《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(ལྔ་བ།)

21.《འཆར་འགོད》ནང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་འབྲེལ་བ་ཡོད་པའི་དྲིལ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་པའི་ཐད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བླང་བྱ་གང་དག་བཏོན་ཡོད།

མུ་མཐུད་དུ་སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། མཛེས་སྡུག་ལྡན་པའི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་གི་དཔེ་མཚོན་ཅན་གྱི་མཚོ་སྔོན་ཞིག་གཏོད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ལག་ལེན་གྱི་ཆུ་ཚད་མཐོ་ས་གསར་ཤོས་སུ་བསླེབས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུ་ཕེབས་པ་དང་ཐེངས་གཉིས་ལ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ། གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བྱེད་པ་གཙོ་གནད་དུ་འཛིན་དགོས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གསལ་འགྲེལ་བྱེད་པ། བརྒྱུད་སྤེལ་ནུས་ལྡན་བྱེད་པ། ལག་ལེན་དངོས་ནང་ནུས་པ་གང་ཡོད་འདོན་པ། མདུན་གྲལ་དུ་སྐྱོད་པ་བཅས་བྱ་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དེ་མཐོ་ས་གསར་པ་ཞིག་ཏུ་བསླེབ་པར་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་རིགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག སློབ་གསོར་ཤུགས་སྣོན་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་དང་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་བདེ་འཇགས་ཀྱི་རྨང་རྡོ་སྲ་བརྟན་དུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་གཏོད་པར་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ“ས་ཆ་བཞི”ཡི་འཛུགས་སྐྲུན་དང“དཔལ་འབྱོར་གྱི་རྣམ་པ་བཞི”སྐྱེད་སྲིང་ཡག་པོ་བྱ་ཆེད་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་གཏོད་དགོས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་པ་གཏོད་པར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ཆུ་ལེན་རི་བོ་རྒྱལ་ཁབ་སྤྱི་གླིང་གཉིས་ལ་འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱ་དགོས་པ་མ་ཟད། མགྱོགས་མྱུར་སྒོས་མཚོ་སྔོན་པོ་དང་ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ལ།《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་སློབ་གསོའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》《མཚོ་སྔོན་པོ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སོགས་ཁྲིམས་སྲོལ་དང་དེ་འབྲེལ་གྱི་སྲིད་ཇུས་དྲིལ་སྒྲོག་དང་སློབ་གསོའི་ཐད་ཤུགས་བསྣན་ཏེ། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་གྱི་གསར་གཏོད་ལག་ལེན་ལས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་འཛད་མཐའ་མེད་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་དགོས། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཀྱི་མཐོ་ས་གསར་པ་གཏོད་པར་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས་རང་བྱུང་གི་ཆོས་ཉིད་ལྟར་བྱ་བ་དང་ལས་དོན་སྒྲུབ་པའི་འདུ་ཤེས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མཐོ་ས་གསར་པ་གཏོད་པར་རྒྱ་ཆེར་ངང་ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་སོགས་དྲིལ་སྒྲོག་བྱ་དགོས་ལ། རང་རེའི་ཞིང་ཆེན་གྱིས་དེ་དང་འབྲེལ་བའི་ཁྲིམས་སྲོལ་གཏན་འབེབས་བྱེད་སྐབས། དུས་ཐོག་ཏུ་སྤྱི་ཚོགས་ཡོངས་སུ་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་དང་འགྲེལ་བཤད་ལ་ཤུགས་སྣོན་བྱས་ཏེ། ནུས་ལྡན་གྱི་ལམ་ལུགས་ལ་བརྟེན་ནས་རི་ཆུ་བཅོས་སྐྱོང་དང་སྔོ་ལྗང་སྲུང་སྐྱོང་བྱ་དགོས། རི་ཆུ་དང་ནགས་ཞིང་། མཚོ་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་། གངས་རི་སོགས་ལ་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གི་མཐོ་ས་གསར་པ་གཏོད་པར་ཤུགས་ཆེན་པོས་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་དང《མཚོ་སྔོན་ཞིང་ཆེན་ཙོང་ཆུ་བཞུར་རྒྱུད་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》། དེ་མིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། གཙང་པོ་དང་མཚེའུ་ཆུ་མཛོད་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྩྭ་ཐང་དང་ནགས་ཚལ་མེ་ཟོན། ས་ཆུ་སྲུང་འཛིན། ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་ངང་བེད་སྤྱོད། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་བྱ་རྒྱུའི་ཐད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱ་དགོས་པ་མ་ཟད། མཚོ་སྔོན་དུམ་མཚམས་ཀྱི་འབྲི་ཆུ་བཞུར་རྒྱུད་དུ“ལོ་བཅུ་རིང་ཀློང་རྒྱ་སྡོམ་པ”དང་མཚོ་སྔོན་དུམ་མཚམས་ཀྱི་རྨ་ཆུ་བཞུར་རྒྱུད་དུ “ལོ་ལྔ་རིང་ཀློང་རྒྱ་སྡོམ་པ”། མཚོ་སྔོན་པོའི་མཚོ་རྒྱ་སྡོམ་ཐེངས་དྲུག་པའི་འབྲེལ་ཡོད་ཁྲིམས་སྲོལ་དང་སྲིད་ཇུས་ལག་བསྟར་གང་ལེགས་བྱས་ནས། ཧུར་ཐག་སྒོས་གནམ་ས་གཅིག་ཏུ་འདུས་པའི་རི་ཆུ་མཛེས་སྡུག་ལྡན་ལ་ནགས་ཀླུང་ལྗང་ལོ་རྒྱས་པ། མཚོ་དང་མཚེའུ་དྭངས་ཤིང་གཙང་བ། བྱེ་ཐང་བརྟན་ཞིང་གངས་ཆབ་གཡུ་ལྟར་སྔོ་བའི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་འབྲི་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་མཐོ་ས་གསར་པ་གཏོད་པར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་། སྲོག་ཆགས་ཀྱི་རིམས་ནད་བཀག་འགོག རྩི་ཤིང་གི་ནད་ཡམས་བརྟག་དཔྱད། རྩི་ཤིང་གསར་པར་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་བསྡུ་ཉར་སྲུང་སྐྱོབ་སོགས་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་བོད་མཐོ་སྒང་གི་དག་ཞིང་འདི་ཉིད་སྐལ་བ་མ་སྟོང་བར་དུ་འདབ་ཆགས་དང་རི་དྭགས་ཀྱི་སྐྱིད་པའི་དགའ་ཚལ་དང་། རྩ་རྩི་ཤིང་དང་འབའ་འབུ་ཡི་ཁྱིམ་གཞིས། སྐྱེ་དངོས་སྣ་མང་རང་བཞིན་སྐྱེ་འཕེལ་གྱི་གཤིན་ས་གསར་བ་བཅས་སུ་བསྒྱུར་དགོས།

22.《འཆར་འགོདནང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་གཏིང་ཟབ་སྤེལ་བའི་ཐད་ལ་བླང་བྱ་གང་དག་བཏོན་ཡོད།

འཕེལ་རྒྱས་དང་བདེ་འཇགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་བཅའ་ཁྲིམས། རྒྱལ་སྲུང་བཅའ་ཁྲིམས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་བྱ་བར་ཤུགས་བསྣན་ནས། རྒྱུན་ལྡན་ལྟར“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ་སྤྱི་ཚོགས་ཡོངས་སུ་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དགོས་མཁོར་དམིགས་ཏེ། མུ་མཐུད་དུ་ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས། སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་བྱ་བར་ཤུགས་སྣོན་པ་དང་། ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་ཉེས་གསོག་སྔོན་འགོག་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་བདེ་འཇགས་ཡོང་བར་འགན་སྲུང་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དགོས་མཁོར་དམིགས་ཏེ། ཕྱོགས་ཡོངས་ནས་མི་རིགས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས།མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་གཅེས་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྒྱུན་ཆད་མེད་པར་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་བརྟན་དང་གོང་སྤེལ་དུ་གཏོང་དགོས། བཅའ་ཁྲིམས་ཀྱི་མདུན་དུ་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། མི་རིགས་དང་ཆོས་ལུགས་དང་འབྲེལ་བའི་གྱོད་གཞི(དོན་རྐྱེན)རྣམས་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་སྤྱི་ཚོགས་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་དགོས་མཁོར་དམིགས་ཏེ། དྲ་རྒྱའི་བདེ་འཇགས་དང་གཞི་གྲངས་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་བྱ་བར་ཤུགས་བསྣན་ནས། དྲ་དམངས་ཀྱིས་ཁྲིམས་ལྟར་དྲ་རྒྱ་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ་དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས། ཁ་དན་ཚིག་གནས་ཀྱི་སྤྱི་ཚོགས་འཛུགས་སྐྱོང་གི་དགོས་མཁོར་དམིགས་ནས་ཡིད་རྟོན་གྲོས་འདྲི་འཛུགས་སྐྱོང་དང་ཁྲིམས་ལྟར་ཁྲལ་འཇལ་བ། ཁ་དན་ཚིག་ལ་མ་གནས་པའི་ཆད་གཅོད་བསླབ་འདོམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་བྱ་བར་ཤུགས་སྣོན་བརྒྱབ་ནསལེ་བར་ཁྲི་ལ་ཁ་དན་ཚིག་གནས་བྱེད་པསོགས་བརྗོད་དོན་གཙོ་བོའི་བྱ་འགུལ་དྲིལ་སྒྲོག་བྱས་ནས་ནུས་ཤུགས་ཡོད་རྒུསཡིད་རྟོན་མཚོ་སྔོནགྱི་མིང་བྱང་བཏོད་དགོས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་དམིགས་ཏེ། དམངས་འཚོའི་གླེང་མང་ལ་དོ་ཁུར་དང་མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ། གཉེན་སྒྲིག་ཁྱིམ་ཚང་དང་རྒྱུ་ནོར་རྒྱུན་འཛིན། བཅའ་ཁྲིམས་རོགས་སྐྱོར། དུག་འགོག་དུག་གཅོད་བཅས་ཀྱི་བྱ་བར་ཤུགས་སྣོན་རྒྱག་པ་དང་། བུད་མེད་དང་བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། གསར་དུ་ལས་ཀར་ཞུགས་པའི་ངལ་རྩོལ་པ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། ཡིག་བསྐུར་ངོ་བཅར་དང་ལོག་ཆོས་ལ་ངོ་རྒོལ། ནག་སེལ་ངན་འཇོམས། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་དང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་བརྒྱག་པ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། སྤྱི་ཚོགས་བཅོས་སྐྱོང་དེ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་བསླེབ་པར་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་དགོས་མཁོར་དམིགས་ཏེ། གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་བྱ་བར་ཤུགས་བསྣན་ནས། རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་ལ་སྐུལ་འདེད་གཏོང་བར་བཅའ་ཁྲིམས་ཀྱིས་འདེགས་སྐྱོར་མཁོ་འདོན་བྱ་དགོས།

ལེའུ་གསུམ་པ། རྩ་ཁྲིམས་ཤེས་བྱ།

23.ཅི་ཞིག་ལ་རྩ་ཁྲིམས་ཟེར། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》(གཤམ་དུ་རྩ་ཁྲིམས་ཞེས་བསྡུ་རྒྱུ།)ནི་རང་རྒྱལ་གྱི་གཞི་རྩའི་བཅའ་ཁྲིམས་ཆེན་མོ་དང་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན། རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་ཆེས་རྩ་བའི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་ལམ་ལུགས། དེ་མིན་རྒྱལ་ཁབ་ཀྱི་ལས་ཁུངས་རྩ་འཛུགས་དང་བྱ་འགུལ་གྱི་གཞི་རྩའི་རྩ་དོན་སོགས་གཏན་ཁེལ་བྱས་ཡོད། རྩ་ཁྲིམས་ལ་ཆེས་མཐོ་བའི་བཅའ་ཁྲིམས་ཀྱི་ནུས་པ་ལྡན་ལ། བཅའ་ཁྲིམས་གཞན་དག་གཏན་འབེབས་བྱེད་པའི་གཞི་འཛིན་སའང་ཡིན། བཅའ་ཁྲིམས་མཐའ་དག་རྩ་ཁྲིམས་ཀྱི་མངའ་ཁོངས་སུ་གཏོགས་ཤིང་རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་དགོས། 

24.ཀྲུང་གོ་གསར་བའི་རྩ་ཁྲིམས་ལ་ལོ་རྒྱུས་ཀྱི་རྒྱུད་རིམ་གང་དག་བརྒྱུད་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། 1954ལོའི་ཟླ9བའི་ཚེས20ཉིན་དང1975ལོའི་ཟླ1པོའི་ཚེས17ཉིན། 1978ལོའི་ཟླ3པའི་ཚེས5ཉིན། 1982ལོའི་ཟླ12པོའི་ཚེས24ཉིན་བཅས་ཐེངས་བཞི་ལ་གཏན་འབེབས་བྱས་མྱོང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནི1982ལོའི་རྩ་ཁྲིམས་ཡིན་མོད། 1988ལོདང1993ལོ། 1999ལོ། 2004ལོ། 2018ལོབཅས་ཐེངས་ལྔ་ལ་བཟོ་བཅོས་བརྒྱབ་མྱོང་། 

25.རྩ་ཁྲིམས་ནང་ནང་དོན་གང་དག་གཏན་འབེབས་བྱས་ཡོད།

རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་ངོ་བོ་དང་རྒྱལ་ཁབ་ཀྱི་རྩ་བའི་ལས་འགན། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས། གཞི་རྩའི་དཔལ་འབྱོར་ལམ་ལུགས། བགོ་བཤའ་རྒྱག་སྟངས། འདེམས་བསྐོ་ལམ་ལུགས། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན། རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་དང་འགན་དབང་། རྒྱལ་ཁབ་ཀྱི་མཚོན་རྟགས་སོགས་རྒྱལ་ཁབ་ཀྱི་རྩ་བའི་གནད་དོན་སོགས་འདུས་ཡོད། (མུ་འགོད།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།