གཅིག དོན་ཚན།
དོན་ཚན་བཅུ་དགུ་པ། ལོ་ཧྲིལ་པོ་8ལ་སླེབས་པའི་ན་སོ་དར་ལ་མ་བབས་པའི་མིར་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་པར་བརྩི་མི་ཆོག་པ་དང་། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་བར་དེའི་ཁྲིམས་གཏན་འཁེལ་བའི་ཚབ་མིས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་གཏན་འཁེལ་བའི་ཚབ་མིའི་མོས་མཐུན་ཐོབ་པ་དང་མཇུག་སྐྱོང་ཁས་ལེན་ཐོབ་དགོས་མོད། འོན་ཀྱང་རང་རྐྱ་འཕེར་བའི་ངང་ཁེ་ཕན་གཙང་མ་ཐོབ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དམ་ཡང་ན་དེའི་ལོ་ཚད་དང་རིག་སྟོབས་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་ཆོག
གཉིས། གསལ་འགྲེལ།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རང་རྒྱལ་གྱི་བྱིས་པའི་ཤེས་རྟོགས་ཆུ་ཚད་ལོ་30ཡི་གོང་གི་དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་བཟོ་སྐབས་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་དང་རང་རྐྱ་འཕེར་པོ་ཡོད་པ་རེད། བྱིས་པའི་རང་རྐྱ་འཕེར་བའི་འདུ་ཤེས་ལ་བརྩི་འཇོག་བྱས་ནས་ཁོང་ཚོ་སྤྱི་ཚོགས་ཀྱི་འཚོ་བའི་ནང་འོས་འཚམ་ངང་ཞུགས་སུ་འཇུག་པ་དང་ཆབས་ཅིག ཉོ་ཚོང་གི་གོ་རིམ་དང་བདེ་འཇགས་སྲུང་སྐྱོང་བྱ་ཆེད། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་པའི་མིའི་ལོ་ཚད་འོས་འཚམ་གྱིས་དམའ་རུ་གཏོང་བའི་དགོས་པའང་ཡོད། ལོ་ཧྲིལ་པོ་8ཡན་ལ་སླེབས་པའི་ན་སོ་དར་ལ་མ་བབས་པའི་མིས་འོས་འགན་ཞོར་འབྲེལ་མི་བྱེད་པའི་རྔན་པ་དང་ལེན་བྱེད་ཆོག་ལ། སྦྱོང་དེབ་ཉོ་བ་དང་། སློབ་ཡོན་སྤྲོད་པ། སློབ་དེབ་གཡར་བ་སོགས་དེའི་ལོ་ཚད་དང་རིག་སྟོབས་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་ཆོག(ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།)
རྩོམ་སྒྲིག་པ། གསང་བདག་རྒྱལ།
དམངས་དོན་བཅའ་ཁྲིམས་ཀྱི་བཀྲག་མདངས་འཚེར་ས་ཆེ་གྲས་བཅུའི་གསལ་འགྲེལ།④ལོ་8ལ་སླེབས་ཚེ་རང་རྐྱ་འཕེར་བའི་ངང་ཅ་དངོས་ཉོ་ཆོག་པ།