《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཞི་བ།)

    ལེའུ་གཉིས་པ། “བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ།

      17.མཚོ་སྔོན་ཞིང་ཆེན་གྱི་“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་བྱ་བའི་མཛུབ་ཁྲིད་བསམ་བློ་ཅི་ཞིག་ཡིན།

      《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྐོར་གྱི་ལོ་ལྔའི་འཆར་འགོད་དྲུག་པ(2021ལོ་ནས2025ལོའི་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ) ཡི་ནང་བསྟན་དོན། ལོ་ལྔའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཐེངས་དྲུག་པའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”གཏིང་ཟབ་དང“ཡིད་ཆེས་བཞི”སྲ་བརྟན་དུ་བཏང་སྟེ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་དགོས།  ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཚོགས་འདུ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་ལ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  ཁྲིམས་སྐྱོང་དེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་གཞི་རྩའི་ཚད་གཞིར་འགྱུར་རྒྱུ་དམིགས་ཚད་དུ་བྱེད་པ་དང་། རྒྱུན་མཐུད་ངང་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཇེ་མཐོར་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་ལས་ཀའི་གཞི་ཚུགས་སར་བྱས་ནས།  “སུས་ཁྲིམས་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”སོགས་ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དང་དངོས་འབེབས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རིམ་པ་མང་པོ་དང་ཁྱབ་ཁོངས་མང་བའི་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཁྱོན་ཡོངས་ནས་བདེ་འཇགས་དང་ཁྲིམས་སྐྱོང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་འདི་ཉིད་སྔར་བས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་བཏོད་དགོས། 

    18.མཚོ་སྔོན་ཞིང་ཆེན་གྱི་“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་བྱ་བའི་དམིགས་འབེན་གཙོ་བོ་ཅི་ཞིག་ཡིན།

    2025ལོར། མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་དོན་དངོས་དང་མཐུན་པའི་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་མ་ལག་གཞི་རྩའི་ཆ་ནས་འགྲུབ་པར་བྱེད་དགོས། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་དང་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་རྩ་ཁྲིམས་གོང་བཀུར་དང་། བཅའ་ཁྲིམས་བརྩི་སྲུང་། ཁྲིམས་སྐྱོང་ལ་དད་པའི་རྣམ་པ་ནུས་ལྡན་སྒོས་འགྲུབ་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤྱི་ཡོངས་རང་བཞིན་དང་། མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་དོན་འཁྱོལ་ནུས་ལྡན་བྱེད་དགོས། 

      19.མཚོ་སྔོན་ཞིང་ཆེན་གྱི་“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་བྱ་བའི་རྩ་དོན་ཅི་ཞིག་ཡིན།

      ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག་དམངས་ཡོངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་བཏང་ནས། ཏང་གི་མགོ་ཁྲིད་དེ་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་བྱ་བའི་བྱེ་བྲག་གི་ལག་ལེན་ཐོག་མངོན་པར་བྱེད་པ་དང་།  ཐོག་མཐའ་ཀུན་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་དགོས།  

      མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་འདུ་ཤེས་དང་བྱ་བའི་ཕྱོགས་སྟོན་བཙུགས་ཏེ།  ཁྲིམས་ལུགས་ཁྱབ་གདལ་དེ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། མི་དམངས་ལ་བརྟེན་དགོས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་རྒྱུན་འཁྱོངས་བྱས་ནས།  ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོས་མི་དམངས་ཀྱི་ཁེ་དབང་ལ་འགན་ལེན་དང་། མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་སྐུལ་འདེད་གཏོང་བའི་ནུས་པ་མཐོར་འདེགས་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཏན་ཏིག་སྒོས་ཆེ་རུ་གཏོང་དགོས།  

    ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་པ་དང་། རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་པའི་”དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་ལ་དམིགས་ནས། སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་ཀྱི་གནས་བབ། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་ཀྱི་གནས་བབ་ལ་གཞིི་ཚུགས་ཏེ། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཏན་ཏིག་གིས་ཆེ་རུ་གཏོང་དགོས་ལ། ཁྲིམས་ལྟར་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། ཁྲིམས་སྐྱོང་ལམ་བུའི་ཐོག་ས་གནས་བཅོས་སྐྱོང་གི་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། 

    ཁྲིམས་སྐྱོང་ལག་ལེན་དང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག་བྱ་རྒྱུ་ནི་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱ་བའི་འདུ་ཤེས་ལེགས་ཤོས་ཡིན།  ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དེ་ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་ལུགས་ཞབས་ཞུའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་སོ་སོར་མཉམ་འདྲེས་བྱས་ཏེ། སྤྱི་དམངས་ཀྱི་སྣེ་ཁྲིད་ནས་ཁྲིམས་སྐྱོང་ལག་ལེན་ཁྲོད་ནས་ཁྲིམས་སྐྱོང་གི་སྟོབས་ཤུགས་ཚོར་བ་དང་། ཁྲིམས་སྐྱོང་གི་དགོངས་པ་རྟོགས་པ། ཁྲིམས་སྐྱོང་གི་ཡིད་ཆེས་བརྟན་པོ་ཡོང་བ་བཅས་བྱེད་དགོས། 

     རིགས་དགར་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རང་ཞིང་གི་མི་རིགས་མང་འདུས་དང་ཆོས་ལུགས་སྣ་མང་། རིག་གནས་མཉམ་འདྲེས། བདེ་འཇགས་བརྟན་སྲུང་དང་མི་རིགས་མཐུན་སྒྲིལ་བཅས་ཀྱི་གནས་བབ་གལ་ཆེན་དང་དམིགས་བསལ་ཅན་གྱི་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཡུལ་བབ་དང་བསྟུན་ནས་རིགས་དབྱེ་སྣ་བགོས་དང་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་གནད་དོན་འབུར་ཐོན་དག་ཐག་གཅོད་ནུས་ལྡན་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གནད་སྨིན་ཅན་དང་ཞིབ་ཚགས་ཅན་མངོན་འགྱུར་བྱེད་དགོས། 

    20.མཚོ་སྔོན་ཞིང་ཆེན་གྱི“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་བྱ་བའི་ནང་དོན་གཙོ་བོ་ཅི་ཡིན། 

    (1)ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་དགོས། 

    (2) རྩ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་དགོས།

    (3) དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་གཏིང་ཟབ་བྱ་དགོས།

    (4)སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་དགོས།

    (5)སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བྱ་དགོས། 

    (6) སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བྱ་དགོས།

    (7) ཏང་ནང་གི་ཁྲིམས་སྲོལ་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་དགོས།(མུ་འགོད།)

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།