2017ལོར་དངུལ་རྩས“ཞིང་གསུམ”ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་བསམ་འཆར།〔གཉིས〕

མ་དངུལ་སྒྲིག་བཀོད་བྱེད་ཐབས་ཐོག་འབྱུང་འཕྲོད་ཞིང་ལས་དང་། གནོད་མེད་ཞིང་ལས། སྐྱེ་ལྡན་ཟས་རིགས། སྔོ་ལྗང་ཟས་རིགས་བཅས་ཀྱི་ཡིད་བུན་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལྗོངས་ནི་རྒྱལ་ཡོངས་ནང་བློ་བདེ་ཤོས་ཀྱི་སྔོ་ལྗང་བདེ་ཐང་ཐོན་ལས་ཀྱི་རྟེན་གཞིར་འཛུགས་སྐྱོང་བྱས་ཏེ་རང་ལྗོངས་ཀྱི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་ཆེད་གསོན་ཤུགས་སྤྲོད་རྒྱུ་བཅས་ཡིན།

(དགུ) “ཞིང་གསུམ”གྱི་ཐབས་ལམ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཅིག་ནི་ཐབས་ལམ་གྱི་ཞབས་ཞུའི་ནུས་པ་འདོན་སྤེལ་བྱ་རྒྱུ། རྫོང་ཁོངས་ཀྱི་ལས་སྒྲུབ་ལས་མི་ཡོད་པའི་ལས་ཚིགས་ཀྱི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། རང་རོགས་འཕྲུལ་འཁོར་དང་སྐོར་སྐྱོད་ཞབས་ཞུའི་རམ་འདེགས་ནུས་པ་བཏོན་ནས་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱི་ཞབས་ཞུའི་ནུས་པ་རྒྱ་ཁྱབ་གཏོང་རྒྱུ་དང་ཆ་འཕྲིན་ཅན་གྱི་ཞབས་ཞུའི་དྲ་ཐོག་གི་ཁྱད་ཡོན་འདོན་སྤེལ་བྱས་ནས་ཕྱོགས་ཡོངས་སྣ་མང་ཅན་གྱི་ཞབས་ཞུའི་ནུས་འབྲས་ཤུགས་ཆེར་གཏོང་རྒྱུ། གཉིས་ནི་བདེ་འཇགས་སྤེལ་གཉེར་འདུ་ཤེས་ཀུན་ཁྱབ་ཐུབ་པ་བྱ་རྒྱུ། དུས་ཐོག་ཏུ་སྤེལ་གཉེར་གྱི་མ་ལག་རིམ་སྤོར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཚོར་གོ་བདེ་སྤྱོད་སླའི་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུའི་རྨང་གཞིའི་སྟེང་བདེ་འཇགས་ཉེན་འགོག་ཡག་པོ་སྒྲུབ་རྒྱུར་ཁྲིད་སྟོན་དང་། ཞིང་འབྲོག་མང་ཚོགས་ལ་གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་དང་གཱ་རྐུ་སྤྱོད་ཡོང་རྒྱུར་སྔོན་འགོག་བྱ་རྒྱུ་བཅས་བདེ་འཇགས་འགོག་སྲུང་གི་ཤེས་བྱའི་སློབ་གསོ་ཡོངས་ཁྱབ་སྤེལ་ནས་བདེ་འཇགས་ངང་གཱ་སྤྱོད་པའི་འདུ་ཤེས་མཐོ་རུ་གཏོང་རྒྱུ། ཞིང་གསུམ་དང་། སིལ་ཚོང། འཁོར་སྐྱོད། བདེ་སྲུང་སོགས་ཚན་པས་ནུས་ཤུགས་གཅིག་སྒྲིལ་གྱིས་དྲ་ཐོག་དང་དྲ་ཐོག་མ་འཁོད་པའི་ཞབས་ཞུའི་ཐབས་ལམ་ལ་ཉིན་མཚན་ལྟོས་མེད་ཀྱི་ལྟ་སྐུལ་ཐེབས་པ་བྱས་ཏེ་བདེ་འཇགས་འཁོར་སྐྱོད་འགན་སྲུང་ཐུབ་པ་བྱེད་དགོས། གསུམ་ནི“ཞིང་ཕན་གཅིག་འཐུས་གཱ”འཕེལ་རྒྱས་ཤུགས་ཆེར་གཏོང་རྒྱུ། གཙོ་བོ་ཞིང་འབྲོག་མང་ཚོགས་ཀྱིས“ཞིང་ཕན་གཅིག་འཐུས་གཱ”བེད་སྤྱོད་བྱེད་རྒྱུར་ཁྲིད་སྟོན་དང་། ཞིང་ཕན་གཱ་སྤྲོད་ཚད་རྒྱ་ཆེར་གཏོང་རྒྱུ་དང་མུ་མཐུད་ཞིང་ཕན་གཱ་ཡི་འབྲེལ་ཡོད་འགྲོ་གྲོན་ཆག་ཡང་གཏོང་རྒྱུ། ས་གནས་དེ་གའི་གཞི་རིམ་ཤང(གྲོང་རྡལ)སྲིད་གཞུང་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས་མཉམ་འབྲེལ་ཐོག་གཱ་བེད་སྤྱོད་བྱེད་སྟངས་དྲིལ་བསྒྲགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་གཱ་ཐོགས་གཱ་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་སྒྲོམ་སྟེགས་ཀྱི་གནོན་ཤུགས་ཡང་དུ་བཏང་ནས་ཞབས་ཞུའི་ལས་ཆོད་མཐོ་རུ་བཏང་ཐོག་ཞིང་ལས་དངུལ་ཁང་གི་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་པ་བྱ་རྒྱུ། བཞི་ནི་ཞབས་ཞུའི་ཐབས་ལམ་གྱི་ཐོན་ཁུངས་ཐད་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཙོ་བོ་ལས་སྒོའི་འཕེལ་རྒྱས་ལ་མཁོ་བའི་དབོར་སྲུང་འགྲོ་གྲོན་དང་། འགྲིམ་འགྲུལ་སྐོར་ཞིབ་ཡོ་ཆས། འཕྲིན་གཏོང་སྒྲིག་བཀོད། གློག་འདོན་སྒྲིག་ཆས་སོགས་མཁྲེགས་ཆས་ཐོན་ཁུངས་ལ་གཏོང་འཇོག་བྱ་རྒྱུའི་རྒྱབ་སྐྱོར་འགན་ལེན་ཐུབ་པ་བྱ་རྒྱུ། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་དངུལ་རྩའི་དགོས་མཁོ་ཧ་ཅང་ཆེ་བའི་ཤང(གྲོང་རྡལ)དང་སྲིད་འཛིན་གྲོང་ཚོར“ཞིང་གསུམ་ཞབས་ཞུའི་ས་ཚིགས་+དངུལ་ཁང་ནས་གྲོལ་བའི་རང་རོགས་དངུལ་ཁང་+སྟབས་བདེའི་ཚོང་དུད”ཕན་ཚུན་མཉམ་འདྲེས་ཀྱི་བྱ་ཐབས་མུ་མཐུད་ཁྱབ་གདལ་བཏང་ནས་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ལྔ་ནི་གློག་རྡུལ་ཐབས་ལམ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། སྤྱིི་ཁྱབ་དངུལ་ཁང་གི་གཅིག་གྱུར་འཆར་འགོད་ལྟར“ཤང་གྲོང་ཁྲི་སྟོང་མང་པོའི་ཁྲོམ་རའི”ལས་གྲྭ་དང་སྦྲེལ་མཐུད་ཧུར་ཐག་གིས“Eཞིང་དུད་དོ་དམ”གྱི་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ལས་སྟེགས་ཁྱབ་གདལ་གང་མགྱོགས་བཏང་ནས་གོང་འོག་འགྲོ་རྒྱུག་གི་གྲོང་གསེབ་ཀྱི་ཚོང་ཟོག་འཁོར་རྒྱུག་རྩིས་སྡོམ་ཐབས་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་། སྦར་མཐིལ་དངུལ་ཁང་དང་། འཕྲིན་ཐུང་དངུལ་ཁང་། དྲ་ཐོག་དངུལ་ཁང་སོགས་གསར་དར་ཞབས་ཞུའི་ཐབས་ལམ་ཧུར་ཐག་གཏོད་རྒྱུ་དང་། དར་རྒྱས་ཅུང་ཆེ་བའི་གྲོང་ཁྱེར་གྱི་ཉེ་འདབས་ཤང་དང་གྲོང་རྡལ་ཁུལ་དུ་ཕྱོགས་བསྡུས་ཅན་གྱི་ནང་འདྲེན་དང་ཕྱིར་ཚོང་གསོག་འཇོག་དང་། ཚོང་དོན་ཞབས་ཞུ། དངུལ་རྩའི་ཞབས་ཞུ་གཅིག་འདུས་ཅན་གཏོད་ནས་གསར་དར་ཞིང་འབྲེལ་རྩ་འཛུགས་སྐྱེད་བསྲིང་ཐུབ་པ་བྱ་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱིས་སྔོན་ཐོན་གྱི་དངུལ་རྩའི་བྱ་ཐབས་སྤྱད་ནས་དངུལ་རྩའི་ཞབས་ཞུ་སྤེལ་གཉེར་ཐུབ་པ་བྱ་རྒྱུ། དྲུག་ནི་རྫོང་ཁོངས་སུ་ཡིད་རྟོན་དཔྱད་འདེམས་མུ་མཐུད་སྤེལ་རྒྱུ། ང་ཚོའི་དངུལ་ཁང་གི་ཡིད་རྟོན་རྫོང་དང་། ཤང(གྲོང་རྡལ) གྲོང་ཚོ་དཔྱད་འདེམས་ཀྱི་དོ་དམ་གཏན་འབེབས་གཞིར་བཟུང་མི་དམངས་དངུལ་ཁང་གི་དཔྱད་འདེམས་བྱ་ཐབས་དཔྱད་གཞིར་བཟུང་སྟེ་མཉམ་འབྲེལ་ཐོག་ཡིད་རྟོན་རྗོང་དང་། ཤང(གྲོང་རྡལ) གྲོང་ཚོ་དཔྱད་འདེམས་དང་དཔྱད་ཞིབ་ལས་དོན་མུ་མཐུད་སྤེལ་ནས་རྫོང་ཁོངས་ཡིད་རྟོན་དཔྱད་འདེམས་བྱ་ཚད་རྒྱ་ཆེར་རྒྱུ།

བཞི། ལེགས་ཆ་འབུར་ཐོན་དང་ཞབས་ཞུ་གནད་འཁེལ་བྱ་རྒྱུ།

(བཅུ) ཞབས་ཞུའི་ངེས་གནས་འབུར་ཐོན་ཐུབ་པ་བྱ་རྒྱུ། ཁ་ཕྱོགས་ཀྱིས་ངེས་གནས་གཏན་འཁེལ་དང་ངེས་གནས་ཀྱིས་གནས་བབ་གཏན་འཁེལ་བྱེད་ཐུབ། དངུལ་ཁང་ཁག་གིས་འཐབ་ཇུས་ངེས་ཤུགས་རྒྱུན་སྲུང་དང་། འཐབ་ཇུས་ཀྱི་བརྟན་བརླིང་རང་བཞིན་དང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག“ཞིང་གསུམ”ཞབས་ཞུ་འབུར་ཐོན་དང་རྫོང་ཁོངས་ཀྱི་གཉེར་སྐྱོང་ངེས་གནས་སྟོབས་ཆེར་བཏང་ནས་གཞི་ཆེའི་དཔལ་འབྱོར་གྱི་གནས་བབ་གསར་པར་ངོས་འཛིན་གང་ལེགས་བྱས་ཐོག་སྤྱོད་དུད་ལྟེ་བར་བྱས་ནས་ལས་དོན་འཆར་འགོད་བྱས་ཏེ་ཞབས་ཞུའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཤུགས་ཆེར་བཏང་ནས་སྤྱོད་དུད་ཀྱི་རིན་ཐང་མཐོ་རུ་གཏོང་དགོས་པ་དང“ཞིང་གསུམ”ཞབས་ཞུའི་ཡིད་ཆེས་ཤུགས་ཆེར་གཏོང་དགོས། རང་ངོས་ཀྱི་ལེགས་ཆའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ“ཞིང་གསུམ”ལས་སྒོའི་ཁྱད་པར་ཅན་དང་དམིགས་བསལ་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གཞི་གནས་གསར་གཏོད་བྱེད་རྒྱུའི་ཐོག་བཞག་ནས་ཐོན་རྫས་ཞབས་ཞུ“སྲོལ་རྙིང་གསུམ”ནང་ནས་དོན་ཏེ་ཞབས་ཞུའི་ཁྲོད་རྒྱུད་གཞི་གསར་པ་སྐྱེད་བསྲིང་བྱ་རྒྱུ་དང་ཞབས་ཞུའི་ཁྲོད་འཕེལ་རྒྱས་གསར་པ་མངོན་འགྱུར་ཐུབ་པ་བྱས་ཏེ་གོམ་སྟབས་བརྟན་པོས་གཉེར་སྐྱོང་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་མཐོ་རུ་གཏོང་རྒྱུ།

(བཅུ་གཅིག) “གཏན་འཁེལ་བྱ་ཐབས”ཀྱི་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ། ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ཞབས་ཞུ་དང་རྫོང་ཁོངས་སྟོབས་ཆེར་གཏོང་རྒྱུའི་དར་ཆར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐོན་པོར་བསྒྲེངས་ནས་མུ་མཐུད“ཞིང་གསུམ”དང་རྫོང་ཁོངས་ལས་སྒོའི་གཡུལ་ས་སྲ་བརྟན་དང་རྒྱ་ཆེར་བཏང་ནས“ཞིང་གསུམ”དང་རྫོང་ཁོངས་ཀྱི་ལེགས་ཆ་སྟོབས་ཆེར་གཏོང་རྒྱུ། ཞབས་ཞུ་གནད་འཁེལ་དང་། ཉེན་ཁ་ཚོད་འཛིན། ཚོང་ལས་རྒྱུན་འཁྱོངས་བཅས་ཀྱི་གཉེར་སྐྱོང་གི་རྩ་དོན་ཆེན་པོ་གསུམ་རྒྱུན་མཐུད་བྱས་ནས་སྲིད་གཞུང་གི་ཡིད་རྟོན་ཆེར་གཏོང་དང་། ཐོན་ལས་འཁོར་འབྲེལ་དངུལ་རྩ། ཞིང་ཁུལ་དངུལ་རྩ་སོགས་ཞབས་ཞུ་སྒྲུབ་སྟངས་ལ་སྐུལ་འདེད་བཏང་ནས་ཞིང་གསུམ་ཆེན་པོ་དང་། ཞིང་གསུམ་གསར་པ། ཁྱད་ལྡན་ཞིང་གསུམ་བཅས་ལ་ཞབས་ཞུ་ཤུགས་ཆེན་སྤེལ་རྒྱུ། གཅིག་ནི་གསར་དར་གཉེར་སྐྱོང་གཙོ་གཟུགས་ལ་རྒྱབ་སྐྱོར་བྱ་རྒྱུ། གསར་དར་གཉེར་སྐྱོང་གཙོ་གཟུགས་ནི་སྔོན་ཐོན་ལག་རྩལ་དང་། དེང་རབས་ཀྱི་དོ་དམ། འབྱུང་འཕྲོད་ཀྱི་འདུ་ཤེས་བཅས་འདུས་གྲུབ་་་མཁན་དང་བེད་སྤྱོད་བྱེད་མཁན་ཞིག་ཡིན། 2017ལོར་ཞིང་ལས་དང་། ཞིང་པ། གྲོང་གསེབ་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན། ཆེད་ལས་ཅན་བཅས་སུ་འཕེལ་རྒྱས་གཏོང་རྒྱུའི་ཐད་འགག་སྒྲོལ་གསར་པ་ཐོབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། གཙོ་གནད་ཁྱིམ་ཚང་ཞིང་ར་དང་། ཆེད་ལས་དུད་ཆེན། མཉམ་ལས་ཚོགས་ཆུང་། ཞིང་འབྲེལ་ཁེ་ལས་ཆུང་ཕྲན་གྱི་གཉེར་སྐྱོང་ཁྲོད་ཀྱི་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་། ཚན་རྩལ་གསར་གཏོད། ཚོང་རའི་ཞིང་ལས་འཕེལ་རྒྱས། དེང་རབས་ཅན་གྱི་ཞིང་ལས་བཅས་ལ་སྦྲེལ་མཐུད་ཡག་པོ་བྱ་རྒྱུ། གཉིས་ནི་ཞིང་ལས་ཀྱི་རྣམ་པ་གསར་པར་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་ལས་དང་། སྤྲོ་གསེང་ཞིང་ལས། ཐོན་ལས་འཁོར་འབྲེལ་ཞིང་ལས། མཉམ་འབྲེལ་དྲ་རྒྱ+ཞིང་ལས་ཀྱི་མཚོན་གཙོ་བྱས་པའི་རྣམ་གསར་ལས་རིགས་ལ་ཞབས་ཞུ་སྒྲུབ་ནས་ཐོན་ལས་དང་པོའི་ཁྲོད་ཀྱི་དངུལ་རྩའི་ཞབས་ཞུའི་སྲོལ་རྙིང་ལས་སྒྲོལ་ཐུབ་པ་བྱ་རྒྱུ་དང་། ང་ཚོའི་དངུལ་ཁང་གི་ལེགས་ཆར་བརྟེན་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཐུན་སྦྱོར་ཐུབ་པ་བྱས་ནས་ཞིང་ལས་ཐོན་ལས་འཁོར་འབྲེལ་རྒྱ་ཆེར་གཏོང་རྒྱུ་བཅས་འཐབ་ས་མདུན་མས་ཞིང་ལས་ཀྱི་ཐོན་རྫས་གསར་པ་དང་། བཟོ་རྩལ་གསར་པ། ལག་རྩལ་གསར་པར་རྒྱབ་སྐྱོར་བྱ་རྒྱུ། གསུམ་ནི་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་ལ་རྒྱབ་སྐྱོར་བྱ་རྒྱུ། ཞིིང་ལས་ཐོན་ལས་གྲུབ་ཆ་དང་། ཐོན་སྐྱེད་གྲུབ་ཆ། ས་ཁོངས་བཀོད་པ་ལེགས་སྒྲིག་ལ་དམ་པོར་བསྟུན་ནས་ནས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་རང་ལྗོངས་ཀྱི་གཟན་རྩྭ་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གྱིས་འབྲུ་རིགས་དང་། གཟན་རྩ། གཟན་ཆག་ཕན་ཚུན་གཅིག་ལྕོགས་ལྟ་སྐུལ་དང་། ཞིང་འབྲོག་ཟུང་འབྲེལ། འཁོར་རྒྱུག་འཕེལ་རྒྱས་ཀྱི་གསར་དར་གསོ་ཚགས་གྲུབ་ཆ་ཆགས་པ་བྱེད་དགོས། 《བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད》གཞིར་བཟུང་གཙོ་གནད་ཁྱད་ལྡན་ལེགས་ཆ་ལྡན་པའི་ཞིང་ལས་ཐོན་ལས་རྟེན་གཞི་དང་ཐོན་ལས་ཁུལ་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་དང་སྤྱི་ཁྱབ་དངུལ་ཁང་གི་ཁྱད་ལྡན་ཐོན་ལས་ཀྱི་ཡིད་བུན་སྲིད་ཇུས་མཛུབ་སྟོན་བེད་སྤྱད་ནས་ས་གནས་སོ་སོའི་ཁྱད་ལྡན་ཞིང་འབྲོག་ནགས་ལས་ཐོན་རྫས་“འདེབས་ལས་དང་གསོ་ཚགས་ལས་སྣོན་དང་ཐོན་སྐྱེད་དང་མཁོ་སྤྲོད་ཚོང་གཉེར”བཅས་ཐོན་ལས་འཁོར་འབྲེལ་ཚང་མར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ལྗོངས་ཕྱི་ནང་དུ་ཤུགས་རྐྱེན་ཆེ་བའི་གྲགས་ཅན་ཁྱད་ལྡན་ཚོང་རྟགས་ཁག་གཅིག་གཏོད་རྒྱུ། བཞི་ནི་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་ཆུ་བེད་ལས་གྲྭ གྲོང་གསེབ་ཀྱི་གཞུང་ལམ་བསྒྱུར་བཅོས། མཛེས་སྡུག་ལྡན་པའི་ཤང་གྲོང་སོགས་རྨང་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་རྒྱབ་ཤུགས་དང་གསོན་ཤུགས་སྔར་ལས་ཤུགས་ཆེར་གཏོང་རྒྱུ། ལྔ་ནི་རྫོང་ཁོངས་སྤྱོད་དུད་ཀྱི་དངུལ་རྩའི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ། ཞིང་འབྲོག་གླ་པ་གྲོང་ཁྱེར་དུ་ཡོང་བ་དང་གྲོང་ཁྱེར་དང་ཤང་གྲོང་མཉམ་འདུས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གོ་སྐབས་ལ་གཞིགས་ནས་ད་ཡོད་ཀྱི་ཞིང་པའི་བདེ་སྡོད་དངུལ་བུན་དང་། ཡུལ་མིའི་སྡོད་ཁང་གསར་པའི་དངུལ་བུན། སྡོད་ཁང་རྒྱུ་ནོར་བདག་དབང་གཏའ་འཇོག་དངུལ་བུན། འཛད་སྤྱོད་དངུལ་བུན་བཅས་ཐོན་རྫས་ལ་བརྟེན་ནས་རྫོང་ཁོངས་སྤྱོད་དུད་ཀྱི་དངུལ་རྩའི་དགོས་མཁོ་བསྐོང་སྟེ་རྫོང་ཁོངས་སྤྱོད་དུད་ཀྱི་སྡོད་གནས་དང་། སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་དངུལ་རྩའི་ཞབས་ཞུ་འགན་སྲུང་ཐུབ་པ་བྱ་རྒྱུ། དྲུག་ནི“ལྗང་མདོག་གི་ཡིད་བུན”འདུ་ཤེས་བཙུགས་ནས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དང་། སྦགས་བཙོག་བཅོས་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་ཡིད་བུན་ཐབས་ཇུས་ཚད་གཞི་གལ་ཆེན་དུ་བཟུང་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ང་ཚོའི་དངུལ་ཁང་གི་ཡིད་བུན་སྲིད་ཇུས་དང་། ཡིད་བུན་རིག་གནས། ཡིད་བུན་བརྒྱུད་རིམ་ཁྲོད་ཁྱབ་པ་བྱས་ཐོག ལས་རིགས་ཀྱི་ཡིད་བུན་གྲངས་བཅད་ཚོད་འཛིན་དོ་དམ་དང་། ཡིད་བུན་ཆོག་འཐུས་དང་ཕྱིར་འཐེན། དབང་བསྐུར། ཞིབ་མཆན་ཆ་རྐྱེན་སོགས་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་ལྗང་མདོག་ཡིད་བུན་ལམ་ལུགས་ཀྱི་ལག་བསྟར་ནུས་པ་མཐོ་རུ་གཏོང་རྒྱུ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་། ནུས་ཁུངས་ཟད་གྲོན། སྦགས་བཙོག་ཕྱིར་བཤང་སྲིད་ཇུས་དང་མཐུན་པའི་སྤྱོད་དུད་གསར་པ་དང་རྣམ་གྲངས་གསར་པར་ཁེ་ལས་ཀྱི་གཞི་ཁྱོན་ཆེ་ཆུང་དང་ཕན་འབྲས་མཐོ་དམའ་གང་ཡིན་རུང“སྤ་སེ་གཅིག་གི་ཕྲུ་སློག་གཏོང་རྒྱུ”ལག་བསྟར་མཐར་ཕྱིན་བྱ་རྒྱུ་ལས་དེ་དང་མི་མཐུན་པ་རྩ་བ་ནས་ཞུགས་སུ་འཇུག་རྒྱུ་མིན།

(བཅུ་གཉིས) ཞབས་ཞུའི་བྱ་ཐབས་འཚོལ་ཞིབ་བྱ་རྒྱུ། གཅིག་ནི་སྣ་མང་ཅན་གྱི་ཁག་ཐེག་བྱེད་ཐབས་ལག་བསྟར་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱི“1+6”གི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་བྱེད་ཁུལ་གྱི་ལས་དོན་ལ་སྐུལ་འདེད་གང་མགྱོགས་ཀྱིས་ཁྱབ་སྤེལ་བྱེད་ཐུབ་པ་དང་འདྲ་བཟོ་ཆོག་པའི་གྲོང་གསེབ་ཀྱི་རྒྱུ་ནོར་བདག་དབང་གཏའ་འཇོག་དངུལ་བུན་གྱི་ལས་ཀའི་ཉམས་མྱོང་ཆ་ཚང་ཞིག་འཚོལ་ཞིབ་བྱ་རྒྱུ། “ས་ཞིང་དངུལ་རྩའི”དཔེ་སྟོན་ཁག་ཐེག་བྱ་ཐབས་གསར་གཏོད་ཀྱིས་ས་ཞིང་འགན་གཙང་བདག་དབང་དང་། ཁང་པའི་བདག་དབང་། སྡོད་ཁང་ས་ཆའི་བེད་སྤྱོད་བྱེད་དབང་གི་གཏའ་འཇོག་དངུལ་བུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་ཁྲིམས་ལུགས་དང་། དཔྱད་དཔོག རྒྱུན་འཁོར་གཙོ་བོར་བྱས་པའི་འགན་ལེན་ལམ་ལུགས་འཐུས་ཚང་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྣེ་མང་ཅན་གྱི་ཉེན་འགན་ཁག་འཁུར་གྱི་ལམ་སྲོལ་འཛུགས་སྐྱོང་བྱས་ཏེ“ཞིང་གསུམ”སྤྱོད་དུད་ལ་དེ་བས་སྣེ་མང་ཅན་གྱི་ཁག་ཐེག་བྱ་ཐབས་ཀྱི་དངུལ་བུན་མཁོ་འདོན་བྱ་རྒྱུ། གཉིས་ནི་ཐོན་ལས་འཁོར་འབྲེལ་གྱི་དངུལ་རྩའི་དཔེ་སྟོན་བེད་སྤྱོད་གང་ལེགས་བྱ་རྒྱུ། རང་ལྗོངས་སུ་ཅུང་ལེགས་གྲུབ་ཡིན་པའི“ཞིང་དངུལ་+སྣེ་འདྲེན་ཁེ་ལས་+ཁག་ཐེག་ཀུང་སི་+གསར་དར་ཞིང་ལས་གཉེར་སྐྱོང་་གཙོ་གཟུགས”དཔེ་སྟོན་ཁྱབ་སྤེལ་གྱི་གཙོ་བོའི་གཉེར་སྐྱོང་བྱ་ཐབས་ཁྱབ་གདལ་ཧུར་ཐག་བྱ་རྒྱུ་དང་སྡེབ་གཏོང་དངུལ་བུན་འཚོལ་ཞིབ་བྱས་བརྒྱུད“ཞིང་གསུམ”ཡིད་བུན་ལས་སྒོའི་ལེགས་བསྡུས་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱ་རྒྱུ། གསུམ་ནི་ཁྱད་པར་ཅན་གྱི་ཞབས་ཞུའི་དཔེ་སྟོན་ལག་བསྟར་བྱ་རྒྱུ། ས་གནས་ཁག་གི་སོ་སོའི་ཁྱད་ལྡན་ལ་གཞིགས་ནས་ཁྱད་པར་ཡོད་པའི་ཞབས་ཞུ་སྤེལ་རྒྱུ་དང་དངུལ་ཁང་ལ་གཞིགས་ནས་ལག་བསྟར་སྲིད་ཇུས་དང་ཡུལ་བབ་ལ་གཞིགས་པའི་ལམ་ལུགས་ཐོག་ནས་ས་གནས(གྲོང་ཁྱེར)ཁག་གི་ཞིང་ལས་ཐོན་ལས“ཁྱད་ལྡན་ཅན་དང་། མཉམ་བསྡུས་ཅན། ཆེད་ལས་ཅན”གྱི་འཕེལ་རྒྱས་ཁྱད་ཆོས་གཞིར་བཟུང་དོན་དངོས་དང་མཐུན་པའི་ཆེད་དོན་ལམ་ལུགས་བྱ་ཐབས་གཏན་འཁེལ་བྱས་ཏེ་ས་གནས(གྲོང་ཁྱེར)ཁག་གི་ཞིང་ལས་ཀ་རྟེན་ཐོན་ལས་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། བཞི་ནི་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱི་རྩོལ་ནུས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དངུལ་ཁང་ཁག་གིས་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ཀྱིས་སྤྱོད་དུད་སྲུང་སྐྱོང་དང་། སྤུས་ཚད་མཐོར་གཏོང་། རིམ་སྤོར་བཅས་ནང་དོན་གཙོ་བོར་བྱས་ནས་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་ཞབས་ཞུའི་འབྲེལ་ཐག་རིང་དུ་གཏོང་བ། “གསེར་སྙེའི་ཞིང་ཕན་ཀུན་འཕྲོད”ལས་གྲྭ་དང་ལྗོངས་ཡོངས་ཀྱི་ཞབས་ཞུའི་ས་ཚིགས་5000ལྷག་ཙམ་གྱི་ལས་སྟེགས་ལ་བརྟེན་ནས་དངུལ་བཅོལ་དང་དངུལ་བུན་ཀུན་འཕྲོད་དང་ཡིད་རྟོན་སྐར་གསོག་དོ་དམ་སོགས་ཀྱི་རྩོལ་ནུས་ཚོད་ལྟ་དང་སྣོན་སྤེལ་འཚོལ་ཞིབ་བྱས་ཏེ་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་ནི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་མྱོང་ཚོར་ལས་སྟེགས་དང་། དམངས་ཕན་ལས་སྟེགས། སྲིད་ཇུས་ལས་སྟེགས་བཅས་སུ་འཛུགས་སྐྱོང་བྱེད་དགོས།

ལྔ། སྒྱུར་བཅོས་གཏིང་ཟབ་དང་ཕན་འབྲས་དངོས་འགན་སྲུང་ཐུབ་པ་བྱ་རྒྱུ།

(བཅུ་གསུམ) ཞིང་གསུམ་བྱ་གཞག་པུའུ་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ། སྔར་ལས་ལྷག་པའི་སྒོ་ནས་ཞིང་གསུམ་བྱ་གཞག་པུའུ་སྒྱུར་བཅོས་བྱ་ཤུགས་ཤུགས་ཆེར་བཏང་ནས་ལམ་ལུགས་སྒྱུར་བཅོས་དང་། ལམ་སྲོལ་གསར་གཏོད། ངེས་གནས་ཁ་གསལ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་རྫོང་ཉིང་ལག་དངུལ་ཁང་གི་ཞབས་ཞུའི་ནུས་པ་དང་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་སྟེ“རིམ་གསུམ་གྱི་ལྟ་སྐུལ་མཛུབ་སྟོན་དང་རིམ་གཅིག་གཉེར་སྐྱོང”ལ་ཤུགས་སྣོན་དང“ནང་ཚན་དྲུག་གི་དོ་དོམ”ཏན་ཏིག་བསྒྲུབ་རྒྱུ་བཅས་སྒྲིག་འཛུགས་མ་ལག་དང་། ནུས་ཁུངས་བཀོད་སྒྲིག སྐུལ་ལྕག་དཔྱད་བསྡུར། ལས་སྒོར་དབང་བསྐུར། མི་སྣའི་དཔུང་ཁག ཉེན་འགོག་ཚོད་འཛིན་དང་དེ་བཞིན་ལས་དོན་ལྟ་སྐུལ་གྱིས་དམིགས་འཕེན་རང་བཞིན་གྱི་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ་གཉེར་སྐྱོང་དངུལ་ཁང་ལ་ཕུགས་ཕན་གྱི་ནང་གནས་འགུལ་ཤུགས་མཁོ་འདོན་བྱ་རྒྱུ། རྫོང་ཉིང་ལག་དངུལ་ཁང་གི་གཉེར་སྐྱོང་རྩོལ་ནུས་མཐོར་འདེགས་གཏོང་རྒྱུར་གཞིགས་པ་དང“གཙོ་གནད་གཤམ་སྒྱུར་དང་། ཁུར་པོ་ཡང་གཏོང་། རྨང་གཞི་བརྟན་གཏོང་། གསོན་ཤུགས་སྐུལ་སློང”གཙོ་བོར་བྱས་པའི་ཕྱོགས་སྒྱུར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཞིང་གསུམ་བྱ་གཞག་པུའུ་ལ་དངོས་གནས“ཞིང་གསུམ”ཞབས་ཞུའི“གསོན་ཤུགས་ལྡན་པ་དང་། འགུལ་ཤུགས་ཡོད་པ། ནུས་ཤུགས་ལྡན་པ”བྱས་ཏེ་རང་སྐྱོང་ལྗོངས་ཐུགས་བློ་བདེ་བ་དང་། སྤྱི་ཚོགས་བློ་ཡིད་ཚིམས་པ། རང་ངོས་འཕེལ་རྒྱས་གཏོང་རྒྱུར་འབད་འཐབ་བྱ་རྒྱུ་ཡིན།

(བཅུ་བཞི) འགོ་ཁྲིད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། གཅིག་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ། ལས་དོན་མི་སྣས་སྲིད་གཙང་ལས་སྒྲུབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་ཏན་གྱིས་རང་ངོས་ཀྱི་བློ་སྦྱོང་ཐད་ཤུགས་སྣོན་རྒྱབ་ཏེ་དཔའ་ངར་ཆེན་པོས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཀྲུང་དབྱང་དང་། སྤྱི་ཁྱབ་དངུལ་ཁང་། རང་སྐྱོང་ལྗོངས་དང་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་རུལ་རྒོལ་སྲིད་གཙང་འཛུགས་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་ནུས་པ་མཐོ་རུ་གཏོང་རྒྱུ། གཉིས་ནི“གནས་གཅིག་འགན་གཉིས”ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་རྒྱུ། རྫོང་ཁོངས་ཉིང་ལག་དངུལ་ཁང་གི་འགོ་ཁྲིད་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས“གནས་གཅིག་འགན་གཉིས”ལག་བསྟར་ནན་ཏན་གྱིས“འགོ་འཁྲིད་གཙོ་བོ”འཛུགས་སྐྱོང་བྱ་རྒྱུ་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་གལ་ཆེན་ནང་གི་དོན་ཆེན་དུ་འཛིན་ནས་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་ཚན་ལྔ་གཞིར་བཟུང་མི་འདེམས་བསྐོ་བྱེད་པའི་མིག་རྒྱང་རིང་དུ་བཏང་སྟེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་ཆུ་ཚད་མཐོ་བ། ལས་གཅེས་ཀྱི་སྙིང་སྟོབས་ཟབ་པ། དམངས་གཙོའི་སྤྱོད་ཚུལ་ལེགས་པ། མང་ཚོགས་ཁྲོད་སྙན་གྲགས་ཆེ་བའི་ཕུལ་བྱུང་ལས་བྱེད་པ་དངུལ་ཁང་ཁག་གི“འགོ་ཁྲིད་གཙོ་བོའི”ལས་གནས་སྟེང་བསྐོ་བཞག་བྱ་རྒྱུ། གསུམ་ནི་དཔྱད་བསྡུར་གྱི་སྐུལ་ལྕག་བྱེད་སྲོལ་འཛུགས་སྐྱོང་ཤུགས་ཆེར་གཏོང་རྒྱུ། དངུལ་ཁང་ཡོངས་ཀྱི་ལས་འབྲས་དཔྱད་བསྡུར་གྱི“ཁྲིད་སྟོན་གྱི་དབྱུ་གུ”ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཉེར་སྐྱོང་དམིགས་ཚད་ཀྱི་དཔྱད་བསྡུར་དཔྱད་ཞིབ་ཀྱི་རྩིས་རྒྱག་ཡོ་ཆས་བེད་སྤྱོད་ཀྱིས་ལོ་འཁོར་གྱི་ལས་ཀའི་སྤྱིའི་བླང་བྱ་དང་། སྤྱིའི་བསམ་ཕྱོགས། སྤྱིའི་དམིགས་ཚད་གཞིར་བཟུང་གཙོ་གནད་གཉེར་སྐྱོང་དམིགས་ཚད་ཀྱི་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཐོག་གཉེར་སྐྱོང་དམིགས་ཚད་དང་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་བསྡུར་དང་དཔུང་ཁག་གི་ལས་འབྲས་དཔྱད་བསྡུར་སྦྲེལ་མཐུད་བྱས་ཏེ་དཔའ་བོ་ཡིན་མིན་གྲུབ་འབྲས་ལ་བལྟ་རྒྱུ་དང་ཡོང་འབབ་ལེགས་རྐྱེས་ལ་བརྟེན་རྒྱུའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་མི་རྒྱུན་ཐོན་ཁུངས་དང་ནོར་དོན་ཐོན་ཁུངས་བཅས་གཙོ་གནད་གཉེར་སྐྱོང་སྒྲིག་གཞིར་ཕྱོགས་ལྷུང་བྱས་ཏེ་གཞི་རིམ་གཉེར་སྐྱོང་སྒྲིག་གཞིའི་དོ་དམ་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ། བཞི་ནི་རྫོང་ཁོངས་ཤེས་ཡོན་ཅན་གྱི་ལས་གྲྭ་མུ་མཐུད་ལག་བསྟར་བྱ་རྒྱུ། 《ཀྲུང་གོ་ཞིང་ལས་དངུལ་ཁང་གི་རྫོང་ཁོངས་གཞོན་ནུ་འཇོན་ཐང་ཅན་གསར་འཕེལ་ལས་གྲྭ་V2.0ཡི་ལག་བསྟར་ཇུས་གཞི》གཞིར་བཟུང་དངུལ་ཁང་ཏང་ཨུད་ཀྱི་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་འདེམས་སྒྲུག་བྱ་རྒྱུའི་སྐོར་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་གྱིས་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་རྫོང་ཁོངས་གཞོན་ནུ་ཤེས་ཡོན་ཅན་གསར་འཕེལ་གྱི་ལམ་སྲོལ་འཛུགས་སྐྱོང་བྱས་ཐོག་རྒྱུན་ཆད་མེད་པར་གཞོན་ནུ་འཇོན་ཐང་ཅན་གསོ་སྐྱོང་བྱས་ཏེ་མི་སྣ་འཇོན་ཐང་ཅན་ལས་གྲྭའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། རྫོང་ཁོངས་གཞོན་ནུ་རྐང་འཛིན་འཇོན་ཐང་ཅན་དང་འགོ་ཁྲིད་དཔུང་ཁག་གི་རྗེས་གྲབས་ལས་བྱེད་དཔུང་ཁག་གསོ་སྐྱོང་གང་མགྱོགས་བྱ་རྒྱུ་དང་། རྫོང་ཁོངས་གཞོན་ནུ་འཇོན་ཐང་ཅན་གསར་འཕེལ་ལས་གྲྭའི་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་ཀྱི་གཞོན་ནུ་འཇོན་ཐང་ཅན་གྱི་རྣམ་གྲངས་འཆར་བཀོད་གསུམ་གཞིར་བཟུང་རྫོང་ཁོངས་ཉིང་ལག་དངུལ་ཁང་ལས་ཚིགས་ཀྱི་འགན་འཁུར་མི་སྣ་དང་། ཧང་ཀྲང་གཞོན་པ། ཧང་ཀྲང་བཅས་ཁག་སོ་སོར་དེ་བསྟུན་གསོ་སྐྱོང་དང“གཞི་རིམ་དུ་སྦྱོང་བརྡར་དང་། ཚན་པའི་ནང་ཁོངས་སྤེལ་རེས། གོ་བསྐོས་གསོ་སྐྱོང”སོགས་ཆེད་དོན་གསོ་སྐྱོང་བྱ་ཐབས་ལག་བསྟར་གྱིས་རྫོང་ཁོངས་ཉིང་ལག་དངུལ་ཁང་གི་འབྱུང་འགྱུར་་གྱི་འགོ་ཁྲིད་སྟོབས་ཤུགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་གཞོན་ནུ་ལས་བྱེད་ལས་བཟོའི་ལས་སྒྲུབ་བྱ་གཞག་གཏོད་པའི་ངར་སེམས་སྐུལ་སློང་བྱ་རྒྱུ། ལྔ་ནི་མི་ཆོས་རིང་ལུགས་ཀྱི་ཐུགས་ཁུར་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། 《ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“མི་ཆོས་རིང་ལུགས་ཀྱི་ཐུགས་་ཁུར་ལ་ཤུགས་སྣོན་དང་གཞི་རིམ་ལས་བཟོར་གཅེས་སྐྱོང་བྱ་རྒྱུའི་སྐོར་གྱི”ལག་བསྟར་བསམ་འཆར》དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་ཁྱབ་དངུལ་ཁང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་ཀྱིས་ནང་ཁོངས་ཀྱི་སྐུལ་ལྕག་དང་ཁེ་ཕན་སྲུང་སྐྱོང་སོགས་མི་ཆོས་རིང་ལུགས་ཀྱི་ཐུགས་ཁུར་ལམ་སྲོལ་འཐུས་ཚང་འཛུགས་སྐྱོང་བྱས་ནས་ལས་བཟོ་ཚང་མའི་ལུགས་མཐུན་གྱི་ཁེ་ཕན་འགན་ལེན་ཡོད་པ་དང་། ལས་དོན་ཁག་ལ་ངར་ཤུགས་ལྡན་པ། མདུན་སྐྱོད་ཀྱི་ལམ་བུའི་སྟེང་འགུལ་ཤུགས་ལྡན་པ་བཅས་འགན་སྲུང་ཐུབ་པ་བྱས་ནས་ལས་བཟོ་ཚང་མའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་་བོད་ལྗོངས་ཞིང་ལས་དངུལ་ཁང་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་རྒྱུ་དང་། རྩ་འཛུགས་ཀྱིས་དངུལ་ཁང་ཡོངས་ཀྱི་ལས་བཟོར་གནང་བའི་ཆབ་སྲིད་ཐོག་གི་སྐུལ་ལྕག་དང་། ལས་ཀའི་ཐོག་གི་རྒྱབ་སྐྱོར། ཐོབ་ཐང་ཐོག་གི་འགན་སྲུང་། སེམས་ཁམས་ཐོག་གི་ཐུགས་ཁུར་བཅས་གང་ལེགས་མཚོན་པར་བྱས་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོ་ལུས་བདེ་སེམས་སྐྱིད་ངང་ལས་འཁོད་ཡོང་རྒྱུ་མངོན་འགྱུར་ཏན་ཏིག་ཐུབ་པ་བྱ་རྒྱུ།

(བཅོ་ལྔ) ཁེ་ལས་རིག་གནས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཅིག་ནི་རིག་གནས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་འཕེལ་གཏོང་རྒྱུ། “ཁ་དན་ཚིག་གནས་ཀྱིས་བྱ་གཞག་གཏོད་པ་དང་གཟབ་ནན་ལྷོད་མེད་ཀྱིས་དངུལ་ཁང་སྐྱོང”ཅེས་པའི་ཁེ་ལས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྟན་པོར་བཙུགས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུད་འཛིན་དང་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ། ཁེ་ལས་ཀྱི་རིག་གནས་གཞི་རིམ་དངུལ་ཁང་དུ་ལག་བསྟར་དོན་འཁྱོལ་དང་ཞོར་ནུས་ཐོན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་ཁོངས་ཀྱི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱབ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི“ཞིང་གསུམ”དངུལ་རྩའི་ཞབས་ཞུའི་རིག་གནས་ཀྱི་རྒྱུད་གཞི་ཞིག་ཆགས་པ་བྱ་རྒྱུ། གཉིས་ནི་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། སྨྱན་སྦྱོར་ཚན་པའི་ཁོར་ཡུག་འགྱུར་ལྡོག་གི་གནས་བབ་དང་བསྟུན་ནས་བརྒྱུད་སྤེལ་གྱི་རྣམ་པ་དང་ནང་དོན་གསར་གཏོད་བྱས་ཏེ་སྤྱོད་དུད་ཀྱི་མྱོང་ཚོར་བྱ་ཐབས་ལ་ལེགས་བཅོས་བྱས་ཐོག་སྤྱོད་དུད་ཀྱི་ཡིད་ཆེས་ཐོབ་ཚོར་དང་། བཀའ་དྲིན་ཚོར་ཚད། ལྷག་བསམ་རྣམ་དག་ལ་བརྟེན་ནས་ལས་སྒོ་ལེགས་སྒྱུར་ཐུབ་ཚད་མཐོ་རུ་་གཏོང་རྒྱུ། དངུལ་ཁང་ཡོངས་ཀྱི“ཞིང་གསུམ”ཞབས་ཞུའི་ཚོང་རྟགས་གཅིག་གྱུར་དོ་དམ་དང་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱབ་རྒྱུ་དང་བརྒྱུད་སྤེལ་གྱི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དངུལ་ཁང་གི་སྐད་གྲགས་གངས་ལྗོངས་ས་གཞི་ཆེན་པོའི་སྟེང་ཁྱབ་པ་བྱ་རྒྱུ། གསུམ་ནི་ཤེས་ཡོན་ཅན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུ། གཞི་རིམ་ལས་བཟོའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོར་ཤུགས་སྣོན་རྒྱབ་ནས་རྒྱལ་གཅེས་དང་། ལས་བརྩོན། དྲང་བཞག མཛའ་མཐུན་གྱི་རིན་ཐང་འདུ་ཤེས་གཏིང་ཟབ་བརྟན་བཙུགས་བྱ་རྒྱུ་དང་གཞི་རིམ་བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས་སོགས་རྩ་འཛུགས་ཀྱི་གོང་བུ་གཅིག་སྒྲིལ་དང་། མཐུན་སྦྱོར། དབང་སྲུང་དང་རྩ་འཛུགས་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱ་རྒྱུ། བཞི་ནི་ཁྲིམས་ལྟར་ལུགས་མཐུན་གཉེར་སྐྱོང་བྱ་རྒྱུ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ནས“སྤྱོད་དུད་གཙོར་འཛིན་བྱ་རྒྱུར་ནམ་ཡང་འགྱུར་བ་མི་གཏོང་བའི”ཞབས་ཞུའི་འདུ་ཤེས་ཤུགས་ཆེར་བཏང་ནས་བཀོལ་རིམ་འཆར་འགོད་དང་ལས་ཚིགས་ཀྱི་ཞབས་ཞུ་སོགས་གཙོ་གནད་ལྷུ་ཚིགས་དམ་འཛིན་གྱིས་ཞབས་ཞུའི་མྱོང་ཚོར་རྒྱུན་མཐུད་ལེགས་བཅོས་དང་། དངུལ་རྩའི་ཐོན་རྫས་རིམ་དབྱེའི་ལམ་ལུགས་དང་ཆ་འཕྲིན་ཁྱབ་བསྒྲགས་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ། འཛད་སྤྱོད་པས་གནས་ཚུལ་ཤེས་རྟོགས་ཀྱི་དབང་ཆར་སྲུང་སྐྱོང་བཅས་ཞིང་འབྲོག་མང་ཚོགས་ཀྱི་སློབ་གསོའི་ཞབས་ཞུའི་འགན་འཁྲི་དང་འོས་འགན་ལག་བསྟར་ཏན་ཏིག་བྱས་ནས་སྤྱི་དམངས་ཀྱི་ཉེན་ཟོན་ཉེན་འགོག་འདུ་ཤེས་གོང་མཐོར་གཏོང་རྒྱུ་བཅས་ཡིན།

(ཀྲུང་གོ་ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།