རྒྱུ་ནོར་གང་དག་ཁྱོ་ཤུག་གཉིས་ཀར་དབང་བ་ཡིན།

གཅིག བཅའ་ཁྲིམས་དཔྱད་བརྗོད།

ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཟེར་བ་ནི་ཁྱོ་ཤུག་གི་འབྲེལ་བ་གནས་པའི་སྐབས་ཀྱི་རྒྱུ་ནོར་ཡོད་ཚད་ལ་ཟེར་བ་དང་། ཁྱོ་ཤུག་གི་འབྲེལ་བ་གནས་པའི་སྐབས་ཟེར་བ་ནི་ཁྱོ་ཤུག་གིས་གཉེན་སྒྲིག་བྱས་ཉིན་ནས་བཟུང་བཟའ་རོགས་ཚེ་ལས་འདས་པའམ་ཡང་ན་བཟའ་འཐོར་མ་བྱས་བར་གྱི་དུས་ཡུན་ལ་ཟེར་ཞིང་། དེའི་བར་དུ་ཐོབ་པའི་ཁ་ཆད་བཞག་པ་མ་ཡིན་པའི་རྒྱུ་ནོར་ཡོད་ཚད་ཁྱོ་ཤུག་གཉིས་ཀར་དབང་བ་དང་།  ཁྱོ་ཤུག་གཉིས་ཀར་ཐུན་མོང་ལ་དབང་བའི་རྒྱུ་ནོར་ནི་ཁྱོ་ཤུག་གཉིས་ཀར་འདྲ་མཉམ་གྱིས་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པས། ཁྱོ་ཤུག་ཕྱོགས་གཅིག་གིས་ཁྱོ་ཤུག་གི་འབྲེལ་བ་གནས་པའི་སྐབས་ཁྱོ་ཤུག་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཐག་གཅོད་བྱེད་དགོས་ཚེ། ངེས་པར་བཟའ་ཟླ་འཐད་མོས་བྱུང་དགོས།

གཉིས། བཅའ་ཁྲིམས་གཏན་འབེབས། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་གཏན་འབེབས། ཁྱོ་ཤུག་གཉིས་ཀྱི་གཉེན་སྒྲིག་གི་འབྲེལ་བ་གནས་པའི་སྐབས་གཤམ་གྱི་རྒྱུ་ནོར་དག་ཁྱོ་ཤུག་གཉིས་ཀར་དབང་བ་ཡིན།

གཅིག ཟླ་ཕོག་དང་བྱ་དགའི་དངུལ།

གཉིས། ཐོན་སྐྱེད་དངུལ་དང་ཚོང་གཉེར་ཡོང་འབབ།

གསུམ། ཤེས་བྱའི་ཐོབ་དབང་གི་ཡོང་འབབ།

བཞི། ཤུལ་འཛིན་ནམ་གནང་སྦྱིན་ལས་ཐོབ་པའི་རྒྱུ་ནོར། ༼བཅའ་ཁྲིམས་འདིའི་དོན་ཚན་བཅོ་བརྒྱད་པའི་ཚན་ཆུང་གསུམ་པའི་གཏན་འབེབས་ཕུད།༽

ལྔ། གཞན་པའི་ཡིན་འོས་པའི་ཐུན་མོང་གི་རྒྱུ་ནོར་ཡོད་ཚད།

ཁྱོ་ཤུག་གཉིས་ཀར་ཐུན་མོང་ལ་དབང་བའི་རྒྱུ་ནོར་ལ་འདྲ་མཉམ་གྱིས་ཐག་གཅོད་བྱེད་པའི་དབང་ཆ་ཡོད། 

ཡོང་ཁུངས། རྔ་བའི་སྲིད་ཁྲིམས། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།