ཏང་འཛུགས་སྐྱོང་སྐོར་གྱི་ཤེས་བྱ་འགའ།

གཅིག ཏང་འཛུགས་སྐྱོང་ལ་གཙོ་ བོ་གང་དག་ཡོད་དམ།

ཏང་གི་འཛུགས་སྐྱོང་ལ་གཙོ་བོ་གཤམ་གྱི་འདི་དག་ཡོད་དེ།   ཆབ་སྲིད་ཀྱི་འཛུགས་སྐྲུན་དང་། བསམ་བློའི་འཛུགས་སྐྲུན། རྩ་འཛུགས་ཀྱི་འཛུགས་སྐྲུན།   སྤྱོད་ཚུལ་འཛུགས་སྐྲུན། རུལ་རྒོལ་གཙང་སྤེལ་གྱི་འཛུགས་སྐྲུན།   སྒྲིག་ཁྲིམས་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་འདུས་ཡོད། དེ་དང་མཉམ་དུ་ཤེས་དགོས་པ་ནི།   ཆབ་སྲིད་ཀྱི་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས།   མང་ཚོགས་ཀྱི་ལམ་ཕྱོགས་བཅས་ནི་ཏང་གི་ལམ་ཕྱོགས་བཞི་ཡིན་ནོ། །

གཉིས། ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ལམ་ལུགས་བདུན་ནི་གང་དག་ཡིན།

ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ལམ་ལུགས་བདུན་ནི། གྲོས་ཚོགས་ཀྱི་ལམ་ལུགས་དང་ཏང་གི་ཉིན་མོའི་ལམ་ལུགས། ཏང་གི་སློབ་ཁྲིད་ལམ་ལུགས། སྙན་ཞུའི་ལམ་ལུགས། དམངས་གཙོ་འཚོ་བའི་ཚོགས་འདུའི་ལམ་ལུགས། ཏང་ཡོན་གྱི་ཡར་ཞུའི་ལམ་ལུགས། དམངས་གཙོའི་དཔྱད་མོལ་ལམ་ལུགས་བཅས་ཡིན། །


ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།