ཏང་གི་སྒྲིག་ཁྲིམས་ལ་གཙོ་བོ་གང་དག་ཡོད་དམ།

ཏང་གི་སྒྲིག་ཁྲིམས་ལ་གཙོ་བོ་གཤམ་གྱི་འདི་དག་ཡོད་དེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་འདུས་ཡོད། དེའི་ཁྲོད་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་ཏང་གི་ཆེས་རྩ་བའི་སྒྲིག་ཁྲིམས་དང་ཆེས་གལ་ཆེ་བའི་སྒྲིག་ཁྲིམས་ཡིན། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་ནི་ཏང་གི་སྒྲིག་ཁྲིམས་ཡོད་ཚད་བརྩི་སྲུང་བྱེད་པའི་རྨང་གཞི་ཡིན་ནོ། ། མི་དམངས་ཀྱི་ལངས་ཕྱོགས་ནི་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་ལ། མི་དམངས་མང་ཚོགས་ནི་ཏང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།