《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(དང་པོ།)

ལེའུ་དང་པོ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ།

1.ཚོགས་འདུ་ཐེངས་གང་ཞིག་གི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་བཏོན་པ་མ་ཟད་མ་ལག་ལྡན་པའི་ངང་རྒྱས་བཤད་གནང་བ་ཡིན་ནམ།

2020ལོའི་ཟླ11ཚེས16ནས་ཚེས17ཉིན་བར་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཐོག་མར་བཏོན་པ་མ་ཟད་མ་ལག་དང་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ལ། དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་ཁྲིད་བསམ་བློ་ཡིན་པ་གསལ་བོར་བསྟན་ཡོད།

2.ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཇི་ལྟར་གྲུབ་པ་ཡིན་ནམ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྲིམས་སྐྱོང་གི་ངེས་གནས་གཏན་འཁེལ་དང་ཁྲིམས་སྐྱོང་བཀོད་སྒྲིག ཁྲིམས་སྐྱོང་ལག་བསྟར་བཅས་བྱས་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ“ཕྱོགངས་ཡོངས་བཞིའི”འཐབ་ཇུས་ཀྱི་བྱེད་ཐབས་ནང་བཅུག་སྟེ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་བ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པའི་ཐོག་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད།

3.ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་ནི་ཅི་ཞིག་ཡིན་ནམ།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་། རྒྱས་བཤད་གཏིང་ཟབ་པ། གཏན་ཚིགས་བཙན་པ། མ་ལག་ཆ་ཚང་བས། ལོ་རྒྱུས་དང་དོན་དངོས་ཕན་ཚུན་འབྲེལ་མཐུད་དང་། རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་འབྲེལ་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་བཅས་ཀྱི་ངོས་ཐད་ནས་དུས་རབས་གསར་པར་རྒྱུ་མཚན་ཅི་ཕྱིར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱབ་ཁབ་སྐྱོང་བ་ལག་བསྟར་བྱེད་པ་དང་། ཇི་ལྟར་བྱས་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱེད་པ་སོགས་ཀྱི་དྲི་གཞི་གལ་ཆེན་དག་ལ་ལན་གཏིང་ཟབ་བཏབ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་བླང་བྱ་དང་འཚམ་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་བརྩི་སྲུང་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་དགོངས་དོན་ཁོང་དུ་ཆུད་པ་དང་།ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ། ལས་ཀའི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱེད་དགོས། 

4.ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་གཏིང་ཟབ་ནི་ཅི་ཞིག་ཡིན།

ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། རྒྱས་བཤད་གཏིང་ཟབ་པ། གཏན་ཚིགས་ཞིབ་ཚགས་ལྡན་པ། མ་ལག་ཆ་ཚང་བ་བཅས་ཡིན། དེའི་ཐད་ནས་བཤད་ན། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་བཤད་ཁྲོད་ཆེས་ཉིང་བསྡུས་ཀྱི“མཐའ་འཁྱོངས་བཅུ”ཡིན་པ་སྟེ། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་མཐའ་འཁྱོངས་བྱེད་པ། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་འཛིན་པ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་མཉམ་དུ་སྐུལ་སྤེལ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྲུན་བྱེད་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་གཟབ་ནན། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གནད་འགག་ཉུང་ཤོས་ཀྱི་མགོ་ཁྲིད་ལས་བྱེད་པར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཡིན། 

5.ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་དོན་ཅི་ཡིན།

ཏང་གི་མགོ་ཁྲིད་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་རྙོག་འཛིང་ཇི་ཙམ་ཆེ་བ་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ལས་འགན་ལྗིད་རྫོབ་ཇི་ལྟར་ཆེ་ན། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་དེ་ལྟར་སྤྱད་དེ་སྲིད་འཛིན་གྱི་གོ་གནས་སྲ་བརྟན་དང་སྲིད་འཛིན་གྱི་བྱེད་ཐབས་ལེགས་བཅོས། སྲིད་འཛིན་གྱི་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཡུན་རིང་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ཏང་གི་མགོ་ཁྲིད་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པར་འགན་སྲུང་བྱེད་དགོས།(མུ་འགོད།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།