མི་བཀོལ་སྡེ་ཁག་གིས“ཆེས་གཞུག་མ་ཕྱིར་ཕུད་པའི”བྱེད་ཐབས་སྤྱད་དེ་ངལ་རྩོལ་གན་རྒྱ་མེད་པར་བཟོ་བ་ནི་ཁྲིམས་འགལ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་བསྒྲགས་པའི《རྒྱལ་ཡོངས་ཁྲིམས་ཁང་གི་དམངས་དོན་ཚོང་དོན་འདྲི་གཅོད་བྱ་བའི་གྲོས་ཚོགས〔དམངས་དོན་ཆ་ཤས〕ཀྱི་ཟིན་བྲིས་གནད་བསྡུས》སྟེང་གསལ་པོར་བསྟན་ཡོད་པ་སྟེ། མི་བཀོལ་སྡེ་ཁག་གིས་ངལ་རྩོལ་གན་རྒྱའི་དུས་ཡུན་གྱི་ནང་དུ“ཆེས་གཞུག་མ་ཕྱིར་ཕུད་པ”དང“ལས་རྐང་འགྲན་རྩོད་བྱེད་པ”སོགས་ཀྱི་རྣམ་པ་སྤྱད་དེ་རང་འདོད་ཀྱིས་ངལ་རྩོལ་གན་རྒྱ་མེད་པར་བཟོས་ན། ངལ་རྩོལ་པས་མི་བཀོལ་སྡེ་ཁག་གིས་ཁྲིམས་འགལ་སྒོས་ངལ་རྩོལ་གན་རྒྱ་མེད་པར་བཟོས་པར་བཤད་དེ། མི་བཀོལ་སྡེ་ཁག་ལ་མུ་མཐུད་དུ་ངལ་རྩོལ་གན་རྒྱ་ལག་བསྟར་བྱེད་པའམ་ཡང་ན་སྐྱིན་ཚབ་དངུལ་སྤྲོད་དགོས་པའི་རེ་བ་བཏོན་ཆོག

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་དོན་ཁྲིམས་ར་དང་པོའི་འགན་འཁྲི་པས་བསྟན་དོན། “ཆེས་གཞུག་མ་ཕྱིར་ཕུད་པར”བཤད་དེ་ངལ་རྩོལ་གན་རྒྱ་མེད་པར་བཟོས་མི་ཆོག་པ་དང་། ངལ་རྩོལ་གན་རྒྱ་མེད་པར་བཟོ་ན་ངེས་པར་ཁྲིམས་མཐུན་ཡིན་དགོས། ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ལ་བལྟས་ན། རང་རྒྱལ་གྱི་བཅའ་ཁྲིམས་སྟེང་དུ་མི་བཀོལ་སྡེ་ཁག་དང་ངལ་རྩོལ་པས་ངལ་རྩོལ་གན་རྒྱ་འཇོག་སྐབས“ཆེས་གཞུག་མ་ཕྱིར་ཕུད་པ”ཡི་རྣམ་པས་ངལ་རྩོལ་གན་རྒྱ་མེད་པར་བཟོས་ཆོག་པ་གཏན་འཁེལ་བྱས་མེད། དེ་ལས་ཁེ་ལས་ཀྱིས་དོ་དམ་ཞིབ་བཤེར་ཁྲོད་ཀྱི་ཆེས་གཞུག་མ་ཕྱིར་ཕུད་པ་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད།

རྒྱུས་ལོན་པ་ལྟར་ན། ཟིན་བྲིས་གནད་བསྡུས་དེའི་ནང་དུ་ད་རུང་ངལ་རྩོལ་རྩོད་གཞི་གཏུག་བཤེར་དང་ཐག་གཅོད། བདག་སྤྲོད་བཅས་བྱེད་པའི་ཁྲོད་ཀྱི་གནད་དོན་ཁ་ཤས་ཚད་ལྡན་དུ་བཏང་ཡོད་པས། ངལ་རྩོལ་གན་རྒྱའི་དོ་བདག་པས་ཁྲིམས་ལྟར་གཏུག་བཤེར་བྱེད་པར་སྟབས་བདེ་བཟོས་ཡོད་དོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།