དམངས་དོན་བཅའ་ཁྲིམས་ཀྱི་བཀྲག་མདངས་འཚེར་ས་ཆེ་གྲས་བཅུའི་གསལ་འགྲེལ། ① སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་ལས་འགལ་བའི་གན་རྒྱ་རྩིས་མེད་དུ་གཏོང་རྒྱུ།

གཅིག དོན་ཚན།

དོན་ཚན་དང་པོ། དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། དམངས་དོན་འབྲེལ་བ་ལེགས་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་བླང་བྱ་དང་འཚམ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་བཅས་བྱ་ཆེད། རྩ་ཁྲིམས་གཞིར་བཟུང་། བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་བརྒྱད་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་སྐབས་བཅའ་ཁྲིམས་ལས་འགལ་མི་ཆོག་པ་དང་སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་ལས་འགལ་མི་ཆོག

གཉིས། གསལ་འགྲེལ། 

དམངས་དོན་བཅའ་ཁྲིམས་ཀྱི་སྤྱིའི་རྩ་དོན་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་དུས་རབས་ཀྱི་བརྗོད་གཞི་དང་དོན་དངོས་ཀྱི་དགོས་མཁོ་མངོན་ཐུབ། དེར་གསལ་བསྒྲགས་རང་བཞིན་གྱི་གཏན་འབེབས་ཡོད་པ་མ་ཟད། ད་དུང་ཞིབ་ཕྲའི་གཏན་འབེབས་ཀྱང་ཡོད་པ་དཔེར་ན། དོན་ཚན་བརྒྱ་དང་ང་གསུམ་གཞིར་བཟུང་། སྤྱི་པའི་སྒྲིག་ལམ་དང་སྲོལ་བཟང་ལས་འགལ་བའི་དམངས་དོན་བཅའ་ཁྲིམས་རྩིས་མེད་དུ་གཏོང་རྒྱུ་སྟེ། དོ་བདག་གིས་བཞག་པའི་གན་རྒྱའི་ནང་ཀུན་སྤྱོད་ལས་འགལ་བའི་ནང་དོན་ཡོད་ན་གན་རྒྱའི་དོན་ཚན་དེ་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་ལྟ་བུའོ།(ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།)


རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།