《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(དྲུག་པ།)

26.རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ལ་ལེའུ་གང་དག་ཡོད།

དེ་ལ་ལེའུ5ཡོད་དེ། དེ་དག་ནི་གླེང་གཞི་དང་། ལེའུ་དང་པོ“རྩ་འཛིན”། ལེའུ་གཉིས་པ“སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན”། ལེའུ་གསུམ་པ“རྒྱལ་ཁབ་ཀྱི་སྒྲིག་གཞི”། ལེའུ་བཞི་བ“རྒྱལ་དར་དང་རྒྱལ་གླུ རྒྱལ་རྟགས། རྒྱལ་ས”བཅས་སོ། །

27.རྩ་ཁྲིམས་བཟོ་བཅོས་དང་འགྲེལ་བཤད། ལྟ་སྐུལ་བྱེད་པའི་དབང་ཆ་སུ་ལ་ཡོད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རང་རྒྱལ་གྱི་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཡིན་པས། རྩ་ཁྲིམས་ལ་བཟོ་བཅོས་དང་རྩ་ཁྲིམས་བེད་སྤྱོད་བྱེད་པར་ལྟ་སྐུལ་གྱི་དབང་ཆ་ཡོད་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྩ་ཁྲིམས་འགྲེལ་བཤད་དང་བེད་སྤྱོད་བྱེད་པར་ལྟ་སྐུལ་གྱི་དབང་ཆ་ཡོད།

རྩ་ཁྲིམས་བཟོ་བཅོས་བརྒྱག་པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ལྔ་ཆའི་གཅིག་ཡན་གྱིས་གྲོས་གཞི་བཏོན་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡོངས་ཀྱི་གསུམ་ཆའི་གཉིས་ཡན་གྱིས་མོས་མཐུན་བྱ་དགོས།

28. རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཞེས་པ་དུས་ནམ་ཞིག་ནས་བྱུང་བ་ཡིན། 

2014ལོའི་ཟླ11པའི་ཚེས1ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བཅུ་གཅིག་པའི་ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་གཏན་འཛུགས་རྒྱུ་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། ལོ་རེའི་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་རུ་གཏན་ཁེལ་བྱས་པ་རེད། 

29.རྩ་ཁྲིམས་དྲིལ་སྒྲོག་བཟའ་འཁོར་ཞེས་པ་དུས་ནམ་ཞིག་ནས་བྱུང་བ་ཡིན།

2018ལོའི་ཟླ11པའི་ཚེས26ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཏང་ནས། 2018ལོའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཤིང་། 2018ལོའི་ཟླ12པའི་ཚེས4ཉིན་གྱི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”གྱི་བྱ་འགུལ་དེ་ནི་ཀྲུང་གོའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”ཐེངས་དང་པོ་རེད།

30.རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་གང་དག་ཡོད།

རང་རྒྱལ་གྱི་སྤྱི་དམངས་ཀྱིས་ལོངས་སུ་སྤྱད་ཆོག་པའི་གཞི་རྩའི་ཁེ་དབང་ལ། འདྲ་མཉམ་དབང་ཆ་དང་། འདེམས་བསྐོ་དབང་ཆ་དང་གདམ་བྱའི་དབང་ཆ། གཏམ་བརྗོད་དང་དཔེ་སྐྲུན། འདུ་ཚོགས། ཚོགས་འཛུགས། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ཁེ་དབང་དང་། སྐྱོན་བརྗོད་དང་རྒྱུ་མཚན་ཞུ་འབུལ། ཞུ་གཏུག ཐེར་འདོན་བཅས་ཀྱི་ཁེ་དབང་། རང་ལུས་རང་དབང་དང་ཆོས་ལུགས་དད་མོས་རང་དབང་། ངལ་རྩོལ་གྱི་ཁེ་དབང་། ངལ་རྩོལ་པར་ངལ་གསོ་བྱ་ཆོག་པའི་ཁེ་དབང་། དངོས་པོའི་རོགས་རམ་ཐོབ་པའི་ཁེ་དབང་། སློབ་གསོ་མྱོང་ཆོག་པའི་ཁེ་དབང་། ཚན་རིག་ཞིབ་འཇུག་དང་རྩོམ་རིག་སྒྱུ་རྩལ་གསར་རྩོམ་དང་རིག་གནས་ཀྱི་བྱ་འགུལ་སྤེལ་ཆོག་པའི་རང་དབང་། བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་དང་ལས་འཁྱུར་ངལ་གསོ་བྱེད་མཁན་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་ཁེ་དབང་ལ་འགན་སྲུང་། གཉེན་སྒྲིག་དང་ཁྱིམ་ཚང་། ཨ་མ། བྱིས་པ། རྒན་རྒོན་བཅས་ལ་སྲུང་སྐྱོབ། ལོ་ཆུང་གཞོན་ནུ་རྣམས་འཚར་ལོངས་འབྱུང་བར་ཐུགས་ཁུར། ཕྱིར་སྡོད་རང་མིའི་འོས་བབ་ཀྱི་ཁེ་དབང་བཅས་ལ་སྲུང་སྐྱོང་བྱེད་པའི་ཁེ་དབང་བཅས་ལྡན་པ་རེད། 2004ལོའི་རྩ་ཁྲིམས་ཀྱི་དག་བཅོས་ཐེངས་ཉེར་བཞི་པའི་འཆར་ཟིན་ནང་“རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི”སྐོར་དེ་རྩ་ཁྲིམས་ནང་བཀོད་ཡོད།(མུ་འགོད)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།