རིམས་ནད་འགོག་སྡོམ་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རིགས30དང་དེ་དག་གི་བཅའ་ཁྲིམས་མཇུག་འབྲས།(ཁག་དང་པོ)

ཉེ་ལམ་རིམས་ནད་འགོག་སྲུང་གི་གནས་བབ་ཛ་དྲག་ཆེ་བས། རིམས་ནད་འགོག་སྡོམ་བྱེད་པར་མི་རེ་རེ་ལ་འོས་འགན་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དྲན་སྐུལ་བྱ་རྒྱུ་ཞིག་ལ། གཤམ་གྱི་རིམས་ནད་འགོག་སྡོམ་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་དེ་དག་གི་བཅའ་ཁྲིམས་ཀྱི་མཇུག་འབྲས་ངེས་པར་དུ་ཤེས་དགོས།

གཅིག རིམས་ནད་འགོག་སྡོམ་བྱེད་པའི་སྤྱི་ཚོགས་དོ་དམ་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད།

1.སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ནས། གཞིས་ཁུལ་དང་སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ར། མགྲོན་ཁང་སོགས་སྤྱི་པའི་འདུ་གནས་སུ་འགྲོ་འོང་བྱེད་སྐབས། དོ་དམ་མི་སྣའི་ཁ་མི་ལེན་པར་ཁ་ཐུམ་མི་རྒྱག་པ་དེ། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆེད་སྤྱོད་བཅའ་ཁྲིམས》(གཤམ་དུ《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཞེས་བསྡུ་རྒྱུ)ཀྱི་དོན་ཚན་ཉེར་གསུམ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཅུང་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་ཆབས་ཅིག་ཏུ་སྒོར500མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》(གཤམ་དུ《ཉེས་ཁྲིམས》ཞེས་བསྡུ་རྒྱུ)ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

2.གཞིས་ཁུལ་དང་སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ར། མགྲོན་ཁང་སོགས་འབྲེལ་ཡོད་ས་ཆར་འགྲོ་འོང་བྱེད་སྐབས། བདེ་ཐང་ཆ་འཕྲིན་ལ་ཞིབ་བཤེར་བྱ་རྒྱུར་གཞོགས་འདེགས་མི་བྱེད་པ་དང་ཐོབ་ཐང་ཐོ་འགོད་ཀྱི་གཏན་འབེབས་ལ་གཞོགས་འདེགས་མི་བྱེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་ཆབས་ཅིག་ཏུ་སྒོར500མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་ན།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་དང་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

3.བཀག་སྡོམ་ཚོད་འཛིན་དང་བཀག་སྡོམ་གཞིས་ཁུལ་གྱི་གྲོང་མིས་བཀག་སྡོམ་དོ་དམ་ལ་གཞོགས་འདེགས་མི་བྱེད་པ་དང་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་རང་དགར་ཕྱིར་འགྲོ་བའམ་འདུས་ཚོགས་བྱེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་ཆབས་ཅིག་ཏུ་སྒོར500མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་དང་འགལ་ཏེ། ཉེན་ཁའི་བྱ་ཐབས་སྤྱད་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད།

4.རིམས་ནད་འགོག་སྡོམ་གྱི་འགོག་གནས་སུ་བརྒྱུད་པའི་རླངས་འཁོར་དང་མི་སྣས་བཙན་གྱིས་འགོག་གནས་བརྒྱུད་པ་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས་འགོག་གནས་ལས་བྱེད་མི་སྣའི་ཞིབ་བཤེར་ལ་གཞོགས་འདེགས་དང་དང་ལེན་མི་བྱེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་ཆབས་ཅིག་ཏུ་སྒོར500མན་གྱི་དངུལ་ཆད་བཅད་ཆོག  པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་ན།《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་དང་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

5.ཉིང་སྐྱུར་བརྟག་དཔྱད་ཀྱི་ཁྱབ་ཁོངས་སུ་བཞག་ཡོད་པའི་མི་རྣམས། གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པའི་ཉིང་སྐྱུར་བརྟག་དཔྱད་ལ་མི་ཞུགས་པ་དེ།

《ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མཁོ་བསྟུན་སྲོལ་ཡིག》གི་དོན་ཚན་ང་གཅིག་པར་འགལ་ཡོད་པས། འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱིས་བརྟག་དཔྱད་དང་མ་དཔེ་ལེན་པ། ལག་རྩལ་དབྱེ་ཞིབ། ཞིབ་དཔྱད་བཅས་ལ་གཞོགས་འདེགས་མི་བྱེད་པ་དེས《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ལ་འགལ་སྲིད། བདེ་འཇགས་དོ་དམ་ལས་འགལ་ན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། ཉེས་གསོག་གི་དོགས་གཞི་ཡོད་མཁན་ལ《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་ལྟར་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་ཀྱི་དོགས་ཡོད་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

6.བདེ་ཐང་ཨང་རྟགས་ནི་སེར་པོ་དང་དམར་པོ་ཡིན་པའི་མི་སྣས་གཏན་འབེབས་ལྟར་ཁྱིམ་སྡོད་བདེ་ཐང་གི་ལྟ་ཞིབ་ཚད་ལེན་མི་བྱེད་པའམ་གཅིག་བསྡུས་ལོགས་སུ་བཀར་ནས་ལྟ་ཞིབ་མི་བྱེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་དེ། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་ཆབས་ཅིག་ཏུ་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་ན། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

7.ནད་གཞི་སྦ་གསང་དང་ལམ་ཐིག་ཆ་འཕྲིན་སྦ་གསང(ལྷག་པར་ཏུ་གཙོ་གནད་ས་ཁུལ་དུ་གནས་སྡོད་བྱས་པའི་ལོ་རྒྱུས)དང་། ནད་རྟགས་གཏན་འཁེལ་བྱས་ཟིན་པའི་ནད་དཔེའམ་ཡང་ན་ནད་རྟགས་འདྲ་བའི་ནད་པ་དང་འབྲེལ་གཏུག་དམ་ཟབ་ཡོད་པའི་ལོ་རྒྱུས་སྦ་གསང་བྱེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་ཆབས་ཅིག་ཏུ་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད། ནད་གཞི་གཏན་འཁེལ་བྱས་ཡོད་མཁན་དང་ནད་གཞི་ཁྱེར་ཡོད་མཁན་གྱིས་ནད་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས། མི་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་པ་ཡིན་ན། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་ལྟར་ཉེན་ཁའི་བྱ་ཐབས་སྤྱད་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད།

8.རིམས་ནད་ཚོད་འཛིན་དང་སྤྱི་བདེ་ཚན་པས་རིམས་ནད་མཆེད་ནད་རིག་པའི་རྟོག་དཔྱོད་ཀྱི་ལས་དོན་སྤེལ་བར་གཞོགས་འདེགས་མི་བྱེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་ཆབས་ཅིག་ཏུ་བཅད་ཆོག  《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་འབྲེལ་ཡོད་གཏན་འབེབས་ལྟར་རིམས་ནད་འགོག་བཅོས་ལ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ནང་དུ་རིམས་ནད་བྱུང་ཚུལ་འགོག་སྡོམ་གྱི་གཞུང་དོན་སྒྲུབ་མཁན་ཚུད)ཁྲིམས་ལྟར་རིམས་ནད་བྱུང་ཚུལ་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བར་བཀག་འགོག་བྱས་ན། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་བདུན་པར་འགལ་ཏེ། གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་པའི་ནག་ཉེས་གྲུབ་སྲིད།

9.ཚ་རྒྱག་པ་དང་སྐམ་ལུ། ཤུགས་མེད་པ། སྣ་ཤེས་ཚོར་བ་ཇེ་ཞན། སྣ་འགག་པ། སྣ་ཆུ་བཞུར་བ། མིད་པ་ན་བ། མིག་འབྲས་སྐྱི་མོའི་གཉན་ཚད་བྱུང་བ། ཤ་གནད་ན་བ་དང་ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་སྣས་རིམས་ནད་འགོག་སྡོམ་གྱི་རེ་བ་ལྟར་ཚ་རྒྱས་སྒོ་བསྟེན་དུ་སྨན་བཅོས་བྱེད་པར་མ་ཕྱིན་པ་དང་། ཁ་ཏ་བྱེད་ཀྱང་ཕན་འབྲས་མེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་ཆབས་ཅིག་ཏུ་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

10.གཅིག་བསྡུས་ལོགས་བཀར་མཇུག་རྫོགས་རྗེས། གཏན་འབེབས་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་མི་བྱེད་པ། ཁ་ཏ་བྱེད་ཀྱང་མེད་ཕན་འབྲས་མེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་ཆབས་ཅིག་ཏུ་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།(མུ་འགོད)

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།