《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅུ་གསུམ་པ)

61. ཀ་པ་དང་ཁ་པ་གཉིས་ཀྱིས་ཉོ་ཚོང་གི་གན་རྒྱ་བཞག་རྗེས། རིམས་ནད་བྱུང་བའི་རྐྱེན་གྱིས། གལ་ཏེ་སྔོན་གྱི་གན་རྒྱ་ལྟར་མུ་མཐུད་དུ་ལག་བསྟར་བྱས་ན། ཀ་པར་འདྲ་མཉམ་མིན་པ་མངོན་གསལ་ཡིན། ཀ་པས་ཁྲིམས་ཁང་ལ་གན་རྒྱ་ཕྱིར་འཐེན་བྱེད་པའི་རེ་བ་བཏོན་ཆོག་གམ།

ཀ་པས་ཁ་པ་ལ་གྲོས་མོལ་བྱས་ཆོག་ཅིང་། གྲོས་མཐུན་མ་བྱུང་ན་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་གན་རྒྱ་བསྒྱུར་བཅོས་སམ་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་ཆོག

62. ཀ་པས་ཁ་པའི་ལག་ནས་རིན་ཐང་སྒོར་ཁྲི10ཅན་གྱི་ལག་བརྒྱུད་རླངས་འཁོར་ཞིག་ཉོ་འདོད་པས། ཁ་པས་ཀ་པར་སྒོར་ཁྲི3གཏའ་མར་འཇོག་དགོས་པའི་བླང་བྱ་བཏོན་པ་དང་། ཀ་པས་གཏའ་དངུལ་སྤྲད་རྗེས་ཁ་ཆད་བཞག་པའི་དུས་ཡུན་ནང་སྒོར་མོ་ལྷག་མ་མ་སྤྲད་པས། ཁ་པས་སྒོར་ཁྲི3གྱི་གཏའ་དངུལ་འཐེན་ཉར་བྱས་པ་རེད། ཀ་པས་གཏའ་དངུལ་ཕྱིར་སློག་དགོས་པའི་རེ་བ་བཏོན་ཆོག་གམ།

ཀ་པས་དེའི་ནང་སྒོར་ཁྲི1ཙམ་ལས་ཕྱིར་ལེན་མི་ཐུབ།《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་ལྟར་ན། དོ་བདག་ཕྱོགས་གཅིག་གིས་ཕྱོགས་གཞན་པར་གཏའ་དངུལ་སྤྲོད་རྒྱུ་ནི་བུན་དབང་གི་འགན་ལེན་པའི་ཁ་ཆད་བཞག་ཆོག་པ་དང་། “གཏའ་དངུལ་སྤྲོད་མཁན་ཕྱོགས་ཀྱིས་བུ་ལོན་འཇལ་བའི་འགན་མི་འཁུར་པ་འམ་ཡང་ན་བུ་ལོན་འཇལ་བ་དེ་ཁ་དན་བཞག་པ་དང་མི་མཐུན་པས། གན་རྒྱའི་དམིགས་ཡུལ་མངོན་འགྱུར་བྱེད་མི་ཐུབ་པ་ལ་གཏའ་དངུལ་ཕྱིར་སློག་དགོས་པའི་རེ་བ་འདོན་དབང་མེད། ”“གཏའ་དངུལ་གན་རྒྱ་ནི་གཏའ་དངུལ་དངོས་སུ་སྤྲད་པའི་དུས་ནས་ནུས་པ་ཐོན་ཡོད། གཏའ་དངུལ་གྱི་གྲངས་འབོར་དོ་བདག་པས་ཐག་གཅོད་བྱེད་དགོས་མོད། གཏའ་དངུལ་གྱི་གྲངས་འབོར་དེ་གན་རྒྱ་གཙོ་བོའི་ནང་བཀོད་པའི་དངུལ་གྲངས་ཀྱི20%ལས་བརྒལ་མི་ཆོག་པ་དང་། དེ་ལས་བརྒལ་ན་གཏའ་དངུལ་གྱི་ནུས་པ་མི་ཐོན།”

63. སྡེ་ལས་ཀྱི་གྲོན་དངུལ་སྤྲོད་རྒྱུ་བརྗེད་པས་གློག་དང་ཆུ་བཅད་པ་རེད། སྡེ་ལས་ཀུང་སིར་དེ་ལྟར་སྒྲུབ་པའི་དབང་ཆ་ཡོད་དམ།

དབང་ཆ་མེད། སྡེ་ལས་ཞབས་འདེགས་ཞུ་མཁན་གྱིས་གློག་གཅོད་པ་དང་། ཆུ་མི་གཏོང་བ། དྲོད་རླངས་མི་གཏོང་བ། སོལ་རླངས་མི་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། སྡེ་ལས་གྲོན་དངུལ་བདའ་འདེད་བྱས་མི་ཆོག

64. བྱ་བ་སྒྲུབ་སྐབས་རྟག་ཏུ་ལག་ཁྱེར་ཁ་པར་གྱི་སྒྲ་གྲགས་པ་དང་། ཚང་མ་བར་ཆད་ཁ་པར་དང་གད་སྙིགས་འཕྲིན་ཐུང་ཡིན་པས། ཕ་རོལ་ཕྱོགས་ཀྱིས་སྒེར་གྱི་གསང་བའི་དབང་ཆར་གནོད་འཚེ་བཏང་བ་ཡིན་པར་ཞུ་གཏུག་བྱས་ཆོག་གམ།

ཆོག བཅའ་ཁྲིམས་ནང་ལོགས་སུ་གཏན་འབེབས་བྱས་པའམ་ཡང་ན་ཁེ་དབང་ཡོད་མཁན་གྱིས་མོས་མཐུན་གསལ་པོ་བྱས་ཡོད་པ་མ་གཏོགས། རྩ་འཛུགས་གང་དང་མི་སུ་ཞིག་གིས་ཀྱང་ཁ་པར་དང་། འཕྲིན་ཐུང་། འཕྲིན་སྐྱེལ་ཡོ་བྱད། གློག་རྡུལ་ཡིག་ཟམ། བསྒྲགས་ཡིག་སོགས་ཀྱི་བྱེད་ཐབས་སྤྱད་ནས་མི་གཞན་པའི་སྒེར་གྱི་འཚོ་བར་བར་ཆད་བཏང་མི་ཆོག

65. ལས་ཁུངས་སུ་ཆགས་སྲེད་སློང་བའི་བར་ཆད་ལ་ཐུག་ཚེ། ལས་ཁུངས་ལ་བཀག་འགོག་གི་འགན་འཁྲི་ཡོད་དམ།

ཡོད།《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བཅུ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། “མི་གཞན་པའི་འདོད་བློ་དང་འགལ་ཏེ་སྐད་ཆ་དང་། ཡི་གེ པར་རིས། ཡན་ལག་བྱ་སྤྱོད་སོགས་ཀྱི་རྣམ་པས་མི་གཞན་པར་ཆགས་སྲེད་སློང་བའི་བར་ཆད་བྱེད་པའི་རིགས་ལ། གནོད་འཚེ་ཕོག་མཁན་གྱིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་རྒྱུའི་རེ་ཞུ་བཏོན་ཆོག སྒྲིག་གཞི་དང་། ཁེ་ལས། སློབ་གྲྭ་སོགས་པའི་ལས་ཁུངས་ཀྱིས་སྔོན་འགོག་དང་། བདག་སྤྲོད་གཏུག་བཤེར། བརྟག་དཔྱད་དང་ཐག་གཅོད་བྱེད་པ་སོགས་ཀྱི་ལུགས་མཐུན་གྱི་བྱེད་ཐབས་སྤྱད་ནས། འགན་བབ་དབང་ཆ་དང་ཁོངས་གཏོགས་ཀྱི་འབྲེལ་བ་སྤྱད་ནས་ཁོངས་གཏོགས་འབྲེལ་བར་ཆགས་སྲེད་སློང་བར་སྔོན་འགོག་དང་བཀག་འགོག་བྱེད་དགོས།”  (མུ་འགོད)

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།