རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན།
རང་རྒྱལ་གྱི་རྩ་ཁྲིམས་ཀྱི་གླེང་གཞིའི་ནང་གཏན་འཁེལ་བྱས་པ་ལྟར་ན། རྩ་ཁྲིམས་འདིས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་བརྩོན་བྱས་པའི་གྲུབ་འབྲས་ཁས་ལེན་བྱས་པ་དང་། རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན་གཏན་འཁེལ་བྱས་ཡོད། དེ་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ཞིང་། དེ་ལ་བཅའ་ཁྲིམས་ཀྱི་ཆེས་མཐོའི་ནུས་པ་ལྡན།
1. ནང་དོན་ཐད།
རྩ་ཁྲིམས་ནང་གཏན་ཁེལ་བྱས་པ་ནི་རྒྱལ་ཁབ་ཅིག་གི་ཆེས་རྩ་བར་གྱུར་པ་དང་ཆེས་སྲོག་ཤིང་དུ་གྱུར་པའི་གནད་དོན་ཡིན།
2. བཅའ་ཁྲིམས་ཀྱི་ནུས་པའི་ཐད།
རྩ་ཁྲིམས་ལ་ཆེས་མཐོའི་བཅའ་ཁྲིམས་ཀྱི་ནུས་པ་ཡོད།
3. གཏན་འབེབས་དང་བཟོ་བཅོས་ཀྱི་གོ་རིམ་ཐད།
རྩ་ཁྲིམས་ནི་སྤྱིར་བཏང་གི་བཅའ་ཁྲིམས་དང་བསྡུར་ན་ལྷག་ཏུ་གཟབ་ནན་ཡིན། དེའི་ནང་དུ་གཏན་འབེབས་བྱས་པའི་ལས་ཁུངས་དང་གོ་རིམ་ཚུད་ཡོད། ཟླ7པའི་ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་འཁྲུངས་པའི་དྲན་གསོའི་ཉིན་མོ་ཡིན་ལ། དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས1938ལོའི་ཟླ5པར་བཏོན་པ་རེད། སྐབས་དེར། མའོ་ཙེ་ཏུང་གིས《རྒྱུན་སྲིང་དམག་འཁྲུག་སྐོར་གླེང་བ》ཞེས་པའི་རྩོམ་ཡིག་ནང་དུ། “ད་ལོའི་ཟླ7ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ17འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་ཡིན”ཞེས་བཏོན་ཡོད།
2018ལོའི་ཟླ3པའི་ཚེས17ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོའི་ཐོག་གཟི་བརྗིད་ལྡན་པའི་ངང་དམ་བཅའ་བཞག
ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་བ་དང་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། ཁྲིམས་བཀོད་འགན་འཁྲི་ལག་བསྟར། མེས་རྒྱལ་ལ་བློ་དཀར་བ་དང་མི་དམངས་ལ་བློ་དཀར་བ། རང་འགན་ནན་སྒྲུབ། སྤྱོད་གཙང་སྤྱི་གཞོལ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན། དམ་བཅའ་འཇོག་མཁན་ཞི་ཅིན་ཕིང་ཡིན་ཞེས་གསུངས།
རྩ་ཁྲིམས་ཀྱི་ངོ་བོ་དང་གོ་གནས། དབང་གྲགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྩ་ཁྲིམས་ཀྱིས་ཏང་དང་མི་དམངས་ཀྱི་གཅིག་གྱུར་གྱི་འདོད་བློ་དང་ཐུན་མོང་གི་རེ་འདུན་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་འདོད་བློའི་ཆེས་མཐོའི་མཚོན་ཚུལ་ཡིན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་པ་དང་། དེར་ཆེས་མཐོ་བའི་བཅའ་ཁྲིམས་ཀྱི་གོ་གནས་དང་བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་ལྡན་ཡོད། ཁྲིམས་ལྟར་རྒྱལ་ཁབ་བསྐྱང་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་བསྐྱང་དགོས་པ་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བའི་གནད་འགག་ནི་རྩ་ཁྲིམས་ལྟར་སྲིད་དབང་བསྐྱང་རྒྱུ་དེ་ཡིན། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱ་དགོས་ཞེས་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་བློའི་དབང་གྲགས་སྲུང་སྐྱོང་བྱ་དགོས་པ་དེ་ཡིན་ཞིང་། རྩ་ཁྲིམས་ཀྱི་ལ་རྒྱར་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་བློའི་ལ་རྒྱར་སྲུང་སྐྱོང་བྱས་པ་ཡིན་ལ། རྩ་ཁྲིམས་ལག་ལེན་བྱེད་པར་ཁག་ཐེག་བྱས་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡོང་བར་ཁག་ཐེག་བྱས་པ་ཡིན་ཞེས་ནན་གྱིས་བསྟན།
རྩ་ཁྲིམས་ཀྱི་འཕེལ་རྒྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྩ་ཁྲིམས་ཀྱིས་རྒྱུན་ཆད་མེད་པར་གནས་བབ་གསར་པ་དང་མཐུན་པར་བྱེད་པ། ཉམས་མྱོང་གསར་པ་དང་དུ་ལེན་པ། གྲུབ་འབྲས་གསར་པ་ངོས་འཛིན་བྱེད་པ། ཚད་གཞི་གསར་པ་བཅས་བཟོས་ཚེ་ད་གཟོད་གཞི་ནས་རྒྱུན་རིང་གི་གསོན་ཤུགས་མངའ་ཐུབ་བོ། སྤྱིའི་ཆ་ནས་རང་རྒྱལ་རྩ་ཁྲིམས་ཀྱི་རྒྱུད་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན། དབང་གྲགས་རང་བཞིན་བཅས་སྤྱི་ཡོངས་ཀྱི་རྨང་གཞིའི་ཐོག་རྩ་ཁྲིམས་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བར་རྒྱུན་འཁྱོངས་བྱ་དགོས། རང་རྒྱལ་རྩ་ཁྲིམས་ཀྱིས་ངེས་པར་ཏང་དང་མི་དམངས་ཀྱི་ལོ་རྒྱུས་ཀྱི་བྱ་གཞག་ཡར་ཐོན་མཚོན་དགོས་པ་དང་། ངེས་པར་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། དེ་ནི་རང་རྒྱལ་རྩ་ཁྲིམས་འཕེལ་རྒྱས་ཀྱི་མངོན་གསལ་ཁྱད་ཆོས་ཤིག་ཡིན་ལ་གཞི་རྩའི་ཆོས་ཉིད་ཅིག་ཀྱང་ཡིན། རྩ་ཁྲིམས་ཀྱིས་དུས་ཐོག་ཏུ་ཏང་དང་མི་དམངས་ཀྱི་རླབས་ཆེ་བའི་གསར་གཏོད་གྲུབ་འབྲས་དང་རྩ་ཆེ་བའི་ཉམས་མྱོང་དུ་གཏན་འཁེལ་བྱས་ནས་སྔར་ལས་ལྷག་པར་རྩ་ཁྲིམས་ཀྱི་ཚད་གཞི་དང་སྣེ་ཁྲིད། སྐུལ་འདེད། འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་གཏོང་རྒྱུ་ནི་ལག་ལེན་འཕེལ་རྒྱས་ཀྱི་དགོས་ངེས་བླང་བྱ་ཡིན་ནོ། །
རྩ་ཁྲིམས་ལག་བསྟར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྱོན་ཡོངས་ནས་རྩ་ཁྲིམས་ལག་ལེན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཐོག་མ་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན། རྩ་ཁྲིམས་ཀྱི་སྲོག་རྩ་ནི་ལག་བསྟར་ལ་རག་ལས་ཡོད་ལ། རྩ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་ལ་རག་ལས་ཡོད། རང་རྒྱལ་གྱི་རྩ་ཁྲིམས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་སྟེང་ང་ཚོས་རྩ་ཁྲིམས་ལ་བརྩི་འཇོག་ནན་མོ་དང་ནུས་ལྡན་ངང་ལག་བསྟར་བྱས་ཚེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་ཐུབ་པ་གསལ་བཤད་བྱས་ཡོད། དེ་ལས་ལྡོག་སྟེ་རྩ་ཁྲིམས་ལ་སྣང་ཆུང་དང་ཉམས་དམས་སུ་གཏོང་བའམ་ཡང་ན་གཏོར་བརླག་བཏང་ན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བར་ཆད་འབྱུང་ངེས་རེད།
རྩ་ཁྲིམས་ཀྱི་བརྩི་སྲུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ལས་ཁུངས་ཁག་དང་དྲག་ཆས་སྟོབས་ཤུགས་ཡོད་ཚད། སྲིད་ཏང་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག ཁེ་ལས་དང་བྱ་ལས་རྩ་འཛུགས་ཁག་ཚང་མས་ངེས་པར་རྩ་ཁྲིམས་དེ་བྱེད་སྒོ་སྤེལ་ཚུལ་གྱི་ཚད་གཞིར་འཛིན་དགོས་པར་མ་ཟད། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པའི་འགན་ཁུར་ཡོད་པ་དང་རྩ་ཁྲིམས་ལག་བསྟར་བྱེད་པའི་འགན་འཁྲི་འགན་ལེན་བྱེད་རྒྱུ། རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་མེད། རྩ་ཁྲིམས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་མཐའ་དག་ལ་ངེས་པར་བདའ་འདེད་བྱ་དགོས།
རྩ་ཁྲིམས་ཀྱི་ལྟ་སྐུལ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ངེས་པར་རྩ་ཁྲིམས་ཀྱི་དབང་གྲགས་དྲིལ་སྒྲོག་དང་འཛུགས་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་བའི་དོན་དག་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ལེགས་པོ་བྱས་ཏེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་པའི་ཐད་ལ་ཤུགས་སྣོན་ཏན་ཏིག་བརྒྱག་དགོས། རྩ་ཁྲིམས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་ལས་དོན་ལ་བརྟན་བརླིང་ངང་སྐུལ་འདེད་ཧུར་ཐག་གཏོང་བ། ཐོ་འགོད་ཞིབ་བཤེར་དང་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲིམས་ལྟར་མེད་པ་བཟོ་བ་དང་ཡོ་བསྲང་བྱེད་པ་བཅས་བྱས་ནས་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱ་དགོས་པ་ནན་བཤད་བྱས་ཡོད།
རྩ་ཁྲིམས་ཀྱི་ཁྱབ་སྒྲོག་སློབ་གསོ།
སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གིས་བསྟན་དོན། རྩ་ཁྲིམས་ཀྱི་ཆེས་གཞི་རྩ་དེ་ནི་མི་དམངས་ཀྱིས་རང་སེམས་ནས་རྩ་ཁྲིམས་བརྩི་སྲུང་བྱེད་པ་དེར་རག་ལས་ཡོད་ལ། རྩ་ཁྲིམས་ཀྱི་སྟོབས་ཤུགས་དངོས་ནི་མི་དམངས་ཀྱིས་རྩ་ཁྲིམས་ནི་རང་གི་ནང་སེམས་ཀྱི་དད་མོས་བྱེད་ས་རུ་བཟུང་ཡོད་པ་དེ་རེད། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་རྩ་ཁྲིམས་གོང་བཀུར་བྱ་རྒྱུ་ནན་བཤད་བྱེད་པ་དང་། རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་བྱས་ནས་རྩ་ཁྲིམས་ཀྱི་ཁྱབ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ཏེ་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་དགོས། རྒྱུན་མཐུད་ངང་མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་འདུ་ཤེས་ཇེ་མཐོར་གཏོང་བ་དང་། དམངས་ཡོངས་ཀྱིས་རྩ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་བ། ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་འདུ་ཤེས་འཛུགས་དགོས། །
རྩོམ་སྒྲིག་པ། གསང་བདག་རྒྱལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་རྩ་བའི་ཤེས་བྱ།