《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བརྒྱད་པ།)

36.ཉེས་མེད་བཙན་ཉར་བྱས་ན་སྐྱིན་ཚབ་འཇལ་དགོས་དོན་ཅི་ཡིན།

【གྱོད་དཔེ】པའེ་ཆེ་གེ་མོས་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་ནང་ཞུགས་པའི་ཉེས་གསོག་དོགས་ཡོད་དབང་གིས་བཀག་ཉར་བྱས་པ་དང་།  ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་ཉེས་པ་མེད་པ་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་ཁང་སྐྱིན་ཚབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་སྐྱིན་ཚབ་གཏན་འཁེལ་བྱེད་པ་ལྟར། མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་སྐྱིན་ཚབ་སྒོར་ཁྲི7.2འཇལ་རྒྱུའི་གཏན་འཁེལ་བྱས་པ་རེད།

【དབྱེ་ཞིབ】རྩ་ཁྲིམས་ཀྱི་དོན་ཚན37པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བཏང་མི་ཆོག་པའི་གཏན་འབེབས་བྱས་ཡོད།《དམངས་དོན་ཁྲིམས་གཞུང་།》གི་དོན་ཚན109པའི་ནང་སྤྱི་དམངས་ཀྱི་མི་ལུས་རང་དབང་དང་མིའི་ཐོབ་ཐང་དང་ལ་རྒྱར་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཉེས་མེད་སྐྱེ་བོ་ཆེ་གེ་མོའི་མི་ལུས་རང་དབང་གི་དབང་ཆར་བཙན་ཉར་བྱས་ན་རྒྱལ་ཁབ་ཀྱི་སྐྱིན་ཚབ་འཇལ་དགོས།

ཁྲིམས་ཁང་གི་དཔྱད་མཚམས་དེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གུན་གསབ་བཅའ་ཁྲིམས》ཀྱི་དོན་ཚན་གསུམ་པ་གཞིར་བཟུང་སྟེ།  སྲིད་འཛིན་ལས་ཁུངས་དང་ལས་བྱེད་མི་སྣས་འགན་དབང་ལག་བསྟར་བྱེད་པའི་སྐབས་སུ་གཤམ་གྱི་མིའི་ལུས་ཁམས་ཀྱི་ཁེ་དབང་ལ་གནོད་པའི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་འཇལ་རྒྱུའི་དབང་ཆ་ཡོད་པ་སྟེ།

(1)ཁྲིམས་འགལ་གྱིས་བཀག་སྐྱིལ་བྱས་པའམ་ཡང་ན་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་སྲིད་འཛིན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ།

(2)ཁྲིམས་འགལ་གྱིས་བཀག་སྐྱིལ་བྱས་པའམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་སྤྱི་དམངས་ཀྱི་མི་ལུས་རང་དབང་ཁྲིམས་འགལ་གྱིས་བཙན་འཕྲོག་བྱས་པ།

......

དོན་ཚན་བཅུ་བདུན་པ། མྱུལ་ཞིབ་དང་ཞིབ་དཔྱོད། འདྲི་གཅོད་བཅས་ཀྱི་འགན་དབང་སྤྱོད་པའི་ལས་ཁུངས་དང་དེ་བཞིན་ཉེས་ཅན་ལྟ་སྲུང་ཁང་དང་། བཙོན་ཁང་དོ་དམ་ལས་ཁུངས་བཅས་དང་དེའི་ལས་བྱེད་མི་སྣས་འགན་དབང་སྤྱོད་སྐབས་མི་ལུས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་གཤམ་གསལ་སྤྱོད་ཚུལ་ལས་རིགས་གཅིག་ཡོད་ན། གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་འཇལ་དགོས། 

......

(2)སྤྱི་དམངས་ལ་འཛིན་བཟུང་གི་བྱེད་ཐབས་སྤྱད་རྗེས། གྱོད་དོན་མེད་པར་བཟོ་བ་དང་ཁྲིམས་སྦྱོར་མི་བྱེད་པའམ་ཡང་ན་ཉེས་པ་མེད་པའི་ཁྱབ་བསྒྲགས་བྱ་རྒྱུའི་དཔྱད་མཚམས་བཅད་ནས་ཉེས་འགན་བདའ་འདེད་མཚམས་འཇོག་བྱས་པའི་རིགས།

(3)འདྲི་གཅོད་ལྟ་སྐུལ་གྱི་གོ་རིམ་ལྟར་ཉེས་པ་མེད་པར་བསྒྱུར་ཡང་། ཐོག་མའི་དཔྱད་མཚམས་ཀྱི་ཁྲིམས་ཆད་ལག་བསྟར་བྱས་ཟིན་པའི་རིགས།

37.མི་གཞན་གྱི་ཚབ་བྱས་ནས་སློབ་གྲྭ་ཆེན་མོར་སོང་ན་ཁྲིམས་འགལ་ཡིན་ནམ།

【གྱོད་དཔེ།】ཁྲེན་ཆེ་གེ་མོས་ཆི་ཆེ་གེ་མོའི་སློབ་བསྡུའི་བརྡ་ཐོ་གཡོ་ལེན་བྱས་ཏེ་ཚོང་ལས་སློབ་གྲྭ་ག་གེ་མོ་ཞིག་ཏུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། སློབ་གྲྭ་ནས་ཐོན་རྗེས་མུ་མཐུད་དུ་ཆི་ཆེ་གེ་མོའི་མིང་ཐོག་ནས་ཀྲུང་གོ་དངུལ་ཁང་གི་ཡན་ལག་དངུལ་ཁང་ཞིག་ཏུ་ལས་ཀ་བྱེད་པར་བསྐྱོད།  ཆི་ཆེ་གེ་མོས་གནས་ཚུལ་དེ་ཤེས་རྗེས།  ཁྲེན་ཆེ་གེ་མོ་དང་འབྲེལ་ཡོད་སློབ་གྲྭ་དང་ལས་ཁུངས་ཁྲིམས་ཁང་ལ་ཞུ་གཏུག་བྱས།

【དབྱེ་ཞིབ】ཁྲེན་ཆེ་གེ་མོ་དང་འབྲེལ་ཡོད་སློབ་གྲྭ  ལས་ཁུངས་ཀྱིས་ཆི་ཆེ་གེ་མོའི་རུས་མིང་ཐོབ་དབང་དང་སློབ་གསོ་ཐོབ་དབང་ལ་གནོད་འཚེ་བཏང་བ་རེད།  རྩ་ཁྲིམས་དོན་ཚན46པའི་གཏན་འཁེལ་ལྟར་ན།  “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་མྱོང་བའི་དབང་ཆ་དང་འོས་འགན་ཡོད།” 《དམངས་དོན་ཁྲིམས་གཞུང་།》གི་དོན་ཚན1012ནང་དུ་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེ་ཇུས་དང་གཡོ་སྤྱོད་སོགས་ཀྱི་བྱེད་ཐབས་སྤྱད་དེ། མི་གཞན་གྱི་རུས་མིང་དབང་ཆར་གནོད་འཚེ་བཏང་མི་ཆོག་པའི་གཏན་འབེབས་བྱས་ཡོད།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་དྲུག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་ནས་སྤྱི་དམངས་ལ་སློབ་གསོ་ཐོབ་པའི་དབང་ཆ་ཁྲིམས་སྐྱོང་ཐོག་ནས་སྤྱི་དམངས་མི་རིགས་དང་རིགས་རྒྱུད། ཕོ་མོ། ལས་རིགས། རྒྱུ་ནོར། ཆོས་དད་སོགས་མི་དབྱེ་བར་འདྲ་མཉམ་གྱི་སློབ་གསོ་ཐོབ་པའི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་དོན་བདུན་པས་གཏན་འབེབས་བྱས་དོན། སློབ་མ་བསྡུ་ལེན་བྱ་བའི་ཁྲོད་གཉེན་ཕྱོགས་གཡོ་ཟོལ་བྱས་པའི་རིགས་ལ།  སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱིས་བསྡུས་མི་རྣམས་ཕྱིར་སློག་བྱེད་དུ་འཇུག་པ་དང། ཐད་ཀར་འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་གྱི་འགན་འཁྲི་མི་སྣ་གཞན་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་དགོས། བྱས་ཉེས་སུ་གྲུབ་པའི་རིགས་ལ་བཅའ་ཁྲིམས་ལྟར་རྩད་གཅོད་བྱ་དགོས། 

《ཉེས་ཁྲིམས》ཀྱི་དོན་ཚན280ཡི་ཚན་པ་གཉིས་པའི་ནང་མིང་བརྫུས་པའི་བྱས་ཉེས་གཏན་འབེབས་བྱས་པ་སྟེ། མི་གཞན་གྱི་ཐོབ་ཐང་རྐུ་འཁྱེར་དང་རྫུན་སྤྱོད་བྱས་ནས་མི་གཞན་གྱི་མཐོ་རིམ་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་ཞུགས་ཐོབ་ཐང་དང་། གཞུང་ཞབས་པའི་བསྡུ་ལེན་ཐོབ་ཐང་། ལས་ཞུགས་བཀོད་སྒྲིག་གི་ཐོབ་ཐང་བཅས་ཚབ་ལེན་བྱས་པའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་དང་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་མ་ཟད་དངུལ་ཆད་བཅད་ཆོག མི་གཞན་རྩ་འཛུགས་དང་བཀོད་པ་བཏང་ནས་བྱ་སྤྱོད་སྤེལ་དུ་བཅུག་པའི་རིགས་ལ།  གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་ལྗིད་མོ་གཅོད་རྒྱུ།  རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་ནང་གསེས་དོན་ཚན་གཉིས་ཀྱི་བྱ་སྤྱོད་ཡོད་དེ། བྱས་ཉེས་སུ་གྲུབ་པའི་རིགས་ལ་བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱ་རྒྱུའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

38.ཁྱིམ་དུ་རྣོ་སྦྲེང་བཏང་ནའང་ཁྲིམས་གཏུག་ཐེབས་སྲིད། 

【གྱོད་དཔེ】ཡན་ཆེ་གེ་མོས་ལས་འཁྱུར་ངལ་གསོ་བྱས་ནས་ཁྱིམ་དུ་རྣོ་སྦྲེང་གཉིས་བཞག་ནས་རང་ཉིད་ཀྱིས་བཏང་བ་མ་ཟད། ད་དུང་སློབ་མ་སྐོར་ཞིག་བསྡུས་ནས་སློབ་ཁྲིད་བྱེད་སྒོ་སྤེལ་གྱིན་ཡོད། ཡན་ཆེ་གེ་མོས་ངལ་གསོ་ལ་ཤུགས་རྐྱེན་བཟོས་པར་ཁ་གཡར་ནས་ཁྲིམས་ཁང་ལ་གཏུགས། 

【དབྱེ་ཞིབ】རྩ་ཁྲིམས་ཀྱི་དོན་ཚན43པའི་གཏན་འབེབས་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་པ་རྣམས་ལ་ངལ་གསོ་བའི་ཁེ་དབང་ཡོད། དོན་ཚན51པའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་དུས། རྒྱལ་ཁབ་དང་སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། ཡན་ཆེ་གེ་མོས་ཁྱིམ་མཚེས་ཀྱི་ངལ་གསོའི་དབང་ཆར་གནོད་འཚེ་བཏང་བ་རེད།

འཛེར་སྒྲའི་གནོད་འཚེ་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་ལ་འཛེར་སྒྲའི་སྦགས་བཙོག་བཟོ་བའི་འགོག་བཅོས་བཅའ་ཁྲིམས》ལ་གཞིགས་ནས་མཚམས་འབྱེད་བྱ་དགོས།   དོན་ཚན46པའི་གཏན་འབེབས་ལྟར་ན། ཁྱིམ་སྤྱོད་གློག་ཆས་དང་རོལ་ཆ་སྤྱད་པའམ་ཡང་ན་ཁྱིམ་ཚང་ནང་གི་རོལ་རྩེད་བྱེད་སྒོ་གཞན་དག་སྤེལ་སྐབས། སྒྲ་གདངས་ཚོད་འཛིན་བྱེད་པའམ་ཡང་ན་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཉེ་འཁོར་གྱི་ཡུལ་མིའི་ཁོར་ཡུག་ལ་འཛེར་སྒྲའི་སྦགས་བཙོག་མི་བཟོ་བར་བྱེད་དགོས། འབྲེལ་ཡོད་བྱ་སྤྱོད་ཀྱིས་མི་གཞན་པའི་མི་ལུས་ཀྱི་ཁེ་དབང་ལ་གནོད་པ་དང་།  སྤྱི་པའི་སྒྲིག་ལམ་སོགས་ལ་གཏོར་བརླག་བྱེད་མཁན་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་པའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་བཅད་ཆོག

39.ངལ་ལས་ཀུང་སིས་བུད་མེད་མྱུར་སྐྱེལ་པ་བསྡུ་ལེན་མ་བྱས་པས་ལས་ཞུགས་མཐོང་ཆུང་བྱེད་པའི་དོགས་གཞི་ཡོད་དམ།

【གྱོད་དཔེ】ངལ་ལས་ཀུང་སི་ཞིག་གིས་དྲ་ཚིགས་སྟེང་ལས་མི་བསྡུ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། ཁ་ཡིག་ལ“གླ་ཕོགས་སྒོར་སྟོང་གསུམ་དང་ཐོན་གྲངས་བརྩི་བ”དང་ལས་འགན་ཐོབ་ཐང་ནི་ཕོ་ཡིན་དགོས། ཏེང་ཆེ་གེ་མོའི་དྲ་ཐོག་ནས་ལོ་རྒྱུས་མདོར་བསྡུས་བསྐུར་རྗེས་ལས་གནས་དེས་དང་ལེན་མ་བྱས། རྒྱུ་མཚན་ནི་ཏེང་ཆེ་གེ་མོ་བུད་མེད་ཡིན་པའི་རྐྱེན་རེད། 

【དབྱེ་ཞིབ】རྩ་ཁྲིམས་ཀྱི་དོན་ཚན33པའི་གཏན་འབེབས་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན།  དོན་ཚན48པའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་རྣམས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་དང་ཁྱིམ་ཚང་གི་འཚོ་བ་སོགས་ཕྱོགས་གང་ཅི་ཐད་ནས་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་ཅེས་གཏན་འབེབས་བྱས་ཡོད།  རྒྱལ་ཁབ་ཀྱིས་བུད་མེད་ཀྱི་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། སྐྱེས་པ་དང་བུད་མེད་ལས་ཀ་གཅིག་མཚུངས་ལ་ཐོབ་ཆ་གཅིག་འདྲ་སྤྲོད་པ། བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བཅས་བྱེད་དགོས།

《དམངས་དོན་ཁྲིམས་གཞུང་།》ནང་བུད་མེད་ལ་འདྲ་མཉམ་གྱི་དམངས་དོན་བཅའ་ཁྲིམས་ཀྱི་གནས་བབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དམིགས་བསལ་སྒོས་ནན་བཤད་བྱས་ཡོད།《དམངས་དོན་ཁྲིམས་གཞུང་།》ནང་གི་དོན་ཚན4པ་དང14པས་སོ་སོར་བུད་མེད་ཚུད་པའི་དམངས་དོན་གྱི་གྲུབ་ཆ་གཙོ་བོ་ཡོད་ཚད་དམངས་དོན་གྱི་བྱེད་སྒོའི་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་གོ་གནས་དང་དམངས་དོན་གྱི་ཁེ་དབང་། ནུས་པ་ཚང་མ་འདྲ་མཉམ་ཡིན་ལུགས་ནན་བཤད་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན13པའི་གཏན་འབེབས་ལྟར་ན། བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།  ལས་བཟོ་པ་བསྡུ་སྐབས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བུད་མེད་ལ་མི་འཚམ་པའི་ལས་རིགས་སམ་ཡང་ན་ལས་གནས་ཕུད།  ཕོ་མོའི་དབྱེ་བ་ཕྱེས་ནས་བུད་མེད་མི་བསྡུ་བའམ་མཐོ་རུ་གཏོང་བའི་ཚད་གཞི་རིགས་བཏོན་མི་ཆོག  མྱུར་སྐྱེལ་ལས་གནས་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བུད་མེད་ལ་མི་འཚམ་པའི་ལས་རིགས་སམ་ཡང་ན་ལས་གནས་སུ་མི་གཏོགས་ཤིང་། ངལ་ལས་ཀུང་སི་འདིའི་བྱ་སྤྱོད་ཀྱིས་ལས་ཞུགས་ལ་མཐོང་ཆུང་དང་བུད་མེད་ཀྱི་འདྲ་མཉམ་ལས་ཞུགས་དབང་ཆར་གནོད་སྐྱོན་བཏང་ཡོད།

40.རྒྱལ་དར་བཀོལ་སྤྱོད་ཡག་པོ་མི་བྱེད་པ་དང་རྡོག་རྫིས་བཏང་ན་བཅའ་ཁྲིམས་ཅི་ཞིག་དང་འགལ་ཡོད་དམ།

【གྱོད་དཔེ】2018ལོའི་ཟླ2པའི་ཚེས9ཉིན། ཀྲུང་ཆེ་གེ་མོས་སེང་རྩེད་འཁྲབ་སྟོན་བྱེད་པའི་སྐབས་སུ་དར་དམར་དེ་རས་དམར་པའི་ཚབ་བྱས་ནས་མཆོད་རྫས་ཕུལ་བ་མ་ཟད། རྒྱལ་དར་ལ་རྡོག་བརྫིས་ཐེངས་མང་བཏང་བས་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ཟླ6ལ་བྱས་པ་རེད།

【དབྱེ་ཞིབ】རྩ་ཁྲིམས་ཀྱི་དོན་ཚན141པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན།  རྒྱལ་དར་དང་རྒྱལ་གླུ། རྒྱལ་རྟགས་བཅས་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན།  རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་ལ་བརྩི་འཇོག་དང་གཅེས་སྤྲས་བྱ་རྒྱུ་ནི་སྤྱི་དམངས་ཚང་མའི་ཁྲིམས་བཀོད་ཀྱི་འོས་འགན་ཡིན། རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བཅས་ལ་དམའ་འབེབས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཚང་མར་ངེས་པར་དུ་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ཀྱི་དོན་ཚན4པའི་ནང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་བྱེད་དང་མཚོན་རྟགས་ཡིན་ཞེས་གཏན་འབེབས་བྱས་ཡོད།  སྤྱི་དམངས་དང་རྩ་འཛུགས་ཚང་མས་རྒྱལ་དར་ལ་བརྩི་འཇོག་དང་གཅེས་སྤྲས་བྱ་དགོས།   དོན་ཚན19པའི་ནང་། ཆག་གྲུམ་དུ་སོང་བ་དང་ཉམས་ཆག་ཤོར་བ། ཚོས་མདོག་ལོག་པའམ་ཚད་གཞི་དང་མི་མཐུན་པ་བཅས་ཀྱི་རྒྱལ་དར་སྒྲེང་བ་དང་བཀོལ་སྤྱོད་བྱས་མི་ཆོག་ལ། མགོ་ཐུར་དུ་བཀལ་བའམ་རྒྱལ་དར་གྱི་ལ་རྒྱར་གནོད་པའི་བྱ་ཐབས་གཞན་དག་གིས་རྒྱལ་དར་འགེལ་བ་དང་བཀོལ་སྤྱོད་བྱས་མི་ཆོག   དོན་ཚན23པའི་ནང་། མི་ཚོགས་འདུ་སར་བསམ་བཞིན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་མེར་བསྲེགས་པ་དང་གཏོར་བརླག་གཏོང་བ། རི་མོ་དང་ཚོན་བྱུག་པ། བཙོག་པ་བཟོ་བ། རྡོག་བརྫིས་གཏོང་བ་ལ་སོགས་པའི་ཐབས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ལ་དམའ་འབེབས་བྱས་ན། ཁྲིམས་ལྟར་ཉེས་འགན་རྩད་གཅོད་གཏོང་རྒྱུ་དང་ཉེས་ཚབས་ཅུང་ཆུང་བར་སྤྱི་བདེ་ལས་ཁུངས་ཀྱིས་བཀག་ཉར་ཉིན་བཅོ་ལྔ་མན་གྱི་ཆད་པ་གཅོད་དགོས། །(མུ་འགོད།)

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།