པ་དང་། ངོ་བོ་སྒྱུར་བའམ་ཡང་ན་བེད་སྤྱོད་བྱེད་པར། ཐོབ་སྐལ་གྱི་གསུམ་ཆའི་གཉིས་ཡན་གྱི་སྐལ་ལྟར་ཐུན་མོང་ལ་དབང་མཁན་དང་ཐུན་མོང་ལ་དབང་བའི་མི་ཡོངས་ཀྱིས་འཐད་པ་བྱུང་དགོས། འོན་ཀྱང་ཐུན་མོང་ལ་དབང་མཁན་བར་ཁ་ཆད་གཞན་དག་བཞག་ཡོད་པ་ཕུད།(མུ་འགོད།)
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(ཉི་ཤུ་བ)