《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅུ་བཞི་པ།)

66. ཕྱུགས་འདྲེའི་བརྙན་རིས་བཟོས་ནས་མི་གཞན་ལ་དམའ་འབེབས་བྱས་ན་ཁྲིམས་འགལ་ཡིན་ནམ།

ཁྲིམས་འགལ་ཡིན་ཏེ། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་བཙོག་བཟོ་དང་། ཉམས་ཆག་གཏོང་བའམ་ཡང་ན་ཆ་འཕྲིན་ལག་རྩལ་དང་རྫུན་བཟོ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མི་གཞན་གྱི་འདྲ་པར་གྱི་བདག་དབང་ལ་གནོད་སྐྱོན་བཏང་མི་ཆོག འདྲ་པར་གྱི་བདག་དབང་འཛིན་མཁན་གྱི་མོས་མཐུན་མ་བྱུང་བར་འདྲ་པར་གྱི་བདག་དབང་འཛིན་མཁན་གྱི་འདྲ་པར་བཟོ་བ་དང་། བེད་སྤྱོད། ཡོངས་བསྒྲགས་བཅས་བྱས་མི་ཆོག་མོད། འོན་ཀྱང་བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་བྱས་ཡོད་པ་རྣམས་འདིའི་ཁོངས་སུ་མི་གཏོགས།

67. ཁྱིམ་མི་ཚེ་ལས་འདས་རྗེས་མི་གཞན་གྱིས་དྲ་ཐོག་ནས་དེར་དམའ་འབེབས་བྱས་ན། ཁྱིམ་མིས་ཁེ་དབང་སྲུང་སྐྱོང་བྱས་ཆོག་གམ།

ཆོག་སྟེ། འདས་པོའི་རུས་མིང་དང་། འདྲ་པར། མཚན་སྙན། གཟི་བརྗིད། གསང་བ། བེམ་པོ་སོགས་ལ་གནོད་འཚེ་བཏང་བའི་ཚེ། དེའི་བཟའ་ཟླ་དང་། བུ་དང་བུ་མོ། ཕ་མས་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་གྱི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག་པ་དང་། འདས་པོར་བཟའ་ཟླ་དང་བྱིས་པ་མེད་པ་མ་ཟད། ཕ་མ་ཡང་འདས་ཟིན་པ་ཡིན་ན། གཉེན་ཉེ་གཞན་དག་གིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་གྱི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག 

68.ཀ་པ་ནི་མི་སྣ་གྲགས་ཅན་ཁ་པའི་རྒྱབ་སྐྱོར་མཁན་ཡིན་ལ། ཁྱིམ་ཐོ་འགོད་མཁན་ཉེན་རྟོག་པ་ག་པས་ཁ་པ་གསང་བའི་ངང་ནས་གཉེན་སྒྲིག་བྱས་ཡོད་པ་ཤེས། ག་པས་གྲོགས་པོ་ཀ་པར་བཤད་ཆོག་གམ།

མི་ཆོག་སྟེ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྲིད་འཛིན་གྱི་འགན་ནུས་འཁུར་བའི་ཁྲིམས་བཀོད་སྒྲིག་གཞི་དང་དེའི་ལས་བྱེད་མི་སྣས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་བའི་རང་བྱུང་མིའི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་དམ་སྲུང་བྱེད་དགོས་པ་ལས། ཕྱིར་གྱར་བའམ་ཡང་ན་མི་གཞན་ལ་ཁྲིམས་འགལ་གྱིས་མཁོ་འདོན་བྱས་མི་ཆོག

69.དྲ་གྲགས་མི་སྣའི་“Oh my god དེ་ཉོས་དེ་ཉོས”ཞེས་པའི་སྒྲ་དག་ཁྱེར་ཡོང་ནས་བཀོལ་སྤྱོད་བྱས་ཆོག་གམ།

མི་ཆོག རང་བྱུང་མིའི་སྐད་སྒྲར་སྲུང་སྐྱོང་བྱེད་པར། འདྲ་པར་གྱི་བདག་དབང་སྲུང་སྐྱོང་བྱེད་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་འཛིན་དགོས།

70.ཕྱོགས་གཅིག་ལ་གཉེན་སྒྲིག་མ་བྱས་སྔོན་ནས་ནད་གཞི་ལྕི་མོ་བྱུང་ཡོད་ཀྱང་སྦ་གསང་བྱས་པ་ཡིན་ལ། ཕྱོགས་ཅིག་ཤོས་ཀྱིས་གཉེན་སྒྲིག་བྱས་རྗེས་གནས་ཚུལ་དེ་ཤེས་ན་བཟའ་འཐོར་བྱེད་པའི་རེ་འདུན་ཞུས་ཆོག་གམ།

ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་གྱི་རེ་འདུན་ཞུས་ཆོག《དམངས་དོན་ཁྲིམས་གཞུང་》གི་དོན་ཚན་ཆིག་སྟོང་ང་གསུམ་ནང་གཏན་འབེབས་བྱས་པ་ལྟར་ན། ཕྱོགས་གཅིག་ལ་ནད་གཞི་ལྕི་མོ་ཡོད་ན། གཉེན་སྒྲིག་ཐོ་འགོད་མ་བྱས་སྔོན་ལ་ཕྱོགས་གཞན་པར་ཇི་མ་ཇི་བཞིན་བཤད་དགོས་པ་དང་། དོན་དངོས་ལྟར་མ་བཤད་པ་ཡིན་ན། ཕྱོགས་ཅིག་ཤོས་ཀྱིས་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་གྱི་རེ་འདུན་ཞུས་ཆོག གཉེན་སྒྲིག་ཕྱིར་འཐེན་གྱི་རེ་འདུན་ཞུ་དགོས་པའི་ཚེ། གཉེར་སྒྲིག་ཕྱིར་འཐེན་གྱི་དོན་རྩ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བཟུང་བརྩིས་པའི་ལོ་གཅིག་ནང་ཚུན་དུ་རེ་འདུན་ཞུ་དགོས།  (མུ་འགོད།)

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།