འགྲིམ་འགྲུལ་སྒྲིག་སྲོལ་སྐོར་གྱི་ཤེས་བྱ།

གཅིག འཕྲུལ་སྒུལ་འཁོར་ལོར་འགྱུར་ལྡོག་ཐོ་འགོད་ཀྱི་རེ་བ་ཞུ་ན་དཔང་ཡིག་དང་བདེན་རྟགས་གང་དག་འདོན་སྤྲོད་བྱེད་དགོས།

འཕྲུལ་སྒུལ་འཁོར་ལོར་འགྱུར་ལྡོག་ཐོ་འགོད་ཀྱི་རེ་བ་ཞུ་ན་དཔང་ཡིག་དང་བདེན་རྟགས་འདི་དག་འདོན་སྤྲོད་བྱེད་དགོས་པ་སྟེ།

1.འཕྲུལ་སྒུལ་འཁོར་ལོའི་བདག་པོའི་ཐོབ་ཐང་དཔང་ཡིག

2.འཕྲུལ་སྒུལ་འཁོར་ལོ་ཐོ་བཀོད་དཔང་ཡིག

3.འཕྲུལ་སྒུལ་འཁོར་ལོའི་འཁོར་བགྲོད་ཡིག་རྟགས།

འཕྲུལ་སྒུལ་འཁོར་ལོའི་བདག་པོའི་སྡོད་གནས་དེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་དག་གི་དོ་དམ་མངའ་ཁུངས་ལས་ཕྱིར་བུད་པའམ་འཁོར་ལོའི་བདག་པོའི་མིང(ལས་ཁུངས་ཀྱི་མིང)དང་། ཡང་ན་སྡོད་གནས་ལ་འགྱུར་ལྡོག་བྱུང་ན། འཕྲུལ་སྒུལ་འཁོར་ལོ་ཐོ་འགོད་བྱས་པའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཐོ་འགོད་བྱེད་དུ་འཇུག་དགོས།

གཉིས། འཕྲུལ་སྒུལ་འཁོར་ལོ་བརྗེ་སྤོར་གྱི་རེ་འདུན་ཇི་ལྟར་ཞུ་དགོས།

འཕྲུལ་སྒུལ་འཁོར་ལོ་བརྗེ་སྤོར་གྱི་རེ་འདུན་ཞུ་ན། སྔོན་ཆད་ཡིག་ཚགས་ཐོ་འགོད་བྱེད་སའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་འཕྲུལ་སྒུལ་འཁོར་ལོར་ཞིབ་བཤེར་བྱེད་དུ་འཇུག་པ་དང་མཉམ་དུ་ད་དུང་གཤམ་གྱི་དཔང་ཡིག་དང་བདེན་རྟགས་འདི་དག་འདོན་སྤྲོད་བྱེད་དགོས་པ་སྟེ།

1.རླངས་འཁོར་བདག་པོའི་ཐོབ་ཐོང་དཔང་ཡིག

2.འཕྲུལ་སྒུལ་འཁོར་ལོའི་བདག་དབང་བརྗེ་སྤོར་བྱེད་པའི་དཔང་ཡིག་དང་བདེན་རྟགས།

3.འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་དཔང་ཡིག

4.འཕྲུལ་སྒུལ་འཁོར་ལོའི་འཁོར་བགྲོད་ཡིག་རྟགས་བཅས་སོ། །

གསུམ། འཕྲུལ་སྒུལ་འཁོར་ལོའི་བདག་པོས་རང་ཉིད་ཀྱི་འཁོར་ལོ་གཏའ་མར་འཇོག་པའི་རེ་འདུན་ཇི་ལྟར་ཞུ་དགོས།

འཕྲུལ་སྒུལ་འཁོར་ལོའི་བདག་པོས་རང་ཉིད་ཀྱི་འཁོར་ལོ་དེ་གཏའ་མར་འཇོག་འདོད་ཚེ། དེ་སྔ་ཐོ་འགོད་བྱེད་སའི་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་གཏའ་མར་འཇོག་རྒྱུའི་རེ་འདུན་ཞུ་དགོས།

བཞི། ཡིག་ཚགས་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་ལོ་དེ་རྒྱལ་ཁབ་ཀྱིས་བཙན་ཤེད་ཀྱིས་མེད་པར་གཏོང་རྒྱུའི་གཏན་འཁེལ་བྱས་པའི་ལོ་ཚད་དུ་སླེབས་ཚེ་ཇི་ལྟར་བྱེད་དགོས།

ཡིག་ཚགས་ཐོ་འགོད་བྱས་ཟིན་པའི་འཕྲུལ་སྒུལ་འཁོར་ལོ་དེ་རྒྱལ་ཁབ་ཀྱིས་བཙན་ཤེད་ཀྱིས་མེད་པར་གཏོང་བའི་གཏན་འཁེལ་ལོ་ཚད་དུ་སླེབས་ཚེ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཁོར་ལོ་མེད་པར་གཏོང་བའི་དུས་ཚོད་ལ་མ་སླེབས་པའི་སྔོན་གྱི་ཟླ་གཉིས་ཀྱི་ནང་དུ། འཕྲུལ་སྒུལ་འཁོར་ལོའི་བདག་པོར་འཁོར་ལོའི་ཐོ་འགོད་གསུབ་རྒྱུའི་བརྡ་སྟེར་དགོས། འཕྲུལ་སྒུལ་འཁོར་ལོའི་བདག་པོ་ཡིས་འཁོར་ལོའི་ལོ་ཚད་མ་ལོན་པའི་སྔོན་དུ་འཁོར་ལོ་དེ་འཕྲུལ་སྒུལ་འཁོར་ལོ་ཕྱིར་སྡུད་ཀུང་ཟི་ལ་བཙོངས་ཏེ། ཁེ་ལས་དེ་ཡིས་འཁོར་བགྲོད་ལོ་ཚད་ལོན་པའི་འཕྲུལ་སྒུལ་འཁོར་ལོའི་ཐོ་འགོད་བདེན་དཔང་དང་ཨང་རྟགས། འཁོར་བགྲོད་ཡིག་རྟགས་བཅས་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་སྤྲད་དེ་ཐོ་འགོད་གསུབ་དགོས། །

《ཤེས་བྱ་དྲིས་ལན་བརྒྱ་བ》ཡི་འགྲིམ་འགྲུལ་སྒྲིག་སྲོལ་ལས་འདེམ་སྒྲིག་བྱས།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།